རེ་བའི་འོད་སྣང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རེ་བའི་འོད་སྣང་།
རེ་བའི་འོད་སྣང་།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/21ལྟ་ཀློག (1959)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                   ཐུབ་བསྟན་ཤེས་རབ།  ༼བླ་བྲང་།༽

 དྲང་བདེན་དང་གནས་ལུགས་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་ཀུན་སྤྱོད་མཐོ་རུ་འདེགས་པའི་རླབས་ཆེན་གྱི་དར་ཆ་ཉག་གཅིག་ཡིན་ལ།དེ་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་། འདྲ་མཉམ། ཞི་བདེ་སོགས་གཞི་རྩའི་ཁེ་ཕན་མང་བོར་འོད་སྣང་གི་རེ་བ་སྦྱིན་པའི་ཉི་མའི་འོད་ཟེར་གཅིག་པ་དེ་ཡང་ཡིན།དེ་བས་ངས་འདིརདྲང་བདེན་བརྗོད་པའི་སྒོ་ནས་དྲང་བདེན་མི་ཡོང་བའི་རྒྱུ་རྐྱེན༽དངགནས་ལུགས་འཆད་པའི་ཞར་ལ་གནས་ལུགས་རྟོགས་པའི་ཐབས་ལམ༽ཞིག་འཚོལ་འདོད་དོ།། དེ་ཡང་དྲང་ཞེས་པ་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་ཕྱོགས་ལྷུང་བྲལ་བ་ཐིག་ལྟ་བུ་ཞིག་དང་།བདེན་ཞེས་པ་ནི་རྫུན་གྱས་མ་གོས་པའི་གསེར་ལྟ་བུ་ཞིག་ལ་བྱེད་སྙམ། དེ་བས་ངས་རང་ཉིད་ནས་མགོ་བརྩམས་ཏེ་དྲང་བདེན་ལ་ཡིད་རྟོན་བྱས་པའི་མཇུག་འབྲས་སམ།ཡང་ན་བདེན་དོན་ཞིག་ལ་ཡིད་གཏད་བཅོལ་བའི་ལོ་རྒྱུས་རགས་བཏུས་ཞིག་ངོ་སྤྲོད་བྱེད་དོ།།

     འདི་ནི་ལོ་ཉི་ཤུ་ལྷག་གི་འདས་སོང་ལ་ཕྱིར་དྲན་གྱི་སྙིང་སྟོབས་ཞིག་ཡིན་ཀྱང་སྲིད།དེས་ན་འདི་ནས་ངས་ང་ནི་ནོར་གནག་གི་ངུར་སྒྲའི་ཁྲོད་འཚར་སྐྱེས་བྱུང་ཞིང་། མི་ལོ་བཅོ་ལྔའི་གོམ་པའི་འདེགས་འཇོག་གི་སྣེ་མོ་ཆོས་སྡེ་ཆེན་པོ་ཞིག་གི་ཕྱོགས་སུ་བསྒྱུར་བའི་དུས་དེ་ནས་གླེང་བར་འདོད་དོ།།  སྤྱིར་སྐབས་དེའི་བོད་ནང་གི་ལོ་ཆུང་དེ་འདྲ་ཞིག་ཡིན་ན་བསམ་བློའི་ཆ་ནས་ཉམ་ཞན་ཉག་ཕྲ་ཞིག་ཡིན་པ་སྨོས་མི་དགོས་མོད།ང་རང་ཉིད་ལ་མཚོན་ན་མི་ཚེའི་ལྟ་སྟངས་ཀྱི་ཁྲོད་ནས་འདམ་གསེས་མེད་པ་དེ་འདྲ་ཞིག་མིན་ཏེ་ངའི་ཡུལ་ཕྱོཊ་ཀྱི༼བན་མ་རྒནབུད་མེད་བླངས་ནས་འཚོ་བ་རོལ་ཆོག་ལ་གཟན་ཤམ་གོན་ནས་གྲོང་ཆོག་བརྡ་ཆོག་པའི་སྡེ་ཚན་ཞིགམང་བོ་ཞིག་གི་སྤྱོད་པར་ཧ་ཅང་སུན་ནས་གྲྭ་བ་ཞིག་བྱེད་ན་སྟོན་པས་བཅས་པ་བརྩི་མཁན་གྱི་རབ་ཏུ་བྱུང་བ་ཞིག་དང་། གྲུབ་མཐའ་དགེ་ལུགས།ཡིག་ཆ་འཇམ་བཞད།གྲྭ་ས་བླ་བྲང་བཅས་ལ་མོས་བྱུང་། དེའི་ཉེར་ལེན་ནི་རང་གི་ཐོགས་མའི་བག་ཆགས་དག་ཡིན་སྲིད་ལ། བྱེད་རྐྱེན་ནི་རང་གི་ཆུང་དུས་ཀྱི་རྒན་དམ་པ་ཨ་ཁུ་བྱང་པོ་བཀའ་དྲིན་ཅན་ཀྱིས་སློབ་སྟོན་ལས་བྱང་བ་ཁོ་ན་ཡིན།

       ད་ལྟ་འདང་ཞིག་བརྒྱབ་ན་འདིས་ནི་ང་ལ་ཆོས་ལུགས་པ་ཞིག་གི་གཞི་རྩའི་བག་ཆགས་ཅུང་བརྟན་ཙམ་བཞག་ཡོད།འདིའི་སྐོར་ཡང་བདག་གིས་འཚོལ་སྙེག་གི་ལམ་ནས་རྙེདཔའིཡིད་འོང་གི་མེ་ཏོག་རྐང་གཅིག་སྟེ་ཁོ་བོའི་གཏམ་རྒྱུད་ཀྱི་དེབ་ཆུང་གཞན་དུ་བཀོད་ཡོད་པས་འདིར་དེ་ཙམ།གྲུབ་མཐའ་རྩ་བ་རྩོམ་དུ་ཕུལ་བས་མི་དབང་སྡེ་ཡི་ཁེངས་པ་ཕྲོགས།། སྒོ་མང་མཁན་པོའི་ཆོ་ལོ་བཞེས་ཏེ་པད་དཀར་འཛིན་པ་ཁྲི་རུ་བཏོན།།དཔལ་ལྡན་ཟླ་བའི་སྐུ་རུ་བཞེངས་ཏེ་སྡེ་བ་གཞུང་གི་གཡུལ་ངོ་བཟློགས།། ཆོས་རྗེ་བླ་མ་འཇམ་དབྱངས་བཞད་པ་བདག་གི་མགོན་དུ་ད་ཚུར་བྱོན།། གང་དེའི་ཆོས་སྲིད་ཟུང་གི་བསྟི་བའི་གནས།། བཀྲ་ཤིས་གཡས་འཁྱིལ་བོད་ཀྱི་ན་ལེན་དྲ།། སྡེ་འདིའི་ད་ལྟའི་གནས་བབས་འདིའོ་ཞེས།།དྲང་བདེན་སོར་རྩེས་བགྲང་བའི་གཏམ་འདི་ཉོན།།གོང་དུ་བཤད་པ་བཞིན་ངས་དྲང་བདེན་དང་གནས་ལུགས་ཀྱི་གཏམ་བརྗོད་ཀྱང་ང་གནས་སའི་ཁོར་ཡུག་འདི་ནས་འགོ་རྩོམ་རྒྱུ་ཡིན། དེ་ཡང་དེང་དུས་ཀྱི་དཔྱད་བརྗོད་པ་འགའ་ཞིག་ལྟར་རྒྱུ་མཚན་གང་ཡང་མེད་པར་བསྟོད་ནས་དགུང་དུ་འདེགས་པ་དང། གནས་ལུགས་ཅི་ཡང་མེད་པར་སྨད་ནས་དོང་དུ་འཕེན་པ་དེ་འདྲ་ནི་ནམ་མི་བྱེད་པ་ཁོ་བོ་མི་རིགས་ཀྱི་གལ་ཆེའི་རང་བཞིན་གྱི་གཞི་རྩའི་ཉམས་ཞིབ་པ་ཞིག་གིས་དམ་ཚིག་དང་བོར་བཀོད་ཡོད་པས་ཀློག་པ་པོས་ཡིད་རྟོན་གལ། མི་མང་བོ་ཞིག་གི་སེམས་ས་བླ་བྲང་ཟེར་བ་ནི་འོད་ཀྱི་གུར་ཁང་ཞིག་དང་ཞི་བདེའི་བསྟི་གནས་ཤིག་ཏུ་ངོས་འཛིན་བྱེད་མོད།  དོན་དངོས་སུ་དུས་ཀྱི་འཐོར་རླུང་མངོན་པར་གཡོ་བའི་ཁྲོད་ཀྱི་བླ་བྲང་ཡང་དེ་འདྲ་ཞིག་གཏན་ནས་མིན་ཏེ།འདི་ནའང་ས་ཆ་གཞན་དང་གཅིག་མཚུངས་ཀྱི་ཡུལ་ཕྱོཊ་ཀྱི་དབྱེ་འབྱེད་དང་།སྒེར་སྡོམ་གྱི་ལྟ་བ་ནི་མངོན་སུམ་འཛེམ་མེད་ཡིན། དེ་ལས་ཀྱང་སྲིད་ཕྱོགས་ནི་སྙོག་འཛིང་རྐྱང་བ་ཡིན་ལ།དེ་ལ་བརྟེན་ཆོས་ཕྱོཊ་ཀྱང་ཁྲ་ཁྲ་ཞིག་ཏུ་ལོག་ཡོད་པ། དཔེར་ན་ཆོས་ཀྱི་དབུ་ཁྲིད་དུ་རློམ་པའི་དགེ་བཤེས་མིང་ཅན་ཚོའང་འཇིག་རྟེན་ཁོ་ན་ལ་མགོ་འཁོར་འདུག་པས་སོ།།

      དོན་འདི་ལ་བརྟེན་ནས་ད་ལྟ་བླ་བྲང་ན་དགེ་བཤེས་གཅིག་ཀྱང་མེད་ཅེས་བཤད་ཕོད་དེ།དགེ་བཤེས་ཟེར་བ་ནི།པོ་ཏོ་བའི་དཔེ་ཆོས་ལས། ཐོས་པ་ཚུལ་བཞིན་བྱས་ནས་དེའི་དོན་ཉམས་སུ་ལེན་པ་ལ་དགེ་བཤེས་བྱའོ། ཞེས་དང་། ཨ་ལགས་ཤར་གདོང་རིན་པོ་ཆེས།རིག་གསར་སྔོན་ལམ་རིམ་གྱི་དཔེ་ཆ་ཞིག་འཚོལ་བ་ལས་ལམ་རིམ་ལ་བློ་སྦྱོང་བྱེད་པའི་དགེ་བཤེས་བཅུ་ཕྲག་འགའ་འཚོལ་བ་ལ་དཀའ་བ་མེད་ཀྱང་ད་ལྟ་ལྡོག་ཟླ་རུ་གྱུར་འདུག་གསུངས་པ་ནི་ཤིན་ཏུ་བདེན་ལ་དུས་དེ་རིང་གི་བླ་བྲང་ལ་མཚོན་ན་ནི་དེ་བས་ཀྱང་བདེན་པར་གྲུབ། འདིའི་སྔོན་ཏག་ཏག་ལ་ཐུགས་སྒམ་དཀྱེལ་ཆེ་ཞིང་ཕྱོགས་རིས་མེད་པ།ཐོས་བསམ་གྱི་མཐའ་ཆོད་པའི་དགེ་བའི་བཤེས་གཉེན་སངྒའི་མཚན་ཅན་ཡབ་སྲས་གཉིས་དུས་ཡིན་ཐུང་ངུའི་ནང་རིམ་བཞིན་གྲོངས་པ་ནས་བཟུང་།ཇི་སྐད་དུ།རྟ་ལུང་ལ་ས་རུབ་ན། ཁྱི་ལུང་ལ་ནམ་ལང་། ཟེར་བའི་དཔེ་ལྟར་ཆེན་པོའི་མིང་འཛིན་ཚོས་ནི་འགྲན་རྩོད་བྱེད་བཞིན་ཡོད་དེ། ཁྱོས་ལམ་རིམ་བཏོན་ན། ངས་གསེར་ཕྲེང་ཁྲིད།ཁྱོས་ལུང་བཏོན་ན།ངས་དབང་སྐུར་བཞིན་ཡོད་ལ།གནས་ལུགས་ཀྱི་མིག་ལོང་ཞིང་།ཕྱོགས་རིས་ཀྱི་རྣ་གཟེང་བའི་གྲྭ་བ་མང་བོ་ཞིག་འདི་ཡིན་མེད་པའི་ལམ་ལ་འཁྲིད་བཞིན་ཡོད་ལ་དེ་དག་ཀྱང་ཐེ་ཚོམ་མེད་པར་རྒྱུགས་བཞིན་ཡོད།

     དེ་བས་ཀྱང་ཚབས་ཆེ་བ་ནི་མི་རིགས་གཞན་གྱི་འདོད་བློ་བསྒྲུབ་ཆེད།མི་ལོ་བརྒྱ་ཕྲག་འགའི་ལོ་རྒྱུས་ལྡན་ཞིང་མི་ཚེ་ཐོས་པར་བསྟིམས་པའི་ལག་རྗེས་སྟེ་བོད་ཀྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་དེ་ཡང་བཀྲ་ཤིས་ལྷུན་པོ་དང་འདི་གཉིས་གཙོ་བྱས་ནས་རྩིས་མེད་དུ་གཏོང་བཞིན་ཡོད་དེ།འདི་ན་རྫ་སེར་ཤུལ་ཐོན་ན་རིག་ལུང་གཏོང་མི་ཐུབ་པའི་དཔེ་ཆ་བ་འགས་མགོ་འཕང་མཐོན་པོའི་དམ་བཅའ་འཇོག་རྐྱང་བྱེད་བཞིན་ཡོད། ལྷ་རམས་འདི་ཚོ་ལ་ནི་ཅང་གི་གྲས་སུའང་མེད་པའི་ང་ལྟ་བུ་ཞག་གིས་ཀྱང་རྟགས་གསལ་གཏོང་ཕོད་ལ་ཁས་ལེན་འཛིན་ཕོད། ཨ་ཙི་དཔལ་རི་བོ་དགེ་ལུགས་པའི་བསྟན་པ་འདི་ལ་ལྷག་བསམ་མཆོག་ཏུ་དཀར་བའི་ཆོས་གྲོགས་རྣམས་པ། ད་ནི་ང་ཚོ་སློབ་དཔོན་དབྱིག་གི་གཉེན་པོས།སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།།དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།།དེ་ཉིད་མ་མཐོང་རང་དགར་གྱར་པ་ཡི།། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།། ཞེས་དང་། བསྟན་པའི་སྒྲོན་མེས། ཀྱི་ཧུད་དགེ་ལྡན་བསྟན་པ་འདི།།བསམ་བཞིན་སྙིང་ནས་ཤེས་པ་འཕྱོ།།ཞེས་པའི་དུས་ལ་བབས་མི་འདུག་གམ།འདིའི་ནི་ང་ཚོ་བོད་ནང་ནའང་དགེ་བཤེས་མང་བོ་ཞིག་མེད་པ་མཚོན་མི་འདུག་གམ།གོང་དུ་བཤད་པ་འདི་དག་ནི་ངའི་མི་ལོ་ཉི་ཤུ་ལྷག་གི་རིང་དྲང་བདེན་གྱི་ལམ་ནས་དྲང་བདེན་མི་ཡོང་བའི་རྒྱུ་རྐྱེན་བཙལ་བའི་སྙིང་སྟོབས་ཀྱི་ཆ་ཤས་ཞིག་དབུགས་ཐེངས་གཅིག་གིས་བྲིས་པ་ཡིན་ལ།ད་རུང་དགོན་པ་དོ་དམ།ཆོས་ལུགས་དོ་དམ། རིག་རྫས་དོ་དམ། མི་སྣ་སྐྱེད་བསྲིངས། དད་ལྡན་མང་ཚོགས་ཀྱི་འདོད་བློ་སྐོངས་མ་ཐུབ་པ་སོགས་ཀྱི་སྐོར་ནས་མ་འཁྱོངས་པའི་ལོ་རྒྱུས་མི་ལོ་ཉི་ཤུའི་མཐོང་ཐོས་སུ་གྱུར་བ་མཐའ་དག་ཡིག་ལམ་དུ་འགོད་རྒྱུ་ནི་ང་རང་ཉིད་དགོན་པ་འདིའི་གྲྭ་རིགས་ཤིག་ཡིན་པས་ཤམ་ཐབ་ལྕག་རིའི་ཁྲེལ་དང་། མང་ཇ་འཐུང་གི་གླ་ལྟ་བུར་བརྩིས་ཡོད།

       རྒྱུ་མཚན་ནི་དགོན་པ་འདིའི་ཞན་ཆ་སྤྱི་སྡོམ་བྱས་ནས་ཞིབ་འདང་ཞིག་གནང་ན་སྡེ་འདི་ཕྱི་གཙང་ནང་གཙང་པད་མའི་སྦུབས་ལྟ་བུ་ཞིག་དང་།མགོ་གཙང་གཞུག་གཙང་བདུག་སྤོས་ཀྱི་དྲི་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ནི་ངས་རེ་བའི་ཉིང་དགོས་སུའང་བརྩིས་ཡོད།དེ་ལ་བརྟེན་ནས་ཆོས་ལུགས་པའི་ཞན་ཆ་ཡོངས་ལ་དག་བཅོས་བྱས་ནས།མཐར་བོད་བརྒྱུད་ནང་བསྟན་འདི་ཉིད་གོ་ལ་ཟླུམ་པོའི་ཁྱན་འདིར་གནས་པའི་འགྲོ་བ་སེམས་ཅན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་རྒྱུར་འགྱུར་ཏེ་ཐམས་ཅད་ལ་རེ་བའི་འོད་སྣང་སྦྱིན་པར་བདག་ལ་སེམས་གཏིང་ནས་ཡིད་ཆེས་ཡོད།།

                                                      ༢༠༡༢ལོའི<<མི་ཚེའི་འགན་འཁྲི>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41560688
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1