བྱ་བ་དང་སྐྲ་ལོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »བྱ་བ་དང་སྐྲ་ལོ།
བྱ་བ་དང་སྐྲ་ལོ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/23ལྟ་ཀློག (2018)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                    རྨ་ཁེར་ཉལ། ༼རྨ་ཆུ།༽

                              སྔོན་གླེང་།

   འདི་ནས་ངས༼བྱ་བ་དང་སྐྲ་ལོ༽ཞེས་པ་མ་བཤད་གོང་དུ་ང་ལ་རྒྱུས་མངའ་ཡོད་པའི༼ལུག་ཁྱུ་དང་ཤ༽ཞེས་པའི་གཏམ་རྒྱུད་ཐུང་ཐུང་ཞིག་བཤད།  ང་ལོ་བརྒྱད་ཀི་ཐོག་ཉིན་ཞིག་ངེད་སྡེ་བའི་ལུག་རྫི་དཔའ་རྡོ་ལ་ཁོའི་གྲོགས་པོ་ཚེ་རིང་གིས་ཁོ་ཚང་ལ་ཤ་ཟ་རྒྱུ་ཡོད་ཅེས་མགྲོན་དུ་བོས།དཔའ་རྡོས་ཤ་ཟ་འདོད་ཀྱི་ཧེབ་མགོ་དེ་མར་གནོན་མ་ཐུབ་པས་གྲོགས་པོ་ཚང་ལ་ཤ་ཟ་རུ་བུད་ཐལ།རེད།ཁོའི་ལོ་ངོ་དུ་མར་སེམས་ཀྱིས་གཅེས་ཤིང་ཚེགས་ཀྱིས་བསྐྱངས་པའི་ལུག་ཁྱུ་དེ་ཇ་ཐུན་གཅིག་གི་ཆེད་དུ་སྤྱང་ཚང་སྒོ་ཁར་བརྒྱབ་སྟེ་ཤ་ཟ་རུ་བུད་ཐལ། ཡིད་ལའང་མ་ཤར་བ་ཞིག་ལ།ཁོ་ཕྱིར་རང་གི་ལུག་ཁྱུའི་གམ་དུ་ཐོན་དུས་ལུག་བདུན་བརྒྱད་ཅིག་སྤྱང་ཀིས་བསད་འདུག་པ་མ་ཟད།ལུག་བཅུ་ཁ་ཞིག་རྨས་བཞག་ཡོད་ཀི  ད་རུང་ལུག་ཁྱུ་ལ་ལུང་ཀུན་ལ་བླ་མའི་ཕྱག་ནས་བཞིན་གཏོར་བཞག་ཡོད་པས་ཕྱིར་བརྫུམ་ཐབས་དཀའ་བའི་གནས་སུ་བསྐྱལ་འདུག

                              ༡

   གྲོགས་པོ་ཚོ་ངའིལུག་ཁྱུ་དང་ཤཞེས་པའི་གཏམ་རྒྱུད་ཐུང་ཐུང་དེ་བཤད་ཚར་སོང་། ཡིན་ནའང༼བྱ་བ་དང་སྐྲ་ལོཞེས་པ་ད་རུང་བཤད་ཚར་ཡོད་ནི་མ་རེད།འོ་རེད་ཡ།དེ་རིང་ངའི་གྲོགས་པོ་ཞིག་གིས་དོན་དག་འདི་འདྲ་ཞིག་བཤད་བྱུང་།རྫོང་སློབ་འབྲིང་གི་དགེ་རྒན་འགའ་ཤས་ཤིག་གིས་སྐྲ་ལོ་རིང་བོ་དེ་དང་དོན་དག་ག་གེ་མོ་རེར་ཁག་བཞག་ནས་ལོ་ངོ་དུ་མར་དཀའ་སྡུག་གིས་བསྐྱངས་པའི་སློབ་བུ་དག་བསྐྱུར་ཏེ་སློབ་གྲྭ་ནས་ཕྱིར་བུད་བཞག་རབ་བཤད་བྱུང་།རེད་ཡ།ངའི་བསམ་པར་འདི་ནི་ཆེས་སྤྱིར་སྟེང་གི་ལས་ཤིག་མ་ཡིན་པར་འདང་རྒྱག་་དགོས་སའི་མི་རབས་ཤིག་གི་གནད་དོན་རེད་འདོད།  སྐྲ་ལོ་རིང་བོ་དེ་ཁོ་ཚོའི་སེམས་ཁམས་དང་འཇིག་རྟེན་འདིར་བཅིངས་པའི་བརྩེ་འདང་དང་ལོ་ངོ་དུ་མའི་སློབ་ཁྲིད་ཁྲོད་བཞུར་བའི་དཀའ་སྡུག་གི་རྔུལ་ཁྲག་དེའི་རིན་དོད་ལས་བླ་རུ་འཕགས་ཡོད་དམ།ད་དུང་ཁོ་ཚོའི་སྐྲ་ལོ་རིང་བོ་དེ་ལོ་ངོ་དུ་མར་ཕྱི་ནང་གང་ཐད་ནས་འབྲེལ་འདྲིས་ལས་ཐོན་པའི་འོ་ཞོ་ལྟར་མངར་བའི་དགེ་སློབ་བར་གྱི་མཛའ་བརྩེའི་རིན་ཐང་དང་བསྡུར་ཐབས་ཡོད་དམ། དགེན་ལགས།ངས་འདི་ནས་ཁྱོད་ཚོའི་མི་གཤིས་ཀྱི་མི་གཤིས་གཞན་ཞིག་མཐོང་བ་ནི། ཁྱེད་ཚོའི་བསམ་བློའི་རིན་ཐང་ནི་འཇིག་རྟེན་འདི་ནས་དོར་ཡང་ཆོག་ལ་བཙལ་ཞིང་རྙེད་སྲིད་པའི་གསེར་དངུལ་ལས་མ་གྲུབ་པ་དགའ་འོས་ལ་བསྟོད་འོས་པ་ཞིག་རེད། ཡིན་ནའང་།ཁྱོད་ཚོའི་སྐྲ་ལོ་རིང་བོ་དེ་མི་རིགས་འདིའི་ཚེ་སྲོག་གི་རྒྱུད་སྐུད་ཡིན་ནམ། ཡང་ན་མི་རིགས་ཀྱི་དར་ཆ་ཡིན། གང་ལྟར་ཚེ་སྲོག་གི་རྒྱུད་སྐུད་དང་མི་རིགས་ཀྱི་དར་ཆ་གང་ལས་གྲུབ་ཅིང་།མཛེས་སྡུག་ཡིད་འོང་གི་ཚེ་སྲོག་ཆུང་ཆུང་དེ་དག་གི་འདུན་ལམ་ལས་ལྷག་པའི་གལ་ཆེ་ཞིང་གོང་ཁུག་སྤྱད་ཅིག་ཡིན་པ་ཁྱོད་ཚོ་རང་ཉིད་མ་གཏོགས་སུ་ཡིས་རྟོགས། འདི་ནི་མི་རིགས་ཤིག་གི་སློབ་སྟེགས་ལ་བུད་པའི་དགེ་རྒན་ཞིག་གིས་འགྲོ་སྟངས་ཡིན་པ་ཁྱོད་ཚོ་རང་ཉིད་མ་གཏོགས་སུ་ཡིས་ཤེས།འདི་ནི་མི་རིགས་ཤིག་གི་སློབ་སྟེགས་ལ་བཞག་པའི་དགེ་རྒན་ཞིག་གི་གཤིས་སྤྱོད་ཀྱིས་བྲིས་པའི་ཞབས་རིས་ཤིག་ཡིན་པ་ཁྱོད་ཚོ་རང་ཉིད་མ་གཏོགས་སུ་ཡིས་མཐོང་།དགེན་ལགས།སྡང་ཟེར་ན་དགེན་ཞེས་པའི་ཡི་གེ་ལ་ནག་ཐིག་ཕབ་ཀྱིན་འདུག བཀུར་ཟེར་ན་དགེན་ཞེས་པའི་ཡི་གེ་འདི་ཁྱོད་ཚོའི་སྐྲ་ལོའི་རིན་ཐང་ལས་དམན་པར་བཞག་འདུག ཁྱེད་ཅག་ཐུགས་ཁྲོ་མི་གནང་བར་ཞུ།ཅེས་ཕྱིར་ཞེ་ན།ངེད་ཀྱི་གྲོགས་པོ་དེས་བཤད་པ་རྫུན་ཡིན་དུས་ངས་བྲིས་པའང་རྫུན་ཡིན་པས་སོ།།

                            ༣

    སྤྱིར་རྩོམ་པ་བོ་ཞིག་ཡིན་ཕྱིན་ཉིན་གཅིག་གི་མཐོང་ཐོས་མྱོང་གསུམ་ཁྲོད་དུ་ཐུན་མིན་གྱི་དོན་དག་ཕྲ་མོ་ཞིག་ཡོད་ཚེ་དེ་ཟིན་བྲིས་སུ་འདེབས་རྒྱུ་གལ་ཆེན་ཡིན་རབས་རྩོམ་གྲོགས་འགའ་རེའི་ངག་ལས་ཐོས་རྐྱེན།  ངའི་རྩོམ་ཐུང་འདི་དེ་འདྲའི་ཁ་ཚང་ཞིག་མིན་ཡང་།བྱ་བ་དང་སྐྲ་ལོཞེས་པ་འདི་ཡིག་ཐོག་ལ་ཕབ་དོན་ནི་རྩ་བ་ནས་བྲེགས་ཀྱང་སླར་ཡང་སྐྱེ་སྲིད་པའི་མགོ་སྐྲ་ཞིག་གི་ཆེད་དུ་བགྲང་བྱ་འགའ་ལ་སེམས་ཀྱིས་གཅེས་ཤིང་ཚེགས་ཀྱིས་བསྐྱངས་པའི་ལུག་ཁྱུ་དེ་འདོར་ཐུབ་པའི་སྙིང་སྟོབས་དང་བསམ་གཞིག་ལ་ང་རང་མ་འཐད་པས།ལུག་ལ་བརྒྱུས་མངའ་དང་བརྩེ་དུངས་མེད་པའི་རྫི་བོ་ཞིག་གི་ལག་ཏུ་འཇོག་ཕོད་པ་ནི།དཔའ་རྟགས་ཤིག་ཡིན་ནམ་གླེན་རྟགས་ཤིག་ཡིན།ཡང་ན་མཁས་རྟགས་ཤིག ངས་བསམ་ན་དེ་གང་ཡང་མ་རེད།གནད་འགག་གི་གནད་འགག་ནི་རང་ཉིད་ཀྱི་ལས་ཀར་འགན་འཁུར་དང་བརྩེ་དུངས་མེད་པའི་ལས་བྱོལ་བ་ཞིག་གི་འགྲོ་སྟངས་ལས་ངའི་གནད་འགག་གི་གནད་དོན་གཞན་ཞིག་མ་རྙེད་ཐལ། གང་ལྟར་བརྒྱ་བཤད་དེ་སྟོང་བྲིས་ཀྱང་མཚན་མོ་དེར་འུ་ཚང་གི་ལྷས་འདབས་ན་སྤྱང་ཀི་ཡོད་པ་ཁྱོད་ཚོས་ཚོར་གྱི་ཡོད་ཕྱིན།  ལུག་ཁྱུ་བསྐྱུར་ནས་ཕོ་ཉུལ་དུ་འགྲོ་བ་ནི་ཁྱོད་ཚོའི་གླེན་རྟགས་སམ་ཚེ་གང་གི་ནོར་འཁྲུལ་ཞིག་ཏུ་སེམས། ། 

                               ༢༠༡༠ ༧ ༣༠འི་ཉིན་སེམས་ཀྱི་ན་ཟུག་དེའི་ཆེད་དུ་བྲིས། 

                                               ༢༠༡༢ལོའི<<མི་ཚེའི་འགན་འཁྲི>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
kh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41550505
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1