སློབ་མ་ཚེ་ཐར་སྐྱིད་ཀྱི་བཏུས་རྩོམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »སློབ་མ་ཚེ་ཐར་སྐྱིད་ཀྱི་བཏུས་རྩོམ།
སློབ་མ་ཚེ་ཐར་སྐྱིད་ཀྱི་བཏུས་རྩོམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/10/27ལྟ་ཀློག (6528)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨ་ཇོ།

རྒྱང་རིང་ཡུལ་ན་གནས་པའི།། སྙིང་གི་ཨ་ཇོ་ལོ་ལོ།

ཁྱེད་རང་དྲན་བཞིན་དྲན་བཞིན།། མིག་ཆུ་ས་ལ་བསགས་ཐལ།།

 

བདག་གི་རྨི་ལམ་ནང་ནས།། ཨ་ཇོ་ཁྱེད་ལ་མཇལ་བྱུང།།

ཁྱེད་ཀྱི་བསམ་དོན་འགྲུབ་པའི་།།གསོལ་འདེབས་སྙིང་ནས་བཏབ་སོང་།།

 

ཨ་ཇོ་དྲན་གདུང་ལྕི་བས།། མགོ་བོའི་སྐྲ་ལོ་དཀར་སོང་།།

ཨ་ཇོ་མེད་པའི་བུ་མོ།།སྐྱིད་པའི་ཐབས་ཤིག་མ་བྱུང་།།

 

བདག་གིས་རེ་སྒུག་བྱས་ཡོད།། ཁྱེད་རང་མྱུར་དུ་ཕེབས་ཤོག།

ཞི་བདེ་དར་ཆ་བསྒྲེངས་པའི།། ཨ་ཇོ་ཚེ་རིང་ལོ་བརྒྱ།།

 

རྒྱང་རིང་ཡུལ་གྲུ་དེ་ནས།།ཁྱེད་རང་སྐྱིད་པོ་ཨེ་འདུག།

ཁྱེད་རང་དྲན་པའི་སྐྱོ་བ།།བརྗོད་ནས་ཚར་རྒྱུ་མི་འདུག།

 

ལྷོ་ལ་འཕུར་བའི་ཁྲུང་ཁྲུང་།།མི་སྐད་གོ་ན་དགའ་བ།།

བུ་མོའི་སེམས་ཀྱི་གཞས་འདི།། ཨ་ཇོས་ཐོས་ན་བསམ་བྱུང་།།

 

ཨ་ཇོ་ཁྱོད་ཀྱི་སྐྱོ་བ།། བུ་མོས་ལས་ཀྱིས་མྱངས་ཡོད།།

ཨ་ཇོ་རྒ་བའི་ཉམས་འགྱུར།། བུ་མོར་ན་ཟུག་བསླངས་སོང་།།




       དུས་བཞི།

 

                               དཔྱིད།

             རྩྭ་རྩི་ཤིང་མྱུ་གུ་འབུས་པའི་དུས།།

             ལུག་འབའ་འབའ་རྩེད་འཇོ་རོལ་བའི་དུས།།

             ཆུ་དྭངས་མོ་ཆབ་རོམ་ཞི་བའི་དུས།།

             ཤིང་སྣ་ཚོགས་གཡུ་ལོ་རྒྱས་པའི་དུས།།

 

                              དབྱར།

            བྱ་བྱེའུ་སྐད་སྙན་སྒྲོགས་པའི་དུས།།

            སྤང་མེ་ཏོག་དཀར་དམར་བཞད་པའི་དུས།།

            བྱ་ཁུ་བྱུག་གསུངས་སྐད་སྙན་བའི་དུས།།

            ཤིང་གཡུ་ལོ་རྣམ་པར་བཀྲ་བའི་དུས།།

 

                              སྟོན།

           འབྲུ་ལོ་ཏོག་འབྲས་བུ་སྨིན་པའི་དུས།།

           ལུག་ཚེར་མོའི་བལ་ཁ་འཇམ་པའི་དུས།།

           འབྲུ་ཐུལ་མོའི་ནུ་ཁ་གང་བའི་དུས།།

           བོད་རོང་འབྲོག་སྣང་བ་སྐྱིད་པའི་དུས།།

                             དགུན།

                  རི་མཐོན་པོ་ཁ་བས་གཡོགས་པའི་དུས།།

                  ཆུ་དྭངས་མོ་འགྲམ་དར་ཆགས་པའི་དུས།།

                  གངས་ཁ་ཆར་བུ་ཡུག་འཚུབ་པའི་དུས།།

                  རང་འབྲོག་པའི་སེམས་པ་སྨྲེང་པའི་དུས།།




 ང་ད་དུང་བུ་མོ་ཆུང་ཆུང་ཡིན།

                  

   ང་གཤེས་གཉེན་དམ་པའི་མདུན་དྲུང་ནས།།

                     ངས་ཤེས་རིག་འོ་ཆུ་འཐུང་བཞིན་ཡོད།།

                     ངས་མ་འོངས་ཕུགས་མདུན་འཚོལ་བཞིན་ཡོད།།

                     ང་ད་དུང་བུ་མོ་ཆུང་ཆུང་ཡིན།།

 

                    ང་མཐའ་མེད་ཤེས་བྱའི་ཐང་དཀྱིལ་ན།།

                     ངས་ཤེས་རིག་མེ་ཏོག་འཐུ་བཞིནཡོད།།

                     ངས་ཕུ་ནུའི་རེ་བ་སྐོང་བཞིན་ཡོད།།

                     ང་ད་དུང་བུ་མོ་ཆུང་ཆུང་ཡིན།།

                  

                     ང་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ན།།

                     ངས་རིན་ཆེན་ནོར་བུ་འཚོལ་བཞིན་ཡོད།།

                     ངའི་མདུན་བསྐྱོད་གོམ་སྒྲ་ལྷོད་མ་མྱོང།།

                     ང་ད་དུང་བུ་མོ་ཆུང་ཆུང་ཡིན།།

                      ང་རྨ་ཆེན་གངས་རིའི་འདབས་རོལ་ན།།

                      ངས་གངས་ལྷ་མེ་ཏོག་འཐུ་བཞིན་ཡོད།།

                      ང་བྱ་རྒོད་བཞིན་དུ་འཕུར་བཞིན་ཡོད།།

                      ང་ད་དུང་བུ་མོ་ཆུང་ཆུང་ཡིན།།

                      ང་རྨ་ཆུ་འབྲི་ཆུའི་བར་མཚམས་སུ།།

                      ངས་ཕ་མེས་སྲོལ་བཟང་སྐྱོང་བཞིན་ཡོད།།

                      ངས་ལེགས་ཉེས་དབྱེ་བ་འབྱེད་བཞིན་ཡོད།།

                      ང་ད་དུང་བུ་མོ་ཆུང་ཆུང་ཡིན།།



                                      ཨ་ཅེ་འབྲོག་མོ།

                  

བྱམས་བརྩེ་དྲོད་མོ་ཉི་འོད་ལས་འཇམ་པའི་ཨ་ཅེ་འབྲོག་མོ།།

           སེམས་པ་དཀར་པོ་གངས་རི་ལས་དཀར་བའི་ཨ་ཅེ་འབྲོག་མོ།།

            སྐྱེས་གཟུགས་དྲང་མོ་མེ་ཏོག་ལས་ཡག་པའི་ཨ་ཅེ་འབྲོག་མོ།།  

            རང་གཤིས་འཇམ་པོ་ལྷ་མོ་ལས་ལྷག་པའི་ཨ་ཅེ་འབྲོག་མོ།།

        

རྒན་པ་བཀུར་བསྟི་མིག་འབྲས་བཞིན་བརྩི་བའི་ཨ་ཅེ་འབྲོག་མོ།།

གཞོན་པ་བྱམས་སྐྱོང་དུང་སེམས་ཀྱིས་ཁེངས་པའི་ཨ་ཅེ་འབྲོག་མོ།།

རྒན་གཞོན་རིས་མེད་ལྷ་མོ་དང་འདྲ་བའི་ཨ་ཅེ་འབྲོག་མོ།།

ཡ་རབས་ཀུན་སྤྱོད་མཛེས་སྡུག་གིས་བརྒྱན་པའི་ཨ་ཅེ་འབྲོག་མོ།།

 

ནངས་དགོང་བཞོ་དབྱངས་ཁུ་བྱུག་ལ་འགྲན་པའི་ཨ་ཅེ་འབྲོག་མོ།།

རྟ་ནོར་འཚོ་སྐྱོང་འབད་འབུངས་ལ་འཐམས་པའི་ཨ་ཅེ་འབྲོག་མོ།།

སྦྲ་ནག་སྨུག་པོའི་གཏམ་རྒྱུད་ལ་འཁེན་པའི་ཨ་ཅེ་འབྲོག་མོ།།

གནའ་བོའི་མེས་པོའི་སྲོལ་རྒྱུན་ལ་འཆང་བའི་ཨ་ཅེ་འབྲོག་མོ།།

དབང་མེད་སྐྱོ་བས་གནས་ཡུལ་དེ་འགྲིམ་པའི་ཨ་ཅེ་འབྲོག་མོ།།

ལང་ཚོའི་མེ་ཏོག་རྫ་ཁ་ནས་ཟད་པའི་ཨ་ཅེ་འབྲོག་མོ།།

ཡིད་ཀྱི་བརྩེ་བ་རུམ་ཀོང་ནས་རྒས་པའི་ཨ་ཅེ་འབྲོག་མོ།།

བདེན་པའི་གནས་ལུགས་ངག་སྒྲོས་སུ་འཁྱིལ་བའི་ཨ་ཅེ་འབྲོག་མོ།།

གཞན་ཕན་ལྷག་བསམ་དོན་དངོས་སུ་བགྲངས་པའི་ཨ་ཅེ་འབྲོགམོ

རང་ཕམ་མི་ཞུམ་སྙིང་སྟོབས་ལ་འཁུ་བའི་ཨ་ཅེ་འབྲོག་མོ །།

མདོར་ན་སུ་ཡིན་འདྲ་མཉམ་དུ་བཀུར་བའི་ཨ་ཅེ་འབྲོག་མོ།།

དྲན་པའི་གཞས་ཆུང་མིག་ཆུ་ལ་འཐིམས་པའི་ཨ་ཅེ་འབྲོག་མོ།།

ལ་ཁའི་སྨུག་པ་འཕྱོར་ལྭ་རུ་བརྫུས་པའི་ཨ་ཅེ་འབྲོག་མོ།།

གངས་རི་དཀར་བོ་སྔས་མགོ་རུ་བཀུར་བའི་ཨ་ཅེ་འབྲོག་མོ།།

རྫ་ཆུ་སྔོན་མོ་སེམས་ཁོང་དུ་བསྙལ་བའི་ཨ་ཅེ་འབྲོག་མོ།།

མོ་སྒོ་ཡག་པ་བསམ་ཡུལ་ལས་འདས་པའི་ཨ་ཅེ་འབྲོག་མོ།།

གྲོགས་པོའི་འཕྲིན་ཆུང་སྙིང་ཁོང་ལ་སྦ་བའི་ཨ་ཅེ་འབྲོག་མོ།།

བྱུ་དམར་སྐེ་རྒྱན་བྲང་ངོས་སུ་དཔྱངས་པའི་ཨ་ཅེ་འབྲོག་མོ།།

དྲན་པའི་ལོ་ཟླ་མཛུབ་བར་ནས་རྫོགས་པའི་ཨ་ཅེ་འབྲོག་མོ།།

མ་བཅོས་སེམས་གཏམ་སྦྲ་འདབས་ནས་བརྗོད་པའི་ཨ་ཅེ་འབྲོག་མོ།།

ཕ་མས་ཅི་གསུངས་དང་ལེན་རང་བྱེད་པའི་ཨ་ཅེ་འབྲོག་མོ།།

མཛའ་བོས་གང་བཅོལ་བསླུ་མེད་དུ་བསགས་པའི་ཨ་ཅེ་འབྲོག་མོ།།

རུ་སྡེ་ཁྲ་མོ་རང་ཡུལ་བཞིན་བཀུར་བའི་ཨ་ཅེ་འབྲོག་མོ།།

གང་སོང་ས་ནས་འཛུམ་མདངས་ལ་འཁྲེང་བའི་ཨ་ཅེ་འབྲོག་མོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41109652
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1