ཁཱ་ཤཱིའི་ཚེ་རིང་ལགས་དང་ཁོས་བསྒྲུབས་པའི་གངས་ལྗོངས་རྔ་ཡུལ་ཚོང་བའི་སློབ་གྲྭ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» ཤེས་ཡོན་པའི་སྡེ། »ཁཱ་ཤཱིའི་ཚེ་རིང་ལགས་དང་ཁོས་བསྒྲུབས་པའི་གངས་ལྗོངས་རྔ་ཡུལ་ཚོང་
ཁཱ་ཤཱིའི་ཚེ་རིང་ལགས་དང་ཁོས་བསྒྲུབས་པའི་གངས་ལྗོངས་རྔ་ཡུལ་ཚོང་བའི་སློབ་གྲྭ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/10/27ལྟ་ཀློག (15821)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རིགས་ཞེན་གྱི་འོད་དཀར་ཁོངས་ན་འཚེར་བའི་ཚོང་རམས་པ་ཁཱ་ཤཱིའི་ཚེ་རིང་ལགས་དང་ཁོས་བསྒྲུབས་པའི་གངས་ལྗོངས་རྔ་ཡུལ་ཚོང་བའི་སློབ་གྲྭ།


རྔ་བའི་ཚོང་བ་རྣམས་ཀྱིས་སློབ་གྲྭ་ལེགས་གྲུབ་ཀྱི་དགའ་སྟོན་ཐོག་དར་ཁ་འཐེན་པ།

 

སྐབས་དང་བོའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་རྣམས།

 

རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སྒོ་ཆེན།

 

ད་ལྟའི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཕྱིའི་སྒྲིག་འཛུགས།

རྔ་བའི་ཚོང་རམས་པ་ཁཱ་ཤཱིའི་ཚེ་རིང་འོས་སྦྱོར་ཕྲན་བུ།    

      ད་ལྟའི་སི་ཁྲོན་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ནི་སྔར་གྱི་གངས་ལྗོངས་རྔ་ཡུལ་ཚོང་བའི་སློབ་གྲྭ་དང་ཀིརྟི་དགོན་ནང་བསྟན་གཞོན་ནུའི་སློབ་གྲྭ་གཉིས་ལྷན་གཅིག་ཏུ་བསྡོམས་ནས་གྲུབ་པ་ཞིག་ཡིན།


       ༄༅། །གངས་ལྗོངས་རྔ་ཡུལ་ཚོང་བའི་སློབ་གྲྭ་ནི་རྩམ་དྲི་འོ་དྲི་འཐུལ་བའི་བོད་པ་རྣལ་མ་སྟེ་རང་མི་རིགས་ལ་ཤ་ཚ་ཞིང་ང་ཚོ་ལ་བརྩེ་ཞེན་དང་འོད་སྣང་གི་དྲོད་ཐིག་འཁྱིལ་བའི་རྔ་བའི་ཚོང་རམས་པ་ཁཱ་ཤཱིའི་ཚེ་རིང་ལགས་༼ལུག་ལོ༥༩ཡིན༽ཀྱིས་བཙུགས་པ་ཡིན། ཁོང་ནི་རྔ་བའི་ཁཱ་ཤཱི་སྡེ་བའི་བོན་རྒན་སང་ཞེས་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཁྱིམ་ནས་ནར་སོན་པ་དང་སློབ་གྲྭ་འགྲིམ་མ་མྱོང་བའི་ཞིང་བ་རྣལ་མ་ཞིག་ཡིན། ཁོང་གིས་ཚོང་ལས་བྱེད་པའི་ལོ་ཟླ་རིང་མོའི་ནང་དུ་ཡི་གེ་མ་ཤེས་པའི་མྱོང་ཚོར་རབ་དང་རིམ་པ་ཞིག་ཐོབ་པ་དང་། ལྷག་ཏུ་སྡེ་གྲོགས་ཚོང་རམས་པ་ཁཱ་ཤཱིའི་སྨན་བསོད་རྒྱ་མེ་སོགས་ཀྱིས་གཞན་ཕན་གྱི་ལས་དོན་མང་བོ་བསྒྲུབས་པ་དང་རྔ་བའི་ཚོང་བ་རྣམས་ཀྱི་དངོས་ཤུགས་བརྒྱུད་གསུམ་གྱིས་མི་རིགས་ལ་རྒྱའི་བདེན་དོན་བསྲུང་ཞིང་སྤྱི་དམངས་ལ་ཕན་པའི་ཞབས་འདེགས་ཀྱི་ལས་ཀ་རེ་རེས་ཁོང་ལ་བག་ཆགས་ཟབ་མོ་བཞག་རྐྱེན་ཁོང་གིས་མིག་རྒྱང་རིང་བོར་བལྟས་ཏེ་རང་གི་ཚོང་ལས་འཕེལ་རྒྱས་ལ་སོན་ཚེ་རང་མི་རིགས་འདི་དང་མི་རབས་རྗེས་མ་རྣམས་རང་ལྟ་བུའི་ཡིག་རྨོངས་པ་ཞིག་མི་ཡོང་བའི་ཆེད་དུ་སློབ་གྲྭ་འཛུགས་རྒྱུའི་ཆོད་སེམས་དྲག་པོ་ཞིག་ཤ་གསེང་རུས་གསེང་དུ་ཚུལ་ཇི་ལྟར་སྐྱེས་ཡོང་བ་ཞིབ་ཏུ་ཤོད་ཐབས་བྲལ་ཡང་མདོར་དྲིལ་ན།

        སྤྱི་ལོ་༡༩༨༧ལོ་ནས་བཟུང་ཁོང་གིས་སྣེ་ཁྲིད་ཀྱང་རྔ་བའི་ཚོང་བ་རྣམས་ཀྱིས་མ་བགྲོས་གཅིག་མཐུན་གྱིས་རང་མི་རིགས་ཀྱི་བླ་སྲོག་ལྟ་བུའི་བོད་པ་ཚང་གི་སྐད་ཡིག་གི་ལས་དབང་བསམས་ནས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་རྣམས་ལྷན་དུ་བསྡུས་ནས་ཟ་འཐུང་ཙམ་མ་ཡིན་པར་དེ་རིང་གི་གནམ་རྒན་མའི་འོག་ནས་སང་ཉིན་གྱི་བརྗོད་དོན་ལ་དབུ་ཁྱུད་འབྲི་དགོས་པར་ཆོད་སེམས་བརྟན་པོ་བཞག་ཁར་བོད་རིགས་ས་གནས་ལས་བྱེད་པ་ཡང་གླིང་རྡོ་རྗེ་སོགས་འགོ་བ་མང་བོ་གདན་འདྲེན་ཞུས་ཏེ་བོད་མི་རིགས་ཀྱི་རིག་གནས་ཀྱི་ཕྱོགས་ལ་ཕན་བསྐྱེད་ཆེ་བའི་སློབ་གསོ་མང་བོ་གནངས་ཤིང་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་ཆེན་སློབ་མ་ཡང་མཉམ་དུ་འཛོམས་ནས་ཆ་མི་སྙོམས་པའི་འཇིག་རྟེན་གྱི་གྲུ་ག་རེ་དང་གླེང་མི་ཚར་བའི་སྙིང་གཏམ་གང་མང་རུམ་དུ་བཅུག་མྱོང་ལ། ༧གངས་རིའི་མགོན་པོ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱིས་བཀའ་ཤོག་བཀའ་ཐམ་སོགས་གནངས་རྗེས་ཁོ་ལ་སྔར་ལས་ལྷག་པའི་ལྷག་བསམ་གྱི་ཁོ་ལག་ཡོངས་སུ་རྫོགས་ཏེ་རང་གི་ཁེ་གྲགས་ཙམ་མ་ཡིན་པའི་མི་རིགས་སློབ་གསོའི་དབུགས་རྒྱུན་གསོ་བའི་ལས་ཀ་འདིར་གསོན་ཤུགས་རྒྱས་ཡོད།

        ཡིན་ནའང་འདས་པའི་ལོ་རྒྱུས་ཀྱི་ཕངས་སེམས་གང་མང་དེའི་དབང་གིས་ཁོང་གིས་ཟ་མཁས་འཐུང་མཁས་བྱས་ཤིང་ཚོང་གྲོགས་རྡོར་ཁོས་བསམ་བློས་རོགས་སྐྱོར་གང་མང་ཐོབ་མཐར་སྤྱི་ལོ་༡༩༨༨ལོའི་ཟླ་བ་༤བའི་ནང་དུ་དམངས་སྒོར་ཁྲི་༥༤བཏང་ནས་གངས་ལྗོངས་རྔ་ཡུལ་ཚོང་བའི་སློབ་གྲྭ་དེའི་ལས་མགོ་བཟུང་ཞིང་སྤྱི་ལོ་༡༩༩༠ལོའི་ཟླ་བ་༣པའི་ཚེས་༡༥ཉིན་གངས་ལྗོངས་རྔ་ཡུལ་ཚོང་བའི་སློབ་གྲྭའི་སློབ་མགོ་དངོས་སུ་ཚུགས་པ་ཡིན། ཉིན་དེར་རྔ་ཡུལ་གྱི་ཚོང་བ་རྣམས་ཀྱིས་མི་རིགས་དང་སློབ་གསོའི་རྒྱབ་སྐྱོར་ཕྲ་ཞིང་བོད་རིགས་ཀྱི་སློབ་གྲྭ་སྐམ་ལ་ཕྱོགས་པའི་དུས་སྐབས་ཤིག་ཕར་བསྐྱལ་ནས་གསེར་འོད་ལམ་ལམ་འཕྲོ་བའི་སློབ་གྲྭའི་ཁང་བརྩེགས་ཆེན་མོའི་སྒོ་ཁར་ ༼ གངས་ལྗོངས་རྔ་ཡུལ་ཚོང་བའི་སློབ་གྲྭ༽ འི་སྒོ་བྱང་བཀལ་ནས་ང་ཚོ་ལ་འཐོབ་འོས་པ་མང་པོ་ཞིག་གི་སྐོམ་གདུང་སེལ་བའི་རེ་སྒུག་གི་རླུང་རྟ་སྤུར་བ་སུ་ཡིས་ཚོར།

        དང་ཐོག་སློབ་གྲྭ་དེའི་ནང་དུ་འཛིན་གྲྭ་གཅིག་ལས་མེད་པ་དང་དགེ་སློབ་ཡོངས་ལ་མི་གྲངས་ལྔ་བཅུ་ལྷག་ལས་མེད། དེང་སང་སློབ་གྲྭ་འདི་ལ་སློབ་མ་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་ནང་ཡོད་པ་དང་ཁོ་ཚོ་ཚང་མ་ནི་རོང་འབྲོག་ས་ཁུལ་ནས་ཡོང་བའི་བོད་རིགས་བྱིས་པ་ཏག་ཏག་ཡིན། དེང་དགེ་སློབ་ཡོངས་ལ་མི་གྲངས་གཅིག་སྟོང་གཉིས་བརྒྱ་ལ་ཉེ་བའི་གཞི་ཁྱོན་ཆེ་བའི་སློབ་གྲྭ་འདིའི་རྨང་གཞི་འདིང་མཁན་ནི་གདོང་དམར་བའི་ཁྲག་དྲོན་དང་ལ་རྒྱའི་ཟིལ་ཤུགས་ཆེ་བའི་ཝུ་རག་བཙན་པོ་ཁཱ་ཤཱིའི་ཚོང་རམས་པ་ཚེ་རིང་ལགས་རེད་པས།

        ཁོང་གི་ལྷག་བསམ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་རང་རིགས་ལ་དགའ་ཞེན་དང་། ཆོས་ལུགས་ལ་བཀུར་བ། མི་རིགས་ལ་མཐུན་སྒྲིལ་བྱེད་པ་སོགས་ཀྱིས་རྫོང་རིམ་པ་དང་ཁུལ་རིམ་པའི་དབུ་ཁྲིད་ཚོས་ཕུལ་བྱུང་དཔེ་ལེགས་པའི་གཟི་བརྗིད་དཔང་ཡིག་གང་མང་གནངས་པ་སྤྱི་དམངས་ཀྱིས་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད།

ཁོང་ནི་རང་ས་ནས་འཇམ་ཇག་གེར་མི་སྡོད་པར་རྔ་བའི་ཚོང་བ་རྣམས་ཀྱི་མཐུན་སྒྲིལ་གྱི་དཔུང་རྡང་འོག་ནས་གཞི་རྒྱ་ཆེ་བའི་གངས་ཅན་མཁས་པའི་རྟགས་མ་ཐེངས་གཉིས་ལ་གནམ་མཁར་ཟི་ལིང་དུ་བསྡུས་པར་མཉམ་ཞུགས་བྱས་ཤིང་ད་ལོར་ཡང་རྔ་བའི་ཚོང་བ་རྣམས་ཀྱིས་ཁྲོ་བོ་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་སློབ་གསོའི་བསླབ་དེབ་ཁ་སྐོང་བསྡུས་དེབ་ཅིག་དཔར་བསྐྲུན་བྱེད་རྩིས་ལ་རོགས་དངུལ་ཁྲི་༣༠བྱས་པ་སོགས་སུ་དགའ་མོས་ཀྱིས་མཉམ་ཞུགས་མཉམ་ལས་ལ་སྤྲོ་སྣང་གིས་ཁེངས་པ་ཞིག་གོ །

        འདི་ལྟར་དུས་ཀྱི་འཕེལ་འགྲོས་མྱུར་ཞིང་ཤེས་རིག་འགྲན་རྩོད་ཀྱིས་དུས་འདའ་བའི་ཤེས་རིག་དཔལ་འབྱོར་གྱི་དུས་སུ་སླེབས་པས་ང་ཚོའི་ཕ་ཡུལ་གྱིས་མཚོན་པའི་གངས་ལྗོངས་འདི་ཡིག་རྨོངས་ཀྱིས་ཁེངས་ནས་སྡོད་མི་རིགས་ཞེས་ནན་གྱིས་གསུངས་ཤིང་ཕུགས་བསམ་ཞིག་ཡོད་ཚེ་དེ་ལ་གྲུབ་འབྲས་ཤིག་ཡོད་ངེས་ལ་ངའི་གྲུབ་འབྲས་སུ་བགྲང་གིན་པའི་བྱ་བ་ཐམས་ཅད་རྔ་བའི་ཚོང་བ་རྣམས་ཀྱི་རྒྱབ་སྐྱོར་ཐོབ་པ་ལས་འཁྲུངས་པ་མ་གཏོགས་ཕྲན་གཅིག་བུའི་གཟི་བརྗིད་ཅིག་གཏན་ནས་མིན་པར་གསུངས། ད་དུང་ངས་ཕ་ཡུལ་དང་མི་དམངས་ལ་བསྒྲུབས་པའི་ལས་བྱ་གང་ཞིག་ཡིན་རུང་དེ་ནི་རང་གི་འོས་འགན་ཡིན་ཟེར་བཞིན་རླབས་ཆེན་གྱི་ཁེ་ལས་པ་ཁོང་ཉིད་སྐུ་འཚོ་བཞུགས་གནང་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 7 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྦྲ་སར་ཚེ་རིང་བསམ་འགྲུབ། སྤེལ་དུས:2015/2/11
ངོ་མ་བཀའ་དྲིན་ཆེ། རྗེས་སུ་ཡིད་རིང་ཡོད། ང་ཚོ་ལ་འདི་དང་འདི་འདྲ་བའི་བྱ་བ་བསྒྲུབ་མཁན་མི་ཉུང་བ་རེ་ཡོད་རྒྱུ་ན་དེ་ལས་འཕེལ་རྒྱས་སུ་འགྲོ་བ་ནི་སྨོས་མ་དགོས
 སྤེལ་མཁན: བློ་བཟང་དཔལ་ལྡན། སྤེལ་དུས:2015/2/11
རྗེས་སུ་ཡིད་རང་ཡོད་བཀའ་དྲིན་ཆེ།
 སྤེལ་མཁན:  སྤེལ་དུས:2014/7/9
བོན་ཚེ་ལགས་ནས་བཏབས་པའི་སློབ་ཆུང་དེའི་མིང་ལ་ད་ལྟ་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་སློབ་ཆུང་གསུམ་པ་སོགས་མིང་སྣ་ཚོགས་འདོག་གི་ཡོད་ན་ཡང་།དོན་ལ་གནས་ཤིང་མིང་དང་མཐུན་པ་ནི་བོན་ཚེའི་སློབ་གྲྭ་ཟེར་ན་ཧ་ཅང་འགྲིག་པར་སེམས།
 སྤེལ་མཁན:  སྤེལ་དུས:2014/2/12
ངོ་མ་རྗེས་སུ་ཡིད་རིང་དང་བཅས་ང་ཚོ་ལ་འདི་དང་འདི་འདྲ་བའི་བྱ་བ་བསྒྲུབ་མཁན་མི་ཉུང་བ་རེ་ཡོད་རྒྱུ་ན་དེ་ལས་འཕེལ་རྒྱས་སུ་འགྲོ་བ་ནི་སྨོས་མ་དགོས
 སྤེལ་མཁན:  སྤེལ་དུས:2013/12/2
ད་དུང་འདི་དང་འདི་ལྟ་བུའི་སློབ་གྲྭ་མང་པོ་ཞིག་རང་ཅག་ཁ་བ་ཅན་གྱི་ས་གནས་མང་པོ་ཞིག་ལ་མཁོ་གལ་ཆེ་འདུག་པས ། སྦྱིན་བདག་ཉིད་ཀྱིས་ཐུགས་སེམས་རེ་སྒོང་རོགས་ཞུ་ཞུ
 སྤེལ་མཁན:  སྤེལ་དུས:2013/12/2
ལམ་ཕྱོགས་འདི་མགྲིག་འདུག་པས་ང་ཚོས་སྔར་ལས་ཧུར་བརྩོན་བྱ་རྒྱུ་གལ
 སྤེལ་མཁན:  སྤེལ་དུས:2013/10/2
རྔ་བ་ན་ཚོང་བ་མང་ཞེས་པའི་གཏམ་དཔེ་དེ་ཙམ་མ་ཡིན་པར་འདི་ལྟ་བུའི་བོད་ཀྱི་ལྷག་བསམ་པ་མང་བོ་ཡོད་ཆོག་རྒྱུ་རེད་བསམ་ཡོད། ངོ་མ་རྗེས་སུ་ཡི་རངས་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41174378
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1