མང་།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འགྲན་བསྡུར་རྩོམ་ཡིག »མང་།
མང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/10/28ལྟ་ཀློག (5032)རྩོམ་ཁུངས: པར་འདེབ།

 

མཐོ་གཉིས་འཛིན་གྲྭའི་གསེར་འཇམ་དབྱངས་བསོད་ནམས།

གཙང་རིགས་སྐལ་བཟང་རྣམ་འདྲེན་ལ་ལད་ཟློས་བྱས་པ།

ཤེས་རིག་ནོར་བུའི་གླིང་གི་སྐྱེད་ཚལ་ན། །

ལྔ་ཟུང་གནའ་དེང་རིག་པའི་མེ་ཏོག་མང་། །

དྲིན་ལྡན་དགེ་རྒན་རྣམ་པའི་ཞལ་སྒོ་ན། །

མ་རིག་མུན་པ་སེལ་བའི་སྒྲོན་མེ་མང་།།

 

བརྩོན་ལྡན་སློབ་གྲོགས་མང་བོའི་བློ་ངོ་ན།།

སློབ་དཔོན་ཐོན་མིའི་ཐུགས་ཀྱི་ཉིང་ཁུ་མང་།།

སྐབས་བབས་བསླབ་བྱ་དག་གི་བར་གསེང་ན།།

མཁས་པའི་ཁྲི་ལ་འཛེག་པའི་ཐེམ་སྐས་མང་།།

 

ལོ་ཟླའི་འཁོར་སྐྱོད་བརྩེགས་མའི་བརྒྱུད་རིམ་ན།།

དགེ་རྒན་དམ་པ་རྣམས་ལ་འོ་བརྒྱལ་མང་།།

འཛིན་གྲྭ་གོང་འོག་དགུ་ཡི་མཐའ་འཁོར་ན།།

ཁོམ་མེད་ཚོགས་པ་བཞི་ལ་རྔུལ་ཆུ་མང་།།

 

ཤེས་བྱའི་ལོ་ལེགས་སྨིན་པའི་ཞིང་ས་ན།།

བརྩོན་པའི་འབྲས་བཟང་ཐོབ་པའི་སློབ་མ་མང།།

བཞིན་བཟང་བཀྲ་ཤིས་མ་ཡི་འགྲམ་རྩ་ན།།

ལེ་ལོའི་ཆང་གིས་བཟི་བའི་སྣ་ནག་མང་།།

 

བསམ་མེད་བྱིས་པ་མང་བོའི་གློ་ཁུག་ན།།

ཕ་མའི་རྔུལ་ཆུས་གྲུབ་པའི་སྒོར་མོ་མང་། །

ལྡུམ་ཚོང་ཨ་ཅེ་རྒྱ་མོའི་རྒྱ་ཁ་ན།།

རིན་གོང་བློ་ལས་འདས་པའི་སིལ་ཏོག་མང་།།

 

ཐབས་མཁས་སྒོ་སྲུང་རྒད་པོའི་ཚོང་་ཁང་ན།།

སྒོར་ཁུག་སྟོང་བར་སྒྱུར་བའི་དངོས་རྫས་མང་།།

དལ་མེད་ཇ་ཁང་ཚང་གི་ཟ་མ་རུ།།

ལྕེ་ལ་གདུང་བ་སྟེར་བའི་ཚ་ཁུ་མང་།།

 

སློབ་གྲོགས་སྤྱོད་ངན་འགའ་རེའི་ཉེ་འཁོར་ན།།

མཚན་མོར་གསར་བཟོ་བྱས་པའི་སྐོམ་ཆུ་མང་།།

ཁང་ཤར་བཅོ་ལྔ་བ་ཡི་གཡོན་ཕྱོགས་ན།།

བྲེལ་ཚུབ་ཆེན་པོས་དོར་བའི་ཆབ་ཆེན་མང་།།

 

མདོར་ན་ཡ་རབས་སློབ་མའི་ལུས་སྟེང་ན།།

རིན་ཐང་གཞལ་དུ་མེད་པའི་ནོར་བུ་མང་།།

དྲན་འཕྲུལ་བློ་རིག་རྒོད་པོའི་རང་སེམས་ན།།

གཞན་གྱིས་རྟོགས་པར་དཀའ་བའི་གསང་བ་མང་།།

    ༢༠༡༣   


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/6/6
གཙང་སྐལ་གྱི་རྩོམ་དེ་མཐོང་མྱོང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14600504
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号