ན་ཆུང་གཞས་པ་མགར་བསམ་འགྲུབ་ཚེ་རིང་གི་གླུ་གཞས་ཆེད་བསྒྲིགས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 17 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» གཞས་ར་ཁྲ་མོ། »ན་ཆུང་གཞས་པ་མགར་བསམ་འགྲུབ་ཚེ་རིང་གི་གླུ་གཞས་ཆེད་བསྒྲིགས།
ན་ཆུང་གཞས་པ་མགར་བསམ་འགྲུབ་ཚེ་རིང་གི་གླུ་གཞས་ཆེད་བསྒྲིགས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/11/3ལྟ་ཀློག (9279)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལས་དབང་བསམ་ནག་ཨེ་རེད།

ཚིག  སེང་རྡོར།

དབྱངས།   མགར་བསམ་འགྲུབ་ཚེ་རིང་།  

གཞས་མཁན། མགར་བསམ་འགྲུབ་ཚེ་རིང་།


སོ་སོའི་ལུང་པར་སྐྱེས་ཏེ།།
རང་རང་ཡུལ་ནས་འཚར་ཏེ།།
མི་ཚེའི་ད་ཚོད་ཅིག་ལ།།
ལྷན་འཛོམས་འཁྱུག་ཙམ་རག་སོང་།།
 
ལས་དབང་ཟེར་ཡ་འདི་རེད།།
སྟེས་དབང་ཟེར་ཡ་འདི་རེད།།
ཆ་མེད་ཕོ་མོའི་བར་ཐག །
རིང་ཡང་ཐུང་ཡང་འདི་རེད།།

ཕོ་རྐྱང་མོ་རྐྱང་ཡིན་དུས།།
ཐུག་རྒྱུའི་བློ་ཞིག་མེད་ཅིང་།།
གནས་མ་བུ་ཁྲིད་ཡིན་དུས།།
ད་གཟོད་ག་ཤེད་ཐུག་འོང་།།
 
གོ་སྐབས་ཡོད་དུས་མི་ཐུག །
བཀོད་པ་མེད་དུས་འཕྲད་ཡོང་།།
ལས་དབང་བསམ་ནག་ཨེ་རེད།།
ཁ་ཡིག་སྐོར་ལོག་ཨེ་རེད།།




དེང་རབས་ན་གཞོན་གཞས་པ་མགར་བསམ་འགྲུབ་ཚེ་རིང་ངོ་སྤྲོད་མདོར་བསྡུས།  

གཞས་པ་མགར་བསམ་འགྲུབ་ཚེ་རིང་ནི།

སྐྱེས་ལོ1988ལོའི་སྤྱི་ཟླ་4བའི་ཚེས12ཉིན།  

ཕ་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ།   

རང་ལོ་བདུན་གྱི་སྟེང་ནས་བཟུང་གླུ་གར་སྒྱུ་རྩལ་གྱི་ལམ་ཁར་ཞུགས་ཤིང་ཞང་དང་རྫོང་རིམ་པ་ནས་དགའ་སྟོན་དང་འགྲན་སྡུར་སོགས་སུ་བྱ་དགའ་ཨང་དང་པོ་མི་ཉུང་བ་ཐོབ་མྱོང་། དཔེར་ན1997ལོར་འབའ་རྫོང་ནས་བསྡུས་པའི་སྐབས་དང་པོའི་རྡུང་ལེན་འགྲན་སྡུར་སྟེང་བྱ་དགའ་ཨང་དང་པོ་ཐོབ། དམིགས་སུ་ཞུ་རྒྱུ་ཞིག་ལ་སྐབས་དེར་མཚོ་ལྷོ་ཕྱོགས་ན་གླུ་བ་རྒན་པ་རེ་མ་གཏོགས་ཕལ་ཆེར་ཡོད་ས་མ་རེད། རང་ལོ་བཅོ་ལྔའི་སྟེང་ཆེས་ཐོག་མའི་རྡུང་ལེན་ཆེད་སྒྲིག རྨི་ལམ་གྱི་གཏམ་རྒྱུད༽ཅེས་པ་འགྲེམ་སྤེལ་བྱས།   རིམ་བཞིན༼ཕ་མའི་རེ་སྙེགས་དང་བྱམས་པ་ཆུ་མིག་དགུ་སྒྲིལ་སོགས་ཆེད་སྒྲིག་བཞི་ཙམ་འགྲེམ་སྤེལ་བྱས། 2011ལོར་གླུ་བ་ནམ་མཁའ་དང་ལྷན་ཏུ་མཉམ་འབྲེལ་འོད་སྡེར༼ཁུ་སིམ་སིམ་གྱི་ལོ་ཟླ༽ཞེས་པའི་འོད་སྡེར་ཅིག་འགྲེམ་སྤེལ་བྱས། རེབ་དེ་ནས་བཟུང་ཁོ་རང་དེང་གཞས་ཕྱོགས་ལ་ཅུང་ཁ་ཕྱོགས་པ་དང2012ལོར་པེ་ཅིན་ལ་སོང་ནས་མ་སྐྱེས་ཨ་མའི་རོལ་ཚོགས་ནང་ཞུགས་ནས་ལེན་མཁན་གཙོ་བོའི་འགན་ཁུར། ལོ་དེར་སི་ཁྲོན་བརྙན་འཕྲིན་ཁང་གི་གཙོ་སྒྲུབ་མཛད་པའི(中国藏歌会)སྟེང་དུ་གདན་ཞུའི་གླུ་བ་བྱས་ཤིང་། ཀྲུང་དབྱངས་བརྙན་འཕྲིན་ཁང་སོགས་ཀྱིས་ཀྱང་གདན་ཞུ་མང་དུ་བྱས། 2013ལོར་ནང་སོག་ནས་བསྡུས་པའི་འཛམ་གླིང་རོལ་མོའི་དུས་སྟོན(世界音乐荟)སྟེང་དུ་རོལ་ཚོགས་གདན་ཞུ་དང་  དེ་མིན་ཧྲང་ཧྭེ་ནས་ཀྱང་ཟླ་ངོ་གཉིས་ལྷག་ལ་འཁྲབ་སྟོན་བྱས2013 ལོའི་ཟླ་སྤྱི་ཟླ་བཅུ་བའི་ནང་ཁོའི་དེང་གཞས་ཆེད་སྒྲིག་གསར་པ༼ཚེ་འབར་གྱི་མར་མེ༽འགྲེམ་སྤེལ་བྱས་པ་དང་རྒྱ་ཆེའི་ཉན་མཁན་ཚོས་ཀྱང་དགའ་བསུ་བླ་ལྷག་ཐོབ། ཁོས་ཆེད་སྒྲིག་དེའི་ཐད་ལ་སྒེར་ངོས་ནས་ཚེགས་དང་བརྩོན་པ་མི་ཉུང་བ་བྱས་པས་སྒྲ་དང་བརྙན་སོགས་རྒྱུ་སྤུས་ཀྱི་ཐད་ནས་ཡང་ཅུང་ཚད་ལྡན་དུ་བརྩི་ཆོག   ལྷག་ཏུ་ཆེད་སྒྲིག་པར་སྐྲུན་འགྲེམ་སྤེལ་ཆེད་ཚོགས་ཤིག་ཀྱང་གནའ་མཁར་ཟི་ལིང་ནས་འཚོགས་ཐུབ་བྱུང་བར་མ་ཟད་ཆེད་ཚོགས་འོད་སྡེར་ཡང་ཚོང་རྭར་འགྲེམ་ཐོན་བྱུང་། དེ་བས་ཁོའི་དེང་གཞས་ཆེད་སྒྲིག་གསར་པ་འདི་བོད་ཁུལ་གྱི་དྲ་བ་སོ་སོ་རླུང་འཕྲིན་ཁང་སོགས་ནས་ཀྱང་གདེངས་འཇོག་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་འདུག    ཉེ་ལམ་ཁོ་རང་གི་གནའ་མཁར་ཟི་ལིང་ནས་༡༠༡༤ལོའི་མི་སྒེར་གླུ་ལེན་ཆེད་ཚོགས་ཤིག་སྤེལ་རྒྱུར་གྲྭ་སྒྲིག་བྱེད་དང་བྱེད་བཞིན་ཡོད།

གཞས་པ་མགར་བསམ་འགྲུབ་ཚེ་རིང་གིས་ནམ་ཡང་བཤད་འདོད་པ་ནི། 

གླུ་སྐད་དེ།  ང་ལ་ཨ་མ་ལགས་ཀྱིས་གནང་བ་ཡིན་ཙང་།
འགྱུར་ཁུགས་དེ།  ང་ལ་གངས་རིའི་ཚོགས་ཀྱིས་བསྡེབས་པ་ཡིན་ཙང་།
ཞི་བདེ་དང་ཟིལ་ཤུགས་ཀྱིས་འདེགས་པ་དེ།
དྲོད་འཇམ་དང་རྔམ་བརྗིད་ཀྱིས་འཇོག་པ་དེ།
ང་ཡི་ཨ་མའི་ཞལ་རས་ཡིན།
ང་ཡི་ཁ་བའི་མཛེས་པ་ཡིན།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས། གླིང་དུག་སྦྲང་།
འདྲེན་བཀོལ:

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རང་ལོ་བཅོ་ལྔ སྤེལ་དུས:2018/2/19
གཞས་སྙན་མོ་བཏང་ཡོད་ཀི
 སྤེལ་མཁན: སྦྲ་སར་ཚེ་རིང་བསམ་འགྲུབ། སྤེལ་དུས:2015/3/17
གཞས་པ། མགར•བསམ་འགྲུབ་ཚེ་རིང་ལགས། ངོ་མ་གཞས་སྙན་མོ་བཏང་ཀི རྒྱ་སྐྱོར་ཡོད།👍
 སྤེལ་མཁན:  སྤེལ་དུས:2014/7/13
ན་ཆུང་གཞས་པ་མགར་བསམ་འགྲུབ་ཚེ་རིང་གི་ངོ་མ་གཞས་སྙན་མོ་བཏང་ཡོད་ཀི
 སྤེལ་མཁན:  སྤེལ་དུས:2013/11/4
ངོ་མ་གཞས་སྙན་མོ་བཏང་ཡོད་ཀི
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12609408
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号