ཆོས་བརྡ། གསེར་རྟ་བླ་རུང་ནས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། » ཆོས་བརྡ། གསེར་རྟ་བླ་རུང་ནས།
ཆོས་བརྡ། གསེར་རྟ་བླ་རུང་ནས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/11/7ལྟ་ཀློག (2840)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །བོད་ཆུ་སྦྲུལ་ལོའི་ཟླ་བ་དགུ་བའི་ཚེས༡༨ཉིན་ནས་ཉིན་བདུན་གྱི་རིང་ལ་བླ་རུང་ཞིང་སྒྲུབ་ཆེན་མོ་འཚོགས་རྒྱུ་ཡིན་པས་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་ཆོས་བརྡ་འདི་བཏང་བ་ཡིན་ལགས།


         ཉིན་དང་པོའི་ཚེས་༡༨ཉིན་གྱི་སྔ་དྲོར་བླ་མ་མུ་མཚོས་དབང་གསུང་རྒྱུ་དང་།

         ཕྱི་དྲོ་མཁན་ཆོས་ཐོས་ནང་ཆོས་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གསུང་བཤད།

         ཚེས་༡༩ཉིན་གྱི་སྔ་དྲོར་མཁན་ཁྱབ་བརྡལ་གྱིས་མཐུན་སྒྲིལ་གྱི་སྐོར་གསུང་རྒྱུ་ཡིན་པ་དང་།

         ཕྱི་དྲོར་མཁན་རིག་ལྔས་སྐད་ཡིག་གི་སྐོར་གྱི་གསུང་བཤད།

         ཚེས༢༠ཉིན་གྱི་སྔ་དྲོར་དབང་དང་།

         ཕྱི་དྲོར་མཁན་གཙང་རིག་ནས་དམ་པ་གསུམ་གསུང་རྒྱུ་དང་།

         ཚེས་༢༡ཉིན་གྱི་སྔ་དྲོར་མཁན་བརྩོན་འགྲུས་མཐར་ཕྱིན་གྱིས་དཀར་ཟས་སྐོར་གསུང་རྒྱུ་དང་།

         ཕྱི་དྲོར་མཁན་སྟོབས་ལོས་གཉེན་པོ་སྟོབས་བཞི་གསུང་རྒྱུ།

         ཚེས༢༢ཉིན་གྱི་སྔ་དྲོར་དབང་དང་།

         ཕྱི་དྲོར་མཁན་ཚུལ་ཁྲིམས་ཀྱིས་ནང་ཆོས་ཀྱི་ཆེ་བ་གསུང་རྒྱུ་དང་།

         ཚེས་༢༣ཉིན་གྱི་སྔ་དྲོར་མཁན་རིག་དར་གྱིས་དགེ་བཅུའི་ངོ་སྤྲོད་གསུང་རྒྱུ།

         ཕྱི་དྲོར་མཁན་མཁྱེན་བརྩེས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་གསུང་རྒྱུ་དང་།

         ཚེས་༢༤སྔ་མའི་ཉིན་གྱི་སྔ་དྲོར་དབང་དང་།

         ཕྱི་དྲོར་མཁན་ཆོས་འཕེལ་གྱིས་བློ་ལྡོག་རྣམ་པ་བཞི་གསུང་རྒྱུ་དང་།

         ཚེས་༢༤ཕྱི་མའི་ཉིན་གྱི་སྔ་དྲོར་མཁན་ཆོས་དབྱིངས་ཉི་མས་དགེ་བ་བཅུ་གསུང་རྒྱུ།

         ཕྱི་དྲོར་མཁན་ཀུན་བཟང་གིས་སྐྱབས་སྡོམ་དང་སྲུང་བྱའི་སྐོར་གསུང་རྒྱུ་ཡིན་པས་དེ་ལྟར་ཐུགས་ལ་འཛིན་རྒྱུ་དང་ལྷག་པར་དུ་ཐམས་ཅད་ཀྱི་ཐུགས་ལ་ངེས་དགོས་པ་ཞིག་ལ་ཞིང་སྒྲུབ་ཉིན་བདུན་གྱི་རིང་ལ་ཤ་སྤང་དགོས་པ་དང་དད་ལྡན་མང་ཚོགས་རྣམས་ཁྱིམ་ལ་ཆས་པའི་སྐབས་གསེར་རྟ་རྫོང་ནས་ཤ་མི་ཉོ་རྒྱུ་ཐུགས་ལ་འཛིན་པར་ཞུ་ཞུ།
 

བླ་རུང་ཆོས་སྡེ་ཆེན་མོ་ནས།

                        བརྒྱུད་བསྐུར་གནང་རོགས་ཞུ་ཞུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42013701
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1