འོས་འགན་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 5 ཚེས 24 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བཅའ་ཁྲིམས་ཤེས་བྱ། »འོས་འགན་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁ
འོས་འགན་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/11/11ལྟ་ཀློག (7591)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼༡༩༨༦ལོའི་ཟླ༤པའི་ཚེས༡༢ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ་དང་། ༢༠༠༦ལོའི་ཟླ༦པའི་ཚེས༢༩ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་བཟོ་བཅོས་བྱས།༽ 


དཀར་ཆག 
ལེའུ་དང་པོ། སྤྱིའི་དོན་ཚན། 
ལེའུ་གཉིས་པ། སློབ་མའི་སྐོར། 
ལེའུ་གསུམ་པ། སློབ་གྲྭའི་སྐོར། 
ལེའུ་བཞི་པ། དགེ་རྒན་སྐོར། 
ལེའུ་ལྔ་པ། སློབ་གསོའི་སློབ་ཁྲིད་སྐོར། 
ལེའུ་དྲུག་པ། གྲོན་དངུལ་འགན་སྲུང་སྐོར། 
ལེའུ་བདུན་པ། ཁྲིམས་འབྲེལ་ཁུར་འཁྲི་སྐོར། 
ལེའུ་བརྒྱད་པ། ཞར་བྱུང་དོན་ཚན། 
  
                        ལེའུ་དང་པོ། སྤྱིའི་དོན་ཚན། 
དོན་ཚན་དང་པོ། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་འོས་འགན་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་སྲུང་དང་། འོས་འགན་སློབ་གསོ་ལག་ལེན་བྱེད་པར་ཁག་ཐེག མི་རིགས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བའི་ཆེད་དུ། རྩ་ཁྲིམས་དང་སློབ་གསོའི་སྐོར་གྱི་བཅའ་ཁྲིམས་གཞིར་བཟུང་སྟེ། བཅའ་ཁྲིམས་འདི་བཟོས་པ་ཡིན། 
དོན་ཚན་གཉིས་པ། རྒྱལ་ཁབ་ཀྱིས་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་ལེན་བསྟར་རྒྱུ། 
འོས་འགན་སློབ་གསོ་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་གྱི་སྒོ་ནས་ལག་ལེན་བསྟར་བའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཡོད་ཚད་ཀྱིས་ངེས་པར་དུ་དང་ལེན་བྱ་དགོས་པའི་སློབ་གསོ་ཡིན་ལ། རྒྱལ་ཁབ་ཀྱིས་ངེས་པར་དུ་འགན་སྲུང་བྱ་དགོས་པའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཀྱང་ཡིན།
འོས་འགན་སློབ་གསོ་ལག་ལེན་བསྟར་བར། སློབ་ཡོན་དང་སློབ་གྲོན་རྩག་རྩིག་བསྡུ་རྒྱུ་མིན།

རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་བཙུགས་ཏེ། འོས་འགན་སློབ་གསོའི་ལམ་ལུགས་ལག་ལེན་བསྟར་བར་ཁག་ཐེག་བྱ་རྒྱུ། 
དོན་ཚན་གསུམ་པ། འོས་འགན་སློབ་གསོར་མཚོན་ན་ངེས་པར་དུ་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་དང་བྱང་ཚད་སློབ་གསོ་ལག་ལེན་བསྟར་ཐོག་སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་ནས། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་ཀུན་སྤྱོད་དང་ཤེས་རིག་གཟུགས་གཞི་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་། ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་རྨང་གཞི་འདིང་དགོས། 
དོན་ཚན་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཡིན་ཕྱིན། ཕོ་མོ་དང་མི་རིགས། རིགས་རྒྱུད། ཁྱིམ་ཚང་དབུལ་ཕྱུག ཆོས་ལུགས་དད་མོས་སོགས་ཀྱི་དབྱེ་བ་མི་འབྱེད་པར་བཅའ་ཁྲིམས་ལྟར་འདྲ་མཉམ་གྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། འོས་འགན་སློབ་གསོ་དང་ལེན་བྱེད་པའི་འོས་འགན་ཡོང་བསྒྲུབ་རྒྱུ། 
དོན་ཚན་ལྔ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་པའི་འགན་འཁྲི་ཁག་ལག་བསྟར་བྱས་ཏེ། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་འོས་འགན་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་སྲུང་བྱ་དགོས།

སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་བཅའ་ཁྲིམས་ལྟར་དེ་དུས་ཐོག་ཏུ་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་ལེན་བྱེད་པ་མ་ཟད་ལེགས་འགྲུབ་ཀྱང་ཡོང་བའི་ཁག་ཐེག་བྱ་དགོས། 
བཅའ་ཁྲིམས་ལྟར་འོས་འགན་སློབ་གསོ་ལག་ལེན་བསྟར་བའི་སློབ་གྲྭས་གཏན་འབེབས་བྱས་པའི་ཚད་གཞི་ལྟར་སློབ་གསོའི་སློབ་ཁྲིད་ལས་འགན་ལེགས་འགྲུབ་བྱེད་པ་དང་། སློབ་གསོའི་སློབ་ཁྲིད་སྤུས་ཚད་ཁག་ཐེག་བྱ་དགོས། 
སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་གྱིས་སློབ་ལོ་རན་པའི་བྱིས་པ་དང་། ན་གཞོན་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པར་ཁོར་ཡུག་བཟང་པ་ཞིག་བསྐྲུན་དགོས། 
དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སློབ་གསོའི་ཐོན་ཁུངས་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་དང་། ཉམས་ཞན་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱ་དགོས་པ་མ་ཟད། བྱེད་ཐབས་སྤྱད་དེ་གྲོང་གསེབ་ས་ཁུལ་དང་མི་རིགས་ས་ཁུལ་དུ་འོས་འགན་སློབ་གསོ་ལག་ལེན་བསྟར་བར་འགན་སྲུང་བྱ་དགོས་པ་དང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་སློབ་ལོ་རན་པའི་དབང་པོ་སྐྱོན་ཅན་བྱིས་པ་དང་ན་གཞོན་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་བྱ་དགོས། 
དཔལ་འབྱོར་དར་རྒྱས་ཡོད་པའི་ས་ཁུལ་གྱིས་དཔལ་འབྱོར་དར་རྒྱས་མེད་པའི་ས་ཁུལ་ལ་འོས་འགན་སློབ་གསོ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུར་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་དང་བསྔགས་སྐུལ་བྱ་དགོས།

དོན་ཚན་བདུན་པ། འོས་འགན་སློབ་གསོ་སྤེལ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགོ་ཁྲིད་བྱ་རྒྱུ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ལག་བསྟར་བྱེད་པར་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཙོ་བོ་བྱས་ནས་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་ལེན་བསྟར་དགོས། 
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་འོས་འགན་སློབ་གསོ་ལག་བསྟར་བྱ་རྒྱུའི་ལས་ཀ་བྱེད་འགན་དངོས་སུ་འཁུར་རྒྱུ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་པས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་འོས་འགན་སློབ་གསོ་ལག་བསྟར་བྱ་རྒྱུའི་ལས་ཀ་བྱེད་འགན་འཁུར་རྒྱུ། 
དོན་ཚན་བརྒྱད་པ། མི་དམངས་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་ཁྲིད་སྟོན་ལས་ཁུངས་ཀྱིས་འོས་འགན་སློབ་གསོའི་ལས་ཀའི་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་པའི་གནས་ཚུལ་དང་། སློབ་གསོའི་སློབ་ཁྲིད་སྤུས་ཚད་དང་དེ་བཞིན་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་གནས་ཚུལ་སོགས་ལ་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུ་མ་ཟད། ལྟ་སྐུལ་ཁྲིད་སྟོན་གྱི་སྙན་ཞུ་དེ་སྤྱི་ཚོགས་ལས་ཡོངས་བསྒྲགས་ཀྱང་བྱ་རྒྱུ། 
དོན་ཚན་དགུ་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་གང་རུང་ལ་བཅའ་ཁྲིམས་འདི་དང་འགལ་བའི་བྱ་སྤྱོད་ཡོད་པ་ཤེས་ཚེ་འབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་ལ་ཉེས་འདོན་དང་ཡང་ན་ཞུ་གཏུག་བྱེད་པའི་དབང་ཆ་ཡོད། 
བཅའ་ཁྲིམས་འདི་དང་འགལ་བའི་དོན་རྐྱེན་ཚབས་ཆེན་བྱུང་ནས། འོས་འགན་སློབ་གསོ་ལག་ལེན་བསྟར་བར་བར་ཆད་བཏང་བ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་རིགས་ལ། འགོ་ཁྲིད་ཀྱི་འགན་འཁྲི་ཁུར་བའི་མི་དམངས་སྲིད་གཞུང་དང་ཡང་ན་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་འགན་ཁུར་པས་འགན་འཛོལ་རང་ལ་དཀྲིས་ནས་འགན་ཁུར་དགོངས་ཞུ་བྱ་དགོས།

དོན་ཚན་བཅུ་པ། འོས་འགན་སློབ་གསོ་ལག་བསྟར་བྱེད་པའི་ལས་ཀའི་ཁྲོད་བྱས་རྗེས་ཕུལ་དུ་བྱུང་བ་བཞག་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་ལ། མི་དམངས་སྲིད་གཞུང་རིམ་པ་ཁག་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

          ལེའུ་གཉིས་པ། སློབ་མའི་སྐོར།

དོན་ཚན་བཅུ་གཅིག་པ། ལོ་དྲུག་ལོན་པའི་བྱིས་པ་ཡིན་ཕྱིན། དེའི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གིས་སློབ་གྲྭར་ཞུགས་སུ་བཅུག་སྟེ་འོས་འགན་སློབ་གསོ་དང་ལེན་བྱ་དགོས་པ་མ་ཟད་ལེགས་འགྲུབ་ཀྱང་བྱ་དགོས། ཆ་རྐྱེན་མི་འཛོམས་པའི་ས་ཁུལ་གྱི་བྱིས་པ་རྣམས་ལོ་བདུན་བར་དུ་ཕྱིར་འགྱངས་བྱས་ཆོག 
སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་གཟུགས་གཞི་བདེ་ཐང་གི་སྟབས་ཀྱིས་སློབ་གྲྭར་ཞུགས་པའི་དུས་འགྱངས་དགོས་པ་དང་ཡང་ན་སློབ་མཚམས་འཇོག་དགོས་ཚེ། དེའི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གིས་རེ་འདུན་བཏོན་ཏེ། ས་དེ་གའི་ཞང་གྲོང་མི་དམངས་སྲིད་གཞུང་དང་ཡང་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་འགོད་དགོས། 
དོན་ཚན་བཅུ་གཉིས་པ། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་རྒྱུགས་སྤྲོད་མི་དགོས་པར་སློབ་གྲྭར་ཞུགས་རྒྱུ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཐེམ་ཐོ་གནས་སའི་སློབ་གྲྭ་ཐག་ཉེ་སར་ཞུགས་པར་འགན་སྲུང་བྱ་དགོས། 
ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གིས་ཐེམ་ཐོ་མེད་སར་ལས་ཀ་བྱེད་པའམ་གནས་སྡོད་བྱས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་དེའི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གི་ལས་ཀ་བྱེད་གནས་དང་ཡང་ན་སྡོད་གནས་སུ་འོས་འགན་སློབ་གསོ་དང་ལེན་བྱེད་པར། ས་དེ་གའི་མི་དམངས་སྲིད་གཞུང་གིས་དེར་འོས་འགན་སློབ་གསོ་འདྲ་མཉམ་ངང་དང་ལེན་བྱེད་པའི་ཆ་རྐྱེན་འདོན་སྤྲོད་བྱ་དགོས། བྱེད་ཐབས་ཞིབ་ཕྲ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱ་རྒྱུ། 
རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེའི་ནང་གི་དམག་མིའི་བུ་ཕྲུག་གིས་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་བྱ་རྒྱུ།

དོན་ཚན་བཅུ་གསུམ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་ཞང་གྲོང་མི་དམངས་སྲིད་གཞུང་གིས་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་ཞུགས་པར་སྒྲིག་འཛུགས་དང་ལྟ་སྐུལ་བྱ་རྒྱུ་དང་། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་ཐད་ཀྱི་དཀའ་ངལ་ཐག་གཅོད་རོགས་བྱས་ཐོག བྱེད་ཐབས་སྤྱད་དེ་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱིས་སློབ་མཚམས་འཇོག་པར་སྔོན་འགོག་བྱ་རྒྱུ། 
གྲོང་མིའི་ཨུ་ཡོན་ལྷན་ཁང་དང་ཡུལ་མིའི་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་ལས་ཀ་ལེགས་སྒྲུབ་བྱ་རྒྱུ་དང་། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་ཞུགས་པར་སྐུལ་འདེད་གཏོང་དགོས། 
དོན་ཚན་བཅུ་བཞི་པ། མི་སྣ་བཀོལ་སྤྱོད་སྡེ་ཚན་གྱིས་འོས་འགན་སློབ་གསོ་དང་ལེན་བྱ་དགོས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ལས་ཀར་བཀོལ་རིགས་གཏན་འགོག་བྱ་དགོས། 
རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་ཆོག་མཆན་བཀོད་པ་བརྒྱུད་ནས་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རིག་རྩལ་དང་ལུས་རྩལ་སོགས་ཆེད་ལས་སྦྱོང་བརྡར་བྱེད་པར་བསྡུ་མཁན་སྤྱི་ཚོགས་ཀྱི་རྩ་འཛུགས་ཀྱིས་བསྡུ་ལེན་བྱས་པའི་སློབ་ལོ་རན་པའི་བྱིས་པ་ད་ང། ན་གཞོན་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པར་ཁག་ཐེག་བྱ་དགོས་པ་དང་། རང་གིས་འོས་འགན་སློབ་གསོ་ལག་བསྟར་བྱེད་པར། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་འགོད་དགོས།  ༼ མུ་འགོད།༽


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11457926
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号