སཾ་བྷོ་ཊ་དམངས་ཕན་ཤེས་རིག་སློབ་གླིང་གི་མཐོང་ཐོས་འགའ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» བོད་ཀྱི་སློབ་ཆུང་གི་སྐོར། »སཾ་བྷོ་ཊ་དམངས་ཕན་ཤེས་རིག་སློབ་གླིང་གི་མཐོང་ཐོས་འགའ།
སཾ་བྷོ་ཊ་དམངས་ཕན་ཤེས་རིག་སློབ་གླིང་གི་མཐོང་ཐོས་འགའ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/11/15ལྟ་ཀློག (4861)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །སཾ་བྷོ་ཊ་དམངས་ཕན་ཤེས་རིག་སློབ་གླིང་ནི་སྤྱི་ལོ་༢༠༡༢ལོའི་ཟླ་༩་བའི་ནང་གཙང་བ་རིག་གནས་དར་སྤེལ་ཚོགས་པས་གསར་དུ་བཙུགས་ཏེ་ད་ལྟའི་བར་ལོ་ངོ་གཅིག་དང་ཕྱེད་ཀ་འགོར་བ་ཞིག་རེད། ཐོག་མར་སློབ་གླིང་གི་མིང་ལ་སཾ་བྷོ་ཊ་ཤེས་རིག་དར་སྤེལ་གཞིས་ཀ་བཏགས་ཡོད་པ་ནི་༢༠༠༧ལོར་གནས་འདི་ནས་ཟབ་སྦྱོང་འཛིན་གྲྭ་གང་མང་བསྒྲུབས་ཏེ་མི་རིགས་སློབ་གསོའི་ལས་དོན་གཉེར་བའི་ལྟེ་གནས་ཤིག་ཏུ་གྱུར་ཅིང་རིམ་གྱིས་ཕྱོགས་དང་རིས་སུ་མ་ཆད་པའི་བོད་ཕྲུག་སྐོར་ཞིག་གིས་ཤེས་རིག་གི་རྒྱགས་ཕྱེ་གྱ་ནོམ་པ་ཁྱེར་ཏེ་འཚར་ལོངས་འབྱུང་བཞིན་འདུག་གོ། །

      ད་བར་སློབ་གླིང་འདིར་འཛིན་གྲྭ་གསུམ་སྟེ།  གྲ་སྒྲིག་འཛིན་གྲྭ།  རྨང་གཞི་འཛིན་གྲྭ། བརྡ་སྤྲོད་འཛིན་གྲྭ་གསུམ་དང་།  དགེ་རྒན་འཇམ་དཔལ་གྲགས་པ་དང་།  དགེ་རྒན་གཟིགས་ལྡན།  དགེ་རྒན་ཡེ་ཤེས་སྒྲོལ་མ།  དགེ་རྒན་མཆོག་རབ།   དགེ་རྒན་བསོད་མཁས།   དགེ་རྒན་བསོད་ནམས་དཔལ།   དགེ་རྒན་བསྟན་འཛིན་ཉི་མ།  དགེ་རྒན་ཉི་པོ། དགེ་རྒན་ཀུན་དགའ་དབང་ཕྱུག་བཅས་དགེ་རྒན་དང་ལས་བཟོ་བ་དགུ་ཡིས་སྐྱོང་བཞིན་འདུག

     ད་དུང་ཕྱོགས་ཐམས་ཅད་ནས་དགེ་རྒན་གདན་ཞུ་བྱས་ཏེ་ཟླ་ཕོགས་སོགས་སྟེར་བཞིན་ཡོད་ཀྱང་ཁོ་ཚོའི་ཚོགས་མི་གཅིག་ལའང་ཟླ་ཕོགས་མེད་པར་ཤེས་རིག་གི་གླིང་ག་འདི་ནས་ཉིན་གྱི་ཟས་དང་མཚན་མོའི་གཉིད་བཅག་ནས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ། རྣམ་དག་ལྷག་བསམ་གཙང་མའི་བྱིན་མཐུ་དང་།  སྔོན་བསགས་བསོད་ནམས་བཟང་བོའི་འབྲས་བུ་ལས་བོད་པ་ཚང་གི་འདས་མ་ད་གསུམ་གྱི་དམིགས་འདུན་གཅིག་པའི་རྒྱུད་འཛིན་པ་མང་བོ་ཞིག་ལྟོས་ས་ལྟོས་འཇོག་གིས་བཤད་ན་དུས་ཡུན་ཐུང་ཐུང་གི་རིང་ལ་གཞན་ལས་ཆེས་ཁྱད་དུ་འཕགས་པ་དང་ཡིད་སྨོན་བྱེད་ས་ཞིག་དཀའ་ནའང་།   ཕ་ཡིག་ཕ་སྐད་ཀྱི་ཕྱོགས་ནས་གཞན་ལ་ངོ་གནོང་མི་དགོས་པའི་ཚད་དུ་བསྐྱངས་དང་སྐྱོང་བཞིན་པ་འདིའོ། །

 

    ༼སྤུ་རྒྱལ་སོ་ལྔ་བ་མང་སྲོང་མང་བཙན་ནི་ཡབ་གུང་རི་གུང་བཙན་དང་ཡུམ་འ་ཞ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས།  བཙན་པོ་འདི་སྐུ་ནར་མ་སོན་བར་དུ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མགར་སྟོང་བཙན་གྱིས་བཟུང་སྟེ་བོད་བཙན་པོའི་ཆབ་སྲིད་མུ་མཐུད་དུ་མཐའ་བཞིར་བསྐྱངས།  སྤྱི་ལོ་༦༥༧ལོར་མགར་གྱིས་འདུན་མ་བསྡུས་ནས་རྒོད་གཡུང་གིས་དབྱེ་བ་ཕྱེས།  སྤྱི་ལོ་༦༧༤ལོར་བཙན་པོ་ཚང་བང་སྣ་ཟེར་སར་སྐུ་གཤེགས།  མགར་སྟོང་བཙན་ཡང་འབྲས་ནད་ཀྱིས་འདས།  མགར་ལ་བུ་བཞི་སྟེ།  བཙན་སྙ་སྡོམ་བུ།  མགར་ཁྲི་འབྲིང་། མགར་ཟི་མདོ་ཡེ།  མགར་འབལ་བློན་བཅས་སོ། །༽ འདི་ནི་སྒོ་སམ་སྟེང་དུ་དགེ་རྒན་འཇམ་དཔལ་གྲགས་པས་ཁྲིད་བཞིན་པ་དེའོ། །

    ས་དེ་གར་ཕན་བསྐྱེད་ཆེ་བའི་ཕྱག་ལས་གནང་མཁན་དགེ་རྒན་འཇམ་དཔལ་གྲགས་པས་ང་ཚོའི་བཅར་འདྲི་དང་ལེན་བྱས་པ་བརྒྱུད་ཁོ་ཚོས་ཐོག་མར་ཟབ་སྦྱོང་བསྒྲུབས་སྟངས་དང་ད་ལྟའི་སློབ་གྲྭའི་སྒྲིག་འཛུགས་ཐ་ན་སློབ་ཁྲིད་བྱེད་སྟངས་སོགས་ལ་ང་ཚོས་རྒྱུས་ལོན་རག་ཙམ་བྱས། ཁོ་རང་ཡང་ཆེས་སྤྱིར་བཏང་གི་སྤྱི་ཚོགས་འདིའི་གྲུ་ཟུར་ན་ནམ་ཡང་ཁེ་གྲགས་དང་རང་གི་ལྟོ་རྒྱབ་ཙམ་གྱི་ཆེད་དུ་འདུར་བའི་རིགས་མ་ཡིན་པར་སློབ་ཆེན་ལས་མཐར་ཕྱིན་ཡང་རྒྱལ་ཁབ་ཀྱི་ལས་ཚོགས་སུ་མ་ཞུགས་པར་ཐོག་མའི་དམ་བཅའ་དེ་སྙིམ་པར་བཅིངས་ནས་༢༠༠༧ལོ་ནས་མགོ་ལོག་མཐོ་སྒང་སྐྱིད་པའི་སྨན་ལྗོངས་ཀྱི་ཆ་ཤས་གཙང་སྐོར་སྡེ་བ་ནས་བཟུང་ཟབ་སྦྱོང་འཛིན་གྲྭ་དབྱར་ཁ་གཅིག་དང་དགུན་ཁ་གཅིག   ཡིག་རྨོངས་སེལ་བའི་འཛིན་གྲྭ།   རྨང་གཞི་འཛིན་གྲྭ། དམའ་འབྲིང་སོགས་སུ་འགྲོ་བཞིན་པའི་ཚད་མཐོ་ཤོས་ཀྱི་འཛིན་གྲྭ་བཅས་གསུམ་དུ་བགོས་ནས་བསླབ་ཚན་བློར་འཛིན་དང་ཁྲིད་ཚན་མགོ་མཇུག་ཚང་བ་སློབ་མའི་རྒྱུད་དུ་བཞག་པ་བསྙོན་དུ་མེད་ཁར་ཁོམ་སྐབས་གང་ཡོད་དུ་རྨ་སྟོད་མཛོ་རྭ་གྲོང་རྡལ།  གཅིག་སྒྲིལ་སྨིན་ཐང་།   དགའ་བདེའི་གངས་ལུང་།      ཤར་འོད་རིག་གནས་སློབ་གླིང་སོགས་ཀྱི་དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་རྣམ་རིག་གློག་ལས་སྐྱེན་དུས་སློབ་སྐབས་ཤོར་བ་ཁོས་རང་ལོ་༢༡སྟེང་གསར་དུ་སློབ་གླིང་གི་སྒོ་གླེགས་བརྡུང་བ་སོགས་ཀྱི་ཉམས་མྱོང་ལས་འཐུས་ཏེ་སློབ་གླིང་འདིའི་མཚོན་ཐེག་ཚོད་ཅིག་ཁུར་ནས་ཐོན་ཚོད་ཅིག་ལ་འགྲོ་བའི་ཕུགས་བསམ་རྣལ་མ་དེས་ཕྱུག་པའོ། །    

      སློབ་གྲོགས་ཚོ་འདི་ནས་མཐར་ཕྱིན་ཚེ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ་སོགས་སུ་འགྲོ་འཆར་གྱིས་སློབ་ཁྲིད་ཀྱི་ཚགས་དམ་ཞིང་གྲ་སྒྲིག་གི་འཐུས་སྒོ་ཚང་བར་འདུག་པས་སློབ་གྲོགས་ཚོའི་རེ་བ་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ། 


         ༄༅། །སམ་བྷོ་ཊ་དམངས་ཕན་ཤེས་རིག་གླིང་གི་སློབ་སྟོན་ཁང་གིས་གཏན་ཕབ་པའི་དགེ་རྒན་སྡེ་ཁག་གི་སྒྲིག་སྲོལ།
                        
གཅིག
   
དགེ་རྒན་གྱི་བསམ་བློ་དང་ཀུན་སྤྱོད་ཀྱི་སྣང་བརྙན་ནི་སློབ་མའི་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་སློབ་མ་ཚོར་བག་ཆགས་ཡག་པོ་འཇོག་དགོས།
                                              གཉིས།
   
སློབ་ཁྲིད་ཀྱི་རྗེས་སུ་མི་ལྷསགས་པ་དང་།  སྔ་གྲོལ་ཕྱི་འགྱང་མི་བྱེད་པ།  སློབ་ཁྲིད་ཀྱི་སྐབས་སུ་ཁ་པར་གཏོང་མཉན་སོགས་སྒེར་གྱི་བྱ་བར་མགོ་མི་འཁོར་བ།  སློབ་ཁྲིད་ཀྱང་དཔེ་ངོས་ཁོ་ན་ཙམ་མ་ཡིན་པར་དེ་དང་འབྲེལ་ཡོད་ཀྱི་སློབ་གསོ་ཅི་རིགས་གནང་སྟེ་སློབ་མའི་མི་གཞི་ལེགས་བཅོས་བྱེད་རྒྱུ་ནི་སློབ་ཁྲིད་ཀྱི་གཙོ་གནད་དུ་འཛིན་དགོས། 

                       གསུམ།
   
སློབ་ཁྲིད་ཀྱི་དུས་ཚོད་ཡོངས་རྫོགས་དགེ་རྒན་གྱིས་བདག་བཟུང་མི་བྱེད་པར་སློབ་མར་བསམ་གཞིག་དང་། དོགས་སློང་།འདྲི་གཞི་སོགས་ཀྱི་བར་སྟོང་མང་ཙམ་བྱིན་ཏེ་གཙོ་བོ་སློབ་མའི་ལྷན་སྐྱེས་ཀྱི་དགའ་ཕྱོགས་སྔོག་འདོན་དང་རང་ནུས་རྩལ་སྤྲུགས་བྱེད་པར་གྲོགས་དན་གང་ལེགས་མཛད་དགོས།
                       
བཞི།
 
སློབ་མ་ཚོ་འགྲིག་འགལ་བྱུང་བའི་སྐབས་ཀུན་ཏུའང་ཕ་རུས་མ་ཁུངས་ཀྱི་མཚང་བསློགས་ནས་སྡིགས་རྨོད་མི་བྱེད་རྒྱུ་དང་།  སློབ་མར་མཚང་འདོག་དང་རྡོག་ཐོས་གཞུ་བ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་མི་འཚམས་པའི་ལས་རིགས་མི་སྤེལ་བ། མདོར་ན་མི་སྒེར་གྱི་སེམས་ཁའི་དགའ་སྡུག་ལྟར་སློབ་མར་དབང་བསྒྱུར་གཏན་ནས་བྱེད་མི་རུང་།

                        ལྔ།
 
ཁྱིམ་བདག་གི་བསམ་འཆར་དང་རེ་འདོད་སོགས་སྣང་མེད་མི་བྱེད་པར་གཙུག་ཆེན་བྱེད་དགོས་ཤིང་།   ཐ་ན་ཁོ་ཚོས་ངན་སྨྲས་དང་སྐྱོན་འདོག་བྱས་ཀྱང་རང་ཉིད་སློབ་གསོ་མྱངས་མྱོང་བའི་ཤེས་ལྡན་པ་ཞིག་ཡིན་པའི་རྩ་དོན་ཡིད་ལ་བརྣགས་ཏེ་ཁོག་ཡང་ཚིག་འཇམ་གྱིས་གནས་ལུགས་འཆད་པ་ལས་རྒོལ་ལན་སློག་པ་སོགས་ཤེས་རིག་གི་ཁོར་ཡུག་ལ་མི་འཚམ་པའི་སྦྱོར་བ་ངན་པའི་རིགས་རྩོམ་མི་རིགས་སོ། །
 
                                              དྲུག
     དགེ་རྒན་གྱི་ལས་རིགས་ནི་ཆེས་རླབས་ཆེན་ཞིག་མོད།  ཆེས་ཉེན་ཁ་ཅན་ཞིག་ཀྱང་ཡིན་པས་སློབ་མ་ཚོར་མི་རིགས་ཀྱི་འདུ་ཤེས་ཟབ་མོ་ཞིག་དང་རིག་གནས་ལ་ངོས་ཟིན་ཡག་པོ་ཞིག་ཆགས་ཐབས་སུ་ཧུར་ཐག་བྱེད་རྒྱུ་དང་།   སློབ་མའི་ཞན་ཆ་དག་ཀྱང་ཐབས་སྣ་ཚོགས་ཀྱིས་ཡོ་བསྲིང་བྱེད་པ་ལས་གཅར་རྡུང་ཁོ་ནས་བཅོས་བསྒྱུར་བྱེད་མི་གཏུབ་པའི་གནས་ལུགས་ངེས་དགོས་ཤིང་།  དུས་རབས་དང་སྤྱི་ཚོགས་ཀྱི་འཕོ་གྱུར་ལ་མི་རྨོངས་པའི་རྒྱུན་ཤེས་དང་མི་ཆོས་ཀྱི་གཞི་རྐང་བདོག་པའི་མི་ཚུགས་ཐུབ་ཅིག་ཏུ་གསོ་སྐྱོང་བྱེད་རྒྱུ་ནི་གནད་ཀྱི་དམ་པར་འཛིན་དགོས།

    ༼ སློབ་གླིང་འདིའི་དགེ་རྒན་རྣམ་གྱི་སྒྲིག་ལམ་གཞན་ནས་མཐོང་དཀའ་བས་འདིར་ཆེད་དུ་བཀོད་པའོ། །༽


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/11/1
སྒྲིག་ལམ་ཡག་པོ་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15095804
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号