བསྐུར་མ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »བསྐུར་མ།
བསྐུར་མ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/11/15ལྟ་ཀློག (1752)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                           མདོག་འགྱུར།

                ——ཕ་ཡུལ་ནས་མི་ཞིག་གྲོང་ཁྱེར་ལ་སོང་ན་བསྐུར་མ་མང་པོ་འདུག། དེ་ཅིའི་ཕྱིར།

གནའ་མི་བོད་ཀྱི་ཁ་དཔེ་ལ་བསྐུར་མ་ལྷམ་བཙང་ཡིན་རུང་འཁྱེར་དགོས་ཟེར།མི་རིགས་གཞན་ལ་སྲོལ་འདི་འདྲ་ཡོད་མེད་གསལ་ཆ་མེད་ཀྱང་།ང་ཚོ་བོད་སྲོལ་འདིའི་སྟེང་ནས་མི་དང་མིའི་བར་ལ་ཡིད་ཆེས་ཀྱི་རྨང་གཞི་སྲ་མོ་ཞིག་ཡོད་

པ་ཤེས་ཐུབ།ཁོ་ཚོས་ཆེ་བ་གསེར་དངུལ་ནས་ཆུང་བ་ལྷམ་བཙང་བར་མི་གཞན་ལ་བསྐུར་མ་བྱེད་པ་འདི་དོན་གྱི་བཤད་ན་རང་གི་ལས་ཚེགས་ལ་རམ་འདེགས་ཆེན་པོ་ཐེབས་པས།དེ་ནི་དོན་བཟང་ཞིག་རེད།ཡིན་ཡང་དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་པའི་སློབ་དཔོན་རིན་པོ་ཆེས་ལུང་བསྟན་དུས་བབས་ཀྱི་ནང་མོ་འདིར།མི་ལག་བརྒྱུད་ནས་བསྐུར་མ་བྱེད་པ་ཇེ་ཉུང་དང་ལྷག་པར་དུ་གསེར་དངུལ་འདུ་བའི་རིན་པོ་ཆེའི་རིགས་སྐུར་མཁན་དཀོན་པོར་ཆགས་ཡོད།འོན་ཀྱང་མ་བསྐུར་ཚད་མེད་ཀྱི་དངོས་པོ་ཞིག་ཡོད་པ་ནི་གློག་གི་ཡོ་བྱད་ཀྱི་རིགས་རེད།དཔེར་ན་ང་རང་ད་ཐེངས་ལན་གྲུ་རུ་འགྲོ་བ་དང་བསྐུར་མ་ནི་གློག་གླད་དང་ཁ་པར། པར་ཆས། ཡིག་དཔར་ཆས་སོགས་བསྡོམས་པས་དྲུག་བདུན་ཞིག་བརྩི་རྒྱུ་འདུག དེ་དག་ཚང་མ་ཞིག་གསོ་བྱེད་དགོས་པ་རྐྱང་ཡིན་པས། རེབ་འདིའི་ལན་གྲུའི་ལྗོངས་རྒྱུ་ནི་ག་འདྲ་ཞིག་ཡིན་པ་ཧ་ལམ་ཤེས་ཀི་རེད། འོན་ཀྱང་ངའི་ལྗོངས་རྒྱུ་གཙོ་བོ་མ་ཡིན་པར་གནད་དོན་ནི་ང་ཚོ་གཞི་རིམ་གྱི་ས་ཆ་ཆུང་ཆུང་འདི་ན་གློག་རིགས་ཞིག་གསོ་བྱེད་པའི་ལག་རྩལ་བ་ཞིག་མེད་སོང་བ་རེད།ང་ཚོ་ཚང་མ་ཁ་པར་བཀོལ་བར་དགའ།དེའང་ལོས་ཡིན།ཁ་པར་གྱིས་ང་ཚོའི་འཚོ་བའི་ཕྱོགས་ལ་ཕན་ནུས་མང་པོ་ཐོན་བཞིན་པས་མི་རྣམས་འདི་ལ་དགའ་བ་ཆོས་ཉིད་ཡིན།འོན་ཀྱང་། ཁ་པར་བཀོལ་བར་དགའ་བ་གཅིག་པུས་ག་ལ་ཆོག  ཁ་པར་བཀོལ་དགོས་ན་ཁ་པར་ཞིག་གསོ་ཀྱང་ཤེས་དགོས།

    དེ་འདྲ་མིན་ན་དེ་རིང་གི་ངའི་རྒྱབ་ཁུག་ནང་གི་གློག་རིགས་རྨས་མ་འདི་དག་ནང་བཞིན་ས་གཞན་ཞིག་ལ་ཁྱེར་ནས་གསོ་དགོས་པས་ཅི་འདྲའི་དཀའ་ཚེགས་ཆེ་བ་ལ།༼ངོ་མ་བཤད་ན་མི་གཅིག་གིས་གློག་རིགས་ཆག་པོ་འདི་འདྲ་མང་པོ་ཞིག་ཁྱེར་ནས་གཞི་གསོ་ཁང་གཅིག་ལ་འཛུལ་རྒྱུ་དེའང་ད་ལྟ་གནད་དོན་ཞིག་ཉན་ཡོད།༽ཕ་ཡུལ་ན་ད་དུང་འདི་འདྲའི་ཆག་སྐྱོན་བྱུང་བའི་གློག་རིགས་ག་ཚོད་ཅིག་སྣོད་ལ་བཅུག་ནས་ཡོད་པ་སུས་ཤེས།དེ་དག་ཚང་མ་སྒོར་མོ་བྱིན་ནས་ཉོས་ཡོང་བ་ཤ་སྟག་ཡིན་ན། ད་ལྟ་སྐུད་ལམ་གཅིག་དང་ཉེན་སྐུད་གཅིག་གི་ཀྱུ་དོར་ལས་སྐྱོན་གཞན་མེད་ཀྱང་བེམ་པོ་རུ་གྱུར་ནས་འཇོག་པ་འདིས་ཡུལ་མི་ཚོའི་སྒོར་ཁུག་ལ་དཀའ་ངལ་བཟོ་བཞིན་པ་མིན་ནམ།ཡུལ་མི་ཚོས་བཤད་བཏང་ན་སྲིད་པའི་སྒྲུང་།བརྒྱུག་བཏང་ན་མགྱོགས་པ་རྟ།ཁས་ཁ་གསུམ་ནས་ཇག་བླངས་རབས་སོགས་གདན་འཇམ་པོ་ཞིག་ལ་འདུག་སྐྱིད་དུས་མི་ཤེས་པ་གང་ཡང་མེད་མོད།ཁ་དོན་དངོས་ལ་འཁོར།ལག་དོན་དངོས་ལ་ཐུགས་དུས་ཁོ་ཚོའི་ད་ནང་གི་བཤད་པ་དག་ཡལ་ནས་དགུང་གི་འཇའ་རུ་གྱུར་དུས་སེམས་པ་འདི་གང་ནས་བདེ།

    དཔལ་འབྱོར་གྱི་ཐད་ན་དཀའ་ངལ་ཆེན་པོ་ཡོད་ཀྱང་རང་ཉིད་ཀྱི་མི་ཤེས་པ་མ་རྩ་བྱས་ནས་མི་གཞན་ཞིག་ལ་རེ་དགོས་པ་འདི་ཨ་རེ་ཆུང་།ང་ཚོ་མི་ཞིག་གིས་སྦྱང་བའི་ཤེས་བྱ་ལ་ཚད་ཡོད་པ་དང་སྦྱང་བྱ་ལ་ཚད་མེད་པ་གཅིག་པུས་ངོས་ནས་ང་ཚོས་ཡོད་ཚད་ཁོང་དུ་མི་ཆུད་པས།རང་ཉིད་ཀྱི་དུས་རྒྱུན་འཚོ་བའི་ནང་ལ་མེད་མི་རུང་བའི་ལག་རྩལ་རྒྱུན་ཤེས་རེ་ཡོད་ན། རང་གི་མཐའ་འཁོར་གྱི་གློག་རིགས་འདུ་བའི་བཅའ་ལག་མང་པོ་ཞིག་བདེ་ལགས་ངང་ཞིག་གསོ་ཡོང་བས་ཕན་པ་ཆེ། སྔོན་ཆད་ང་ཚོའི་ཕ་ཡུལ་ན་གློག་གི་རིགས་ཞིག་གསོ་བྱེད་པའི་རྒྱ་མི་ཞིག་ཡོད།ཁོ་རང་དབང་བོ་སྐྱོན་ཅན་ཞིག་ཡིན་ལ་ཡུལ་མི་ཚོས་བྱམས་སྐྱོང་གང་ལེགས་ཐོབ་མྱོང་།  འོན་ཀྱང་ཕར་ལ་སེམས་བསམ་པས་རོགས་རེས་ག་འདྲ་བྱས་ཀྱང་ཚུར་ལ་གཡོ་དང་སྒྱུ་མ་ཁྲབ་ནས་བྱ་བ་བྱེད་པས།མི་མང་པོ་ཞིག་ཐབས་ཟད་འུ་ཐུག་ནས་ངོ་ཆེན་གྱི་ངོ་དང་རྒྱུ་ཆེན་གྱི་རིན་འབོར་ཆེན་སྤྲད་ནས་རྫོང་དང་ཁུལ་ཐོགས་ལ་གློག་རིགས་སྐྱོན་ཅན་ཡོད་ན་བསྐུར་མ་བྱེད། ༼རྒྱུ་ངོ་གང་ཡང་མེད་པའི་དབུལ་བོ་ཚོའི་ཁྱིམ་ན་བཅའ་ལག་སྐྱོན་ཅན་ག་འདྲ་ཞིག་ཉར་ཡོད།ཁོ་ཚོས་མར་གཡུག་པ་བློས་མ་ཐོངས་ཡར་ལེན་ན་གོ་མི་ཆོད་པས་ཅི་བྱེད།༽དེ་ནི་བལྟས་ཚོད་ཀྱི་དོན་དག་ཆུང་ཆུང་ཞིག་ཡིན་ཀྱང་། ཆེ་ཕྱོགས་ནས་བསམ་བློ་ཞིག་བཏང་ན་ཁྱོན་ནས་འགྲིག་གི་མི་འདུག  ག་འདྲ་བྱས་ནས་འགྲིག་གི་མི་འདུག་ཟེར་ན། ཡུལ་མི་ཚོས་གཅིག་བྱས་ན་རྒྱ་ཡིག་རྒྱ་སྐད་མི་ཤེས།གཉིས་ཡིན་ན་གློག་གི་རྒྱུ་མཚན་མི་ལོན།གསུམ་ཡིན་ན་གཞིག་གསོ་ཁང་ཞིག་རྙེད་དགོས་ན་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་སྲིད་པའི། འདི་དག་ཕྱོགས་སུ་བསྡོམས་ན་དཔལ་འབྱོར་སྟེང་ནས་གྱོང་གུད་ཆེན་པོ་རེག་རྒྱུ་ཡིན་པ་ཁག་ཐེགས་རེད།མི་འདི་འདྲ་ཞིག་གིས་བདག་གི་སྒོ་འགྲམ་ནས་བདག་ལ་བརྙས་བཅོས་བྱེད་རྒྱུ་ཟེར་ན་ངོ་རེ་ཚ།༼མི་འདི་ལ་ལག་རྩལ་གྱི་བྱང་ཆ་མེད་དྲང་བདེན་གྱི་བསམ་བློ་མེད་དྲིན་ལ་དྲིན་ལན་མེད་པ་དག་གི་ངོས་ནས་ངས་བཤད་པ་ཡིན་མ་གཏོགས་ཁོ་རང་དབང་བོ་སྐྱོན་ཅན་ཞིག་ཡིན་པས་གཏན་ནས་མིན།༽ཕ་ཡུལ་ན་མགོ་བོ་མཐོ་འཛིན་བྱེད་ལ་དགའ་བའི་གསར་བུ་ཚོས་ལག་པ་བྲང་ལ་བཞག་ནས་འདང་རེ་བརྒྱབ་ན་སེམས་ལ་འབབ་རྒྱུ་རེ་མེད་དམ།ཡང་གཅིག་བཤད་ན་འདི་ནི་མི་རིགས་ཤིག་གི་རིག་གནས་ལ་ཐེབས་པའི་ཕམ་ཉེས་མ་ཡིན་ནམ།མང་ཚོགས་ཀྱི་དཀའ་ངལ་འདི་དག་སེལ་དགོས་ན་ངེས་པར་དུ་རིག་གནས་འདི་དག་སྦྱང་བའི་གོམས་སྲོལ་ཆགས་དགོས།དེ་འདྲ་མ་ཡིན་པར་རང་གི་སྦྱང་བྱ་ཁོས་ནས་མི་རབས་གཞུག་མ་རྣམས་ལ་ཕན་འདོག་རྒྱུ་ཟེར་ན་རང་དབང་མེད་པར་འཚོ་བའི་བས་མཐའ་ལ་ལྷུང་ཡོང་བས་ང་ཚོས་བསམ་བློ་བཏང་ན་འགྲིག་གི་འདོད། འདི་ནི་གློག་རིགས་ཆགས་པོ་འགའ་ཡི་སུན་སྣང་མ་ཡིན་པར་མི་རིགས་ཤིག་གི་འཚོ་གནས་ལ་བཏབས་པའི་རྒྱ་གྲམ་རེད་འདོད། །

                                       ༢༠༡༣ལོའི<<མི་ཚེའི་འགན་འཁྲི>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c92g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41556479
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1