ལྷ་བབས་དུས་ཆེན་རེད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 6 ཚེས 2 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དུས་ཆེན་ངོ་སྤྲོད། »ལྷ་བབས་དུས་ཆེན་རེད།
ལྷ་བབས་དུས་ཆེན་རེད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/11/23ལྟ་ཀློག (4642)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལྷ་བབས་དུས་ཆེན།

         ལྷ་བབས་དུས་ཆེན་ནི་ལོ་ལྟར་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་དགུ་པ་ལྷ་བབས་དུས་ཆེན་ཞེས་སྔོན་སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་དུ་སྐྱེས་པ་བཞེས་པར་ཆོས་གསུང་ཕྱིར་སྟོན་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ལྷ་རྣམས་ལ་ཆོས་གསུངས་ཤིང་དབྱར་ཞལ་བཞེས་ཀྱིས་བཞུགས་པར་རྒྱལ་པོ་གསལ་རྒྱལ་སྟོན་པ་དྲན་དྲག་ནས་མོའུ་འགལ་བུ་རྒྱུད་སྟོན་པ་མི་ཡུལ་དུ་བྱོན་པར་གསོལ་བ་ན་སྟོན་པ་ལྷ་མིའི་འཁོར་དང་བཅས་ཏེ་རྫུལ་འཕྲུལ་གྱི་སྐས་འཛེག་ལ་བརྟེན་ནས་འཕགས་ཡུལ་གསལ་ལྡན་དུ་བབས་པར་མཛད་པའི་དུས་ཆེན་ཡིན་པས་བོད་ཟླ་དགུ་པའི་ཚེས་ཤར་ནས་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ཆེ་ཆུང་སོགས་ལ་སྐུ་དཀར་སྒྲོན་རྗེས་གྲོང་ཁུལ་གྱི་ཁང་བ་སོ་སོར་ཡང་ས་དཀར་བཏང་ནས་ནག་རྩི་ཕྱིས་པ་སོགས་ཚེས་ཉེར་གཉིས་གོང་ཚར་བ་བྱས་ཐོག དེ་ཉིན་བོད་མི་ཚོས་གཙུག་ལག་ཁང་རྣམས་སུ་ཕྱག་མཆོད་དང་། དགེ་འདུན་ལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་སོགས་བྱེད་ཀྱི་ཡོད། གོང་གསལ་ཟླ་བ་དང་པོ་ཆོ་འཕྲུལ་དུས་ཆེན་དང་། བཞི་པ་ས་ག་ཟླ་བ། དྲུག་པ་ཚེས་བཞི། དགུ་པ་ལྷ་བབས་དུས་ཆེན་རྣམ་བཞི་ཡང་ཟེར།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/11/2
{ལྷ་བབས་དུས་ཆེན་ངོ་སྤྲོད།} ལྷ་བབས་དུས་ཆེན་ནི་སྟོན་པ་ཐུབ་པའི་དབང་པོས་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འདྲེན་པའི་ཐབས་སུ་མཛད་པ་བཅུ་གཉིས་སོགས་མཛད་པའི་རྣམ་གྲངས་མང་པོ་ཞིག་བསྟན་གནང་ཡོད་པའི་ནང་ཚན་ཞིག་ཡིན་ཞིང་། བོད་མི་ཚོས་དུས་ཆེན་འདི་ཉིད་བོད་ཟླ་༩ ཚེས་༢༢ ཉིན་འཁེལ་བར་ངོས་འཛིན་གྱིས་རྗེས་དྲན་ཞུས་དང་ཞུ་མུས་རེད། དེ་ཡང་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་དགུང་གྲངས་ ༤༡ ལ་ཕེབས་པ་ལྕགས་ཕོ་བྱི་བའི་ལོར། རང་ཉིད་ཀྱི་མ་ཡུམ་སྒྱུ་མ་ལྷ་མཛེས་མི་ཡུལ་ནས་ཚེ་འཕོས་ཏེ་འདོད་ལྷར་སྐྱེས་པ་དེ་ཉིད་གཙོ་བར་གྱུར་བའི་ལྷ་གྲངས་ལས་འདས་པ་ཞིག་གི་རྒྱུད་ལ་རྣམ་དཀར་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡོད་པ་རྣམས་སྨིན་གྲོལ་གྱི་གནས་སུ་འགོད་པའི་དུས་ལ་བབས་པ་མཁྱེན་ནས། སངས་རྒྱས་འཁོར་དང་བཅས་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས། ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཀྱི་སྟེང་དུ། ཤཱ་རིའི་བུ་དང་འོད་སྲུངས་སོགས་དགྲ་བཅོམ་པ་བརྒྱད་སྟོང་གི་འཁོར་གྱི་དབུས་སུ་དབྱར་གནས་མཛད་པར་མ་ཟད་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྐུ་སྐྱེ་སོགས་ལྷ་ཡི་རིས་ཀྱི་ གདུལ་བྱ་རྣམས་ལ་ཆོས་སྟོན་བཞིན་བཞུགས། དེའི་དུས་སུ་རྒྱ་གར་གྱི་ཡུལ་ཉན་ཡོད་ཅེས་པར། རྫུ་འཕྲུལ་ཅན་གྱི་མཆོག་གྱུར་འཕགས་པ་མོའུ་འགལ་གྱི་བུ་ལ་སོགས་པའི་ཚངས་པར་སྤྱོད་པའི་དགེ་སློང་དུ་མ་ཐབས་གཅིག་ཏུ་དབྱར་གནས་མཛད་བཞིན་བཞུགས་པ་ན། རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་རྒྱལ་པོ་གསལ་རྒྱལ་ལ་སོགས་པའི་མི་རྣམས་ཀྱིས་བཅོམ་ལྡན་འདས་གང་དུ་བཞུགས་པ་མ་ཤེས་པས། འཕགས་པ་མོའུ་འགལ་གྱི་བུའི་དྲུང་དུ་སོང་ནས་དྲི་བ་ཞུས་པའི་ལན་དུ། མོའུ་འགལ་གྱི་བུས་བཅོམ་ལྡན་འདས་ལྷ་ཡི་གནས་སུ་བཞུགས་ཡོད་ཅེས་གསུངས། དེ་ནས་ཞག་དགུ་བཅུ་འདས་པའི་དུས་སུ་གོང་གསལ་རྒྱལ་པོ་དང་ཡུལ་དབུས་ཀྱི་མི་རྣམས་ཀྱིས་ཡང་བསྐྱར་མོའུ་འགལ་གྱི་བུ་ལ། འོ་ཅག་གིས་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་མ་མཐོང་ཞིང་། གསུང་ཡང་མ་ཐོས་པར་ཡུན་རིང་སོང་བས། འཕགས་པ་རྫུ་འཕྲུལ་ཅན་ཁྱེད་ཀྱིས་བཅོམ་ལྡན་འདས་འཛམ་གླིང་དུ་སྤྱན་འདྲེན་རོགས་ཞེས་གསོལ་བས། འཕགས་པ་མོའུ་འགལ་གྱི་བུ་སྐད་ཅིག་དེ་ཉིད་དུ་ལྷའི་གནས་སུ་བྱོན་ཏེ་སངས་རྒྱས་ལ། མིའི་འགྲོ་བ་རྣམས་ལྷའི་ཡུལ་ལ་འོང་བར་དཀའ་ཞིང་། ལྷ་རྣམས་ནི་འཛམ་བུའི་གླིང་དུ་འོང་བར་དཀའ་བ་མེད་ན། སྟོན་པ་ཐུགས་རྗེ་ཅན། མིའི་རིགས་ཀྱི་འགྲོ་བ་རྣམས་ལ་བརྩེ་བས་དགོངས་ནས་འཛམ་བུ་གླིང་དུ་འབྱོན་རོགས་ཞེས་གསོལ་བ་བཏབ་པ་ལྟར། སྟོན་པ་མཆོག་གིས་ཀྱང་། བདུན་ཕྲག་གཅིག་ནས་གསལ་ལྡན་གྱི་གྲོང་གི་ལ་བ་ཛ་རའི་ནགས་སུ་ཨུ་དུམ་ཝ་རའི་ཤིང་དྲུང་དུ་བྱོན་པར་ཞལ་གྱིས་བཞེས། མོའུ་འགལ་བུས་སྐད་ཅིག་ཉིད་ལ་མི་ཡུལ་དུ་བྱོན་ནས་མི་རྣམས་ལ་གསུངས་པས་མི་རྣམས་ཡིད་རབ་ཏུ་མགུ་ནས་ས་ཕྱོགས་གང་དེར་བྱི་དོར་དང་། མཆོད་པའི་ཚོགས་རྒྱ་ཆེན་པོ་བཤམས་ཏེ་ཕེབས་སྒུག་བྱས་སོ།།
 སྤེལ་མཁན:  སྤེལ་དུས:2013/11/2
དེ་ཡང་མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང༌། ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན། ། ཞེས་ཇི་སྐད་གསུངས་པ་ལྟར་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་བཀའ་དྲིན་ཅན་འདི་ཡོངས་གྲགས་ལྟར་ན་ལོ་ཉིས་སྟོང་དྲུག་བརྒྱ་ཙམ་གྱི་གོང་དུ་འཛམ་གླིང་འདིའི་ཐོག་བྱོན་ཞིང༌། དེས་གསུངས་པའི་ཆོས་ཚུལ་ནང་པ་སངས་རྒྱས་པའི་བསྟན་པ་ཞེས་པ་འདི་དུས་ད་ལྟ་བར་གནས་པ་ནི་གང་འདྲ་ཞིག་ཡིན་ཞེ་ན། སྡིག་པ་སྤོང་ཞིང༌། དགེ་བ་བསྒྲུབ་དགོས་པ་སྟེ། ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་སྡིག་པའི་ལས་སྤོང་དགོས་པ་དང༌། དགེ་བའི་ལས་བསྒྲུབ་དགོས་པ་དེ་ཡིན། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། བདེ་བ་དང་སྡུག་བསྔལ་ཞེས་པ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བས། འབྲས་བུ་སྡུག་བསྔལ་ང་ཚོས་མི་འདོད་ཅིང༌། སྡུག་བསྔལ་མི་ཡོང་བའི་ཐབས་ཤེས་ནི། འབྲས་བུ་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་སྡིག་པ་སྤོང་དགོས་པ་ཡིན། དེས་ན། སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་གསུངས་པ་ཡིན། བདེ་སྐྱིད་ནི་ང་རང་ཚོ་ཚང་མས་འདོད་ཀྱི་ཡོད་ན། བདེ་སྐྱིད་ཀྱི་རྒྱུ་ནི་དགེ་བར་སྤྱོད་པ། ལས་བཟང་པོ་ཞིག་བསགས་པ་ལ་བརྟེན་ནས་འབྲས་བུ་བདེ་སྐྱིད་ཡོང་གི་ཡོད། དེས་ན། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་གསུངས་པ་ཡིན། འོ་ན་སྡིག་པ་དང་དགེ་བ་ཞེས་པ་གང་འདྲ་ཞིག་ཡིན་ཞེ་ན། སྡིག་པ་ཞེས་པ་ནི་སྨོད་པར་བྱེད་པ་དང༌། འཇིགས་པར་བྱེད་པ། མདོར་ན་གནོད་པའི་རང་བཞིན་ཅན་ཞིག་ལ་སྡིག་པ་ཞེས་བརྗོད་ཀྱི་ཡོད། དེ་ཡང་བྱ་བ་གང་ཞིག་སྒྲུབ་པའི་སྐབས་སུ་བྱ་བ་དེ་གང་ཟག་གཞན་ཞིག་མི་བདེ་བ་དང་མ་སྐྱིད་པ་བྱེད་པ་དང༌། སྡིགས་པར་བྱེད་པ། འཇིགས་པར་བྱེད་པ་བཅས་ཀྱི་བྱ་བ་དེར་སྡིག་པ་ཞེས་བརྗོད་ཀྱི་ཡོད། དེ་ཙམ་དུ་མ་ཟད་བསམ་བློ་ཞིབ་ཕྲ་བཏང་ན་ལུས་ངག་གི་སྡིག་པའི་ལས་གང་ཞིག་སྒྲུབ་པའི་སྐབས་སུ་སྒྲུབ་པ་པོ་རང་གི་བློ་ཡང་འཁྲུགས་ཏེ་མ་སྐྱིད་པ་ཡོང་བའི་ཐོག་ནས་གནོད་པའི་ལས་དེ་དག་བྱེད་ཀྱི་ཡོད། དཔེར་ན་སྲོག་གཅོད་པ་ལྟ་བུར་ཆ་བཞག་ན། ཕ་རོལ་པོའི་སྲོག་བཅད་དེ་ཕ་རོལ་པོའི་ལུས་དང་ཕྲལ་བའི་གནོད་པ་བྱེད་ཀྱི་ཡོད། ང་རང་ཚོ་སུ་ཞིག་ཡིན་ཡང་རང་གི་སྲོག་ནི་གཅེས་ཤོས་བྱེད་ཀྱི་ཡོད། རང་གི་གཅེས་ཤོས་བྱེད་པ་དེ་ལ་གནོད་པ་བྱེད་མཁན་ནི་སྡིག་པའི་ལས་བྱེད་མཁན་ཡིན། ང་རང་ཚོ་ནང་བཞིན་རང་གི་སྲོག་ལ་གཅེས་ཤོས་བྱེད་མཁན་ཕ་རོལ་པོའི་སྲོག་ལ་བརྩེ་བ་དང་གུས་ཞབས་མེད་པར་དེའི་སྲོག་ཕྲལ་བར་བྱེད་པའི་བྱ་བ་སྒྲུབ་པའི་སྐབས་སུའང་ཕ་རོལ་པོ་ལ་ཁྲོ་བའི་སེམས་དང༌། སྡང་བའི་སེམས། གནག་སེམས་སོགས་ཀྱི་ཐོག་ནས་ཕ་རོལ་པོའི་སྲོག་འཕྲོག་པར་བྱེད་ཀྱི་ཡོད། ཕ་རོལ་པོ་ལ་བརྩེ་བའི་སེམས་ཤིག་ཡོད་ན་སྲོག་འཕྲོག་པར་མི་བྱེད་པ་ཡིན། ཕ་རོལ་པོར་གནོད་པའིསེམས་ཤུགས་ཆེན་པོ་སྐྱེས་པའི་སྐབས་སུ་རང་ཉིད་ཀྱི་སེམས་ཀྱང་སྐྱིད་པ་གང་ཡང་མེད། དེ་འདྲའི་ངང་ནས་སྡིག་པའི་ལས་བྱེད་ཀྱི་ཡོད། མདོར་ན་རང་གཞན་གཉིས་ཀར་གནོད་ཅིང་སྡིགས་པར་བྱེད་པའི་བྱ་བ་དང་ཀུན་སློང་བཅས་ལ་སྡིག་པའི་ལས་དང༌། སྡིག་པའི་སེམས་ཞེས་བརྗོད་ཀྱི་ཡོད། དགེ་བ་ཞེས་པ་ནི། དགེ་ཞིང་ཤིས་པའི་ལས་ཏེ་བཀྲ་ཤིས་པའི་དོན་ཡིན་ཞིང༌། དགེ་བར་གྱུར་ཅིག བཀྲ་ཤིས་པར་གྱུར་ཅིག་ཅེས་པ་བཟང་པོའི་དོན་ཡིན། ལས་གང་ཞིག་བྱས་པ་དེས་ཕ་རོལ་པོའི་རྒྱུད་ལ་དགའ་བདེ་སླེབས་པ་དང༌། རང་ཉིད་ལས་དེ་སྒྲུབ་པའི་སྐབས་སུ་སེམས་དགའ་ལྷང་ལྷང་དང་སྤྲོ་ལྷང་ལྷང་གི་ཐོག་ནས་དགེ་བའི་ལས་གསོག་གི་ཡོད། དཔེར་ན། གཞན་ལ་སྦྱིན་པ་གཏོང་བ་དང༌། སྲོག་གཅོད་སྤོང་བ། སེམས་ཅན་ཚེ་ཐར་གཏོང་བ་སོགས་དགེ་བའི་ལས་སྒྲུབ་སྐབས་ཚེ་ཐར་གཏོང་བའི་སེམས་ཅན་དེ་ལ་བརྩེ་བའི་བསམ་པ་རང་དང་བློ་ཉེ་ཞིང་སྙིང་ནས་བརྩེ་བ་དང༌། སྙིང་བརྩེའི་དབང་གིས་ཡུལ་དེ་ཡང་རང་ལ་ཡིད་དུ་འོང་བར་སྣང་ནས། དེ་མཐོང་བ་ཙམ་གྱིས་སེམས་ནང་དགའ་སྣང་སླེབས་པ་ལྟ་བུ་ཡོང་གི་ཡོད། དེས་ན་དགེ་བའི་ལས་སམ་ཕན་པའི་བྱ་བ་དེས་ཕ་རོལ་པོ་ལ་ཕན་པ་སྨོས་ཅི། དེ་སྒྲུབ་པའི་སྐབས་སུའང་རང་གི་སེམས་ལ་སྐྱིད་སྣང་དང༌། ཞི་བདེའི་བློ་ཞིག་ཡོང་གི་ཡོད་པར་བརྟེན།སྡིག་པ་ཅི་ཡང་མི་བྱ་ཞིང༌། ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། ། ཅེས་གསུངས་པ་ཡིན། བརྩེ་བའི་བསམ་པ་ཞེས་པ་ནི་ཡུལ་སེམས་ཅན་དང་སེམས་ཐག་ཉེ་པོ་ཡོད་པ་ཞིག་དང༌། གནོད་པའི་བསམ་པ་ནི་ཡུལ་སེམས་ཅན་ལ་ཕ་རོལ་པོ་ཞེས་སེམས་ཐག་རིང་པོའི་བློ་ཞིག་ཡོང་གི་ཡོད། ཇི་ཙམ་ཕ་རོལ་པོ་དང་སེམས་ཐག་རིང་བ་དེ་ཙམ་གྱིས་རང་གི་སེམས་ལ་ཐེ་ཚོམ་སླེབས་ནས་གཡོ་སྒྱུ་བྱེད་པ་དང༌། ཕྱི་ནང་མི་མཚུངས་པ་བྱེད་པ་དེ་རིགས་ཡོང་གི་ཡོད། རྩེ་གཅིག་ཏུ་ཕན་པའི་བསམ་པ་ཡོད་ན། བསྙེན་ཅིང་ཉེ་བའི་ཡུལ་དེ་ལ་མགོ་བསྐོར་གཏོང་དགོས་དོན་མེད་ལ། ཕྲག་དོག་འགྲན་སེམས་ནི་དེ་བས་ཡོང་དགོས་དོན་མེད། བློ་དེ་ནི་གཞན་དང་མི་འདྲ་བའི་གུ་ཡངས་པོ་ཞིག་ཡོད། དེས་ན་སྡིག་པའི་སེམས་ཀྱིས་སེམས་མ་སྐྱིད་པ་བཟོ་བ་དང༌། དགེ་བའི་སེམས་ཀྱིས་སེམས་སྐྱིད་པོ་བཟོ་གི་ཡོད། སེམས་མ་སྐྱིད་པ་བཟོ་མཁན་དེ་ལ་སེམས་མ་ཞི་བའམ་སེམས་མ་དུལ་བ་འདྲ་བའི་གུ་ཡངས་པོ་ཞིག་ཡོད། དེས་ན་སྡིག་པའི་སེམས་ཀྱིས་སེམས་མ་སྐྱིད་པ་བཟོ་བ་དང༌། དགེ་བའི་སེམས་ཀྱིས་སེམས་སྐྱིད་པོ་བཟོ་གི་ཡོད། སེམས་མ་སྐྱིད་པ་བཟོ་མཁན་དེ་ལ་སེམས་མ་ཞི་བའམ་སེམས་མ་དུལ་བ་ཞེས་བརྗོད་པ་དང༌། སེམས་སྐྱིད་པོ་བཟོ་མཁན་དེ་ལ། སེམས་ཞི་བའམ་སེམས་དུལ་བ་ཞེས་བརྗོད་ཀྱི་ཡོད། དེས་ན།རང་གི་སེམས་ནི་ཡོངས་སུ་འདུལ། ། ཞེས་གསུངས་པ་ཡིན། ནང་པ་སངས་རྒྱས་པའི་ཆོས་འདི་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་ཡིན་ཞེས་གསུངས་པ་འདི་དངོས་གནས་དངོས་ཡོད་གནས་ཚུལ་དང་འཚམས་ཤིང༌། ནང་བསམ་བློའི་ཐོག་ནས་བསམ་གཞིགས་བྱས་ན་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོད། དེ་ལྟ་བུའི་ལྟ་བའི་གྲོགས་དང་བཅས་ཐར་པ་དོན་གཉེར་གྱི་བློ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་དང༌། མདོར་ན་གཞན་དོན་དོན་གཉེར་གྱིས་རྒྱུ་བྱས་ཤིང༌། བྱང་ཆུབ་དོན་གཉེར་གྱི་མཚུངས་ལྡན་དུ་གྱུར་པའི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་ནི་ནང་པ་སངས་རྒྱས་པའི་ཆོས་ཚུལ་གྱི་སྙིང་པོ་ཆགས་ཡོད། དེས་ན་སྟོན་པའི་ཡོན་ཏན་རྣམས་ཤེས་པར་བྱེད་དགོས་ལ། ཕྱི་ནང་གི་ཁྱད་པར་རྣམས་ཀྱང་ཤེས་པར་བྱེད་དགོས། སྟོན་པའི་བཀའ་དྲིན་རྗེས་སུ་དྲན་ནས་གང་ཞིག་བྱེད་དགོས་ཞེ་ན། སྟོན་པའི་བསླབ་བྱ་རྣམས་རང་གི་རྒྱུད་ཐོག་ཏུ་སྦྱར་ནས་ཉམས་ལེན་བྱེད་དགོས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། སྟོན་པའི་ཡོན་ཏན་དེ་ཡང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མང་དུ་ཡོད་ཀྱང༌། གཙོ་བོ་ཐུགས་ཀྱི་ཡོན་ཏན་དང༌། དེ་ལའང་ཡོན་ཏན་མང་དུ་ཡོད་པའི་ནང་ནས་གཙོ་བོ་ནི་མཁྱེན་པའི་ཡོན་ཏན་དང་བརྩེ་བའི་ཡོན་ཏན་ཡིན། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། ། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། ། དམ་པའི་ཆོས་ནི་སྟོན་མཛད་པའི། ། ཞེས་པས་མཁྱེན་པའི་ཡོན་ཏན་དང༌། བརྩེ་བའི་ཡོན་ཏན་རྣམ་གཉིས་གསུངས་ཡོད། དེས་ན་ང་རང་ཚོས་སྟོན་པའི་ཆོས་ཀྱི་སྙིང་པོ་སྟོན་པའི་ཐུགས་རྒྱུད་ལ་ཡོད་པའི་བརྩེ་བའི་ཡོན་ཏན་ཏེ། གྲུབ་བྱེད་ཐུགས་རྗེ་གོམས་ལས་བྱུང༌། ། ཞེས་གསུངས་པ་ལྟར་ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོ་གོམས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་བརྩེ་བའི་ཡོན་ཏན་མཐར་ཐུག་པ་དེ་བྱུང་བ་ཡིན། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་མཁྱེན་པའི་ཡོན་ཏན་ནི། བདག་མེད་པའི་དོན་ལ་བློ་འདྲིས་ཤིང་གོམས་པར་བྱས་པའི་ཤེས་རབ་མཐར་ཐུག་པ་དེ་སངས་རྒྱས་ཀྱི་མཁྱེན་པའི་ཡོན་ཏན་ཡིན་ཞིང༌། དེས་ན་ང་རང་ཚོས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་ནས་རྗེས་དྲན་ཇི་ལྟར་བྱེད་དགོས་ཤེ་ན། དེ་ནི་བྱང་ཆུབ་སེམས་དང༌། སྟོང་ཉིད་ཀྱི་ལྟ་བ་གཉིས་ཉམས་ལེན་བྱ་རྒྱུ་དེ་ཡིན། དེ་ཡང་ང་རང་ཚོ་མི་ཚེ་གཅིག་པོ་འདིར་གང་ཐུབ་གི་བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་ཀྱི་ལྟ་བའི་ཐོག་བསམ་བློ་བཏང་ནས་རང་སེམས་ལ་མྱོང་བ་ཐོན་རྒྱུ་ཡོད་པ་ཞིག་དང༌། མྱོང་བ་དེའི་ཐོག་ནས་སེམས་ལ་རིམ་པས་འགྱུར་བ་འགྲོ་ཐུབ་པའི་ཐོག་ངེས་པར་བསམ་བློ་གཏོང་དགོས། ཕྱག་འཚལ་སྐོར་སྦྱོང་སོགས་དགེ་བ་མང་པོ་ཞིག་སྒྲུབ་ཀྱི་ཡོད་པ་དེ་རྣམས་བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་ཀྱི་ལྟ་བ་མ་སྐྱེས་པ་སྐྱེས་པ་དང༌། སྐྱེས་པ་གོང་ནས་གོང་དུ་འཕེལ་བའི་རྒྱུ་རུ་དམིགས་ནས་དགེ་སྦྱོར་གཞན་རྣམས་དེའི་ཡན་ལག་གི་ཚུལ་དུ་ཉམས་ལེན་བྱེད་ཐུབ་པ་ཞིག་བྱུང་ན་ཧ་ཅང་ཡག་པོ་རེད།
 སྤེལ་མཁན:  སྤེལ་དུས:2013/11/2
༄།།རེ་བའི་སྣང་བྱེད་ནས་མཁས་དབང་རྣམས་ལ་དྲི་བ་ཞིག་ཞུ་དགོས་བྱུང་བས་ཡིག་ངག་གང་རུང་གི་ལམ་ནས་གསུང་གནང་རོགས། ལྷ་བབ་དུས་ཆེན་གྱི་ངོ་སྤྲོད་དང་། ལྷ ཡུལ་ལ་གང་གི་ཆེད་དུ་ཕེབས་མིན་སྐོར་གསུང་རོགས གནང་།ངག་གི་དབང་ཕྱུག་ནས།༄།།རེ་བའི་སྣང་བྱེད་ལགས།སངས་རྒྱས་ལྷ་ཡུལ་དུ་ཕེབས་པ་ལ་དགག་ཕྱོགས་ཀྱི་དགོས་པ་གཅིག་དང་།སྒྲུབ་ཕྱོགས་དགོས་པ་གཅིག་སྟེ་གཉིས་ཡོད་པ་ཉན་ཐོས་སྡེ་བའི་མདོ་ཡི་ལུང་ཕྲན་ཚེགས་དང་།ཐེག་ཆེན་པའི་མདོ་སྡེ་མཛངས་བླུན་གཉིས་ན་འདུག་ལགས།དེ་ཡང་སྟོན་པས་ཆོ་འཕྲུལ་ཆེན་པོའི་སྐབས་དེར་ཡུལ་ཐམས་ཅད་དུ་སྟོན་པའི་མཚན་སྙན་འབྲུག་ལྟར་གྲགས་པ་ན།དེའི་རྐྱེན་པས་དགེ་སློང་ཕ་མ་ལ་མི་མང་བྱིང་ནས་བསྙེན་བཀུར་ཧ་ཅང་བྱུང་།དེ་ནས་གང་མཚམས་ན་སྟོན་པ་གང་ཕེབས་དང་གང་བཞུགས་ས་ན་རབ་བྱུང་རྣམས་བསྙེན་བཀུར་གྱིས་རྒྱགས་པ་དང་གཡེང་བས་ཐོས་བསམ་སྒོམ་གསུམ་ལ་བར་ཆོད་འབྱུང་བས་ན།སྟོན་པས་བསྙེན་བཀུར་ཚོད་ལས་བརྒལ་བ་དེ་ཁ་འགྲིབ་པའི་ཆེད་དང་།རང་གི་ཡུམ་ཆེན་ལྷ་ཡུལ་ན་སྐྱེས་པ་དེ་བདེན་པ་མཐོང་བ་ལ་བཀོད་ཆེད་དུ་ལྷ་ཡུལ་ལ་ཕེབས་པ་རེད་ལགས།དེ་ནས་ལོ་དེའི་དབྱར་ཟླ་བ་གསུམ་ལ་སྟོན་པ་འཛམ་གླིང་དུ་མཇལ་རྒྱུ་མེད་པས་གདུལ་བྱ་རྣམས་ཧ་ཅང་གདུང་བས་མོདྒལ་བུ་ལ་སྟོན་པ་གང་བཞུགས་དང་གདན་འདྲེན་ཞུས་པ་ན།མོདྒལ་བུ་ལྷ་ཡུལ་དུ་ཕེབས་ནས་ཚུལ་དེ་སྟོན་པ་ལ་ཞུས།དེ་ནས་སྟོན་པས་ད་ནས་དགག་དབྱེ་བྱ་སྟེ་ཞག་བདུན་ན་འཛམ་གླིང་ན་བབས་པའི་བཀའ་ཡི་གནང་བ་ཐོབ།དེ་ནས་དབྱར་ཟླ་བ་གསུམ་གྱི་མཐར་དགག་དབྱེ་བྱས་ཏེ་ཐ་ཀ་ཟླ་བའི་མར་ངོའི་ཚེས་བདུན་ཏེ་ཟླ་བ་དགུ་བའི་ཚེས་ཉེར་གཉིས་ལ་སྟོན་པ་འཁོར་བཅས་ལྷ་སུམ་ཅུ་རྩ་གསུམ་ནས་འཛམ་གླིང་གི་གྲོང་ཁྱེར་གསལ་ལྡན་ལ་བབས།སྐབས་དེར་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་ནོར་ཐེམ་སྐས་བསྲིངས་བས་ན།དེ་ཡི་བསོད་ནམས་གསོག་ཆེེད་དུ་སྐབས་རེར་དེ་ནས་བབས།སྐབས་རེ་ལ་མུ་སྟེགས་ཀྱིས་རྫུ་འཕྲུལ་ལ་མི་སྨད་པའི་ཆེད་དུ་རྫུ་འཕྲུལ་གྱིས་བབས་པ་སོགས།མདོར་ན་སྐྱེ་བོ་ཐུན་མོང་བ་ལ་ངོ་མཚར་རྨད་དུ་བྱུང་བའི་མཛད་ཆེེན་སྟོན་པས་འགྲོ་བ་གྲངས་ཀྱིས་མི་ལོངས་པ་ཐར་པ་དང་དེའི་ལམ་ལ་བཀོད་དོ།།དེས་ན་དུས་ཆེན་བཞི་པོ་གང་རུང་ལ་དགེ་བའི་འགྱུར་ཆེད་དཔག་ཏུ་མེད་པ་ཡང་འདུལ་བ་ལུང་ལས་བྱུང་ལ།འདི་དག་ནི་ཡིད་ཆེས་ཀྱི་སྒོ་ནས་རྟོགས་པ་བྱ་བ་ཡིན་གྱི་རྟོག་གེའི་ལམ་ནས་ཇི་བཞིན་རྙེད་དུ་མེད་པས་སྡིག་སྤོང་དགེ་སྒྲུབ་ལ་འབད་པར་འཚལ་ལོ།།ལྷ་རམས་ངག་གི་དབང་ཕྱུག་རིན་ཆེན་པས་རབ་གནས་ཆུ་སྦྲུལ་ཐ་ཀ་ཟླ་བའི་དམར་ཕྱོགས་དགའ་བ་དང་པོར་མཁས་པའི་གླེང་སྟེགས་སུ་ཕུལ་ལོ།། སྤྱིར་རང་ཅག་རྣམས་ཀྱིས་བྱ་བ་གང་འདྲ་བྱེད་ཀྱང་རྒྱུ་མཚན་ཤེས་པའི་སྒོ་ནས་སྒྲུབ་ན་ཕན་རླབས་ཆེ་བས།ལྷ་བབས་དུས་ཆེན་གྱི་སྐོར་འདི་ནི་དུས་བཞིའི་འགྱུར་ལྡོག་ཆེན་པོའི་གཤིས་ལས་ཟླ་བ་གཅིག་ཙམ་འགྱུང་ཡང་།འདི་ལོར་ཟླ་གཤོལ་དབང་གིས་དངོས་ཡོད་དང་མཐུན་འདུག་ལགས་ན་ངག་གི་དབང་ཕྱུག་པས་སླར་ཡང་ཐ་ཟླའི་དམར་ཕྱོགས་རྫོགས་པ་དང་པོའི་ལྷག་པ་དཀར་པོ་ས་ཆུ་འཕྲོད་པའི་དགེ་བ་ལ་མདའ་སྨྱུག་གླེང་སྟེགས་སུ་ཕུལ་ལོ།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
18555108
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号