བོད་ཡིག་གི«གླིང་སྒྲུང་གཅེས་བཏུས»ལེགས་སྒྲིག་པར་སྐྲུན་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »བོད་ཡིག་གི«གླིང་སྒྲུང་གཅེས་བཏུས»ལེགས་སྒྲིག་པར་སྐྲུན་བྱས་པ།
བོད་ཡིག་གི«གླིང་སྒྲུང་གཅེས་བཏུས»ལེགས་སྒྲིག་པར་སྐྲུན་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/11/25ལྟ་ཀློག (1984)རྩོམ་ཁུངས: མཚོ་སྔོན་པོ་དྲ་བ།པར་འདེབ།

                  གླིང་སྒྲུང་གཅེས་བཏུས།

    «གླིང་གེ་སར་རྒྱལ་པོའི་སྒྲུང»ནི་བོད་མི་རིགས་ཀྱིས་བསྐྲུན་པའི་རླབས་ཆེ་བའི་དཔའ་བོའི་སྙན་རྩོམ་རིང་མོ་ཞིག་ཡིན་ལ། དེའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གཏམ་རྒྱུད་ཀྱི་རྫོངས་མཐུག་ལ་གནའ་བོའི་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། སྤྱི་ལོ1983ལོར་རྒྱལ་ཁབ་ཀྱིས་ལོ་རྒྱུས་སྙན་རྩོམ་རིང་མོ«གླིང་གེ་སར་རྒྱལ་པོའི་སྒྲུང»འཚོལ་བསྡུ་ལེགས་སྒྲིག་བྱེད་པ་དེ་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གཙོ་བོར་བཞག སྤྱི་ལོ2013ལོའི་ཟླ8པའི་ཟླ་མཇུག་ཏུ་རིག་གནས་པ་དང་ཞིབ་འཇུག་པ་མི་རབས་འགའ་ཡིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས། བོད་ཡིག་གི«གླིང་སྒྲུང་གཅེས་བཏུས»(པོད40)ལེགས་སྒྲིག་པར་སྐྲུན་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་ཞིང་། དུས་ཡུན་ཏག་ཏག་ལོ་ངོ30འགོར།

     གསར་འགོད་པ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོའི་སྡོད་ཡུལ་དུ་སླེབས་སྐབས་ཁོང་དགའ་སྤྲོས་ཁེངས་ཤིང་། གླིང་སྒྲུང་གཅེས་བཏུས་ཀྱི་ལས་གཞིའི་འགན་ཁུར་མི་སྣ་དང་གཙོ་སྒྲིག་པ་ཡིན་པའི་ཆ་ནས། ཁོང་གིས་འདི་ནི་རང་རྒྱལ་གྱི«གླིང་གེ་སར་རྒྱལ་པོའི་སྒྲུང»གི་ལས་དོན་ཐད་ནས་རྡོ་རིངས་ལྟ་བུའི་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་ཡིན་ལ། དེ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་རིག་གནས་ཀྱི་རྒྱུ་ནོར་དང་བསམ་པའི་ལོངས་སྤྱོད་ཡིན་ཞེས་ཟེར།

    གླིང་སྒྲུང་གཅེས་བཏུས་དེར་བསྡོམས་པས་པོད40ཡོད་པ་དང་དེབ51ཡོད། པོད་ལ་ལར་སྟོད་ཆ་དང་སྨད་ཆ། ཡང་ན་སྟོད་ཆ་དང་བར་ཆ། སྨད་ཆ་གསུམ་ཡོད་ལ། བར་བཅུག་རི་མོ་སུམ་བརྒྱ་དང་དྲུག་ཡོད་པ་དང་སྙན་ཚིག་རྐང་བ་འབུམ་དྲུག་ཙམ་ཡོད་ཅིང་། དེབ་ཀྱི་ཁ་གྲངས་དང་ཡིག་གྲངས་གཉིས་ཀྱི་ཆ་ནས་སྔོན་གྱི་འཆར་གཞི་ལས་བརྒལ་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/12/1
བོད་མི་ལ་ལར་གེ་སར་སྒྲུང་ལ་ལྟ་ཀློག་བྱེད་པ་ནི་ཉི་མ་འཁྱོལ་ཐབས་བྱེད་པ་ལྟ་བུའི་འདུ་ཤེས་འདུག་མོད། དེ་ནི་ཡོངས་སུ་ནོར་བ་རེད། ང་ཚོས་གེ་སར་གྱི་སྒྲུང་འདི་མི་རིགས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཞིག་ཏུ་རྩི་དགོས་པ་མ་ཟད། དེ་ལ་ངེས་པར་དུ་ལྟ་ཀློག་བྱེད་དགོས། ལྷག་པར་དུ་སློབ་ཆུང་གི་ལོ་རིམ་མཐོ་ཤོས་དང་སློབ་འབྲིང་སློབ་ཆེན་སོགས་ཀྱི་སློབ་མས་ལྟ་ཀློག་བྱེད་ཐུབ་ན། གཅིག་ནས་ཀློག་འདོན་གྱི་ནུས་པ་སྐྱེད་པ་དང་། གཉིས་ནས་མྱོང་རོལ་གྱི་ཆུ་ཚད་མཐོར་འདེགས་བྱེད་པ། གསུམ་ནས་ཡི་གེའི་དག་ཆ་ཐོན་པར་ཕན་པ་དང་། བཞི་ནས་ཐ་སྙད་ཕུན་སུམ་ཚོགས་པར་བཏང་བ་དང་ཚིག་སྦྱོར་ལ་བྱང་བ་སོགས་ལ་ནུས་པ་བསམ་གྱིས་མི་ཁྱབ་པས། འདིར་༼གླིང་སྒྲུང་གཅེས་བཏུས་༽ལེགས་སྒྲིག་བྱུང་བར་ཐུགས་རྗེ་ཞུ་བ་དང་། བོད་ཀྱི་ཀློག་པ་པོ་དག་གིས་ལྟ་ཀློག་རྒྱ་ཆེར་བྱེད་པའི་འབོད་སྐུལ་བྱེད་དོ།། འབྲོག་མིས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41933596
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1