དགའ་ལྡན་ལྔ་མཆོད་ཆེན་མོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དུས་ཆེན་ངོ་སྤྲོད། »དགའ་ལྡན་ལྔ་མཆོད་ཆེན་མོ།
དགའ་ལྡན་ལྔ་མཆོད་ཆེན་མོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/11/27ལྟ་ཀློག (13747)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     ༧ལོ་རེའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ནི་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པའི་དུས་ཆེན་ཡིན་པས་རང་ཅག་བུ་སློབ་རྣམས་ཀྱིས་རྗེ་༧ཙོང་ཁ་བ་ཆེན་མོ་རྗེས་དྲན་གྱི་ཆེད་གླིང་མེ་༼ གླིང་བར་དུ་སྒྲོན་པའི་མཆོད་མེ་༽འབུལ་བ་དང་འབྲེལ་བར་སྡིག་སྤོང་དགེ་སྒྲུབ་ལ་འབད་ན་བསོད་ནམས་དཔག་ཏུ་མེད་པ་འཐོབ་པས་དེ་དོན་ཐུགས་ལ་འཇོག་པར་ཞུ།

    རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ་ཕྱི་ལོ་༡༣༥༦ལོར་མདོ་སྨད་སའི་ཆ་ཤར་ཙོང་ཁའི་ཡུལ་ཏེ་དེང་གི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་ལ་བཞེས་སྐབས་ཀརྨ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་པ་དང་། ཏ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་སེང་གེའི་སློབ་མ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་དྲུག་ལ་སོན་སྐབས་ཆབ་མདོ་བརྒྱུད་དབུས་སུ་ཕེབས། དགུང་ལོ་བཅུ་བདུན་པའི་སྟེང་དབུས་སུ་བྱོན་ནས་ཚལ་གུང་ཐང་དུ་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་སྨན་དཔྱད་ཡན་ལག་བརྒྱད་པའི་གཞུང་ལ་སྦྱང་བ་གནང་། ཆུ་གླང་ཕྱི་༡༣༧༣ལོའི་སྟོན་དུས་འབྲི་གུང་མཐིལ་དུ་ཕེབས་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་མཇལ་ཞིང་། ཐེག་ཆེན་སེམས་བསྐྱེད་སོགས་ཞུ་གནང་མཛད། དགུང་ལོ་བཅུ་དགུ་པར་གསང་ཕུའི་གླིང་སྟོད་ཆོས་གྲྭར་ཞུགས་ནས་ཕར་ཕྱིན་གྲྭ་སྐོར་མཛད། དགུང་ལོ་ཉི་ཤུ་རྩ་གཅིག་པར་གཙང་ཕྱོགས་སུ་ཕེབས་ནས་ཉ་དབོན་ཀུན་དགའ་དཔལ་བཟང་དང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་བཙུན་ཆོས་ཀྱི་དཔལ་བ། ས་སྐྱ་བསོད་ནམས་རྒྱལ་མཚན། སྣར་ཐང་ལོ་ཙཱ་པ་སོགས་བསྟེན་ནས་གཞུང་ཕར་ཚད་སོགས་དཔྱིས་ཕྱིན་པ་གསན་སྦྱོང་མཛད་པས་མཁས་པའི་གྲགས་པ་ཐོབ། དགུང་ལོ་ཉེར་ལྔའི་ཐོག་ཕར་ཕྱིན་ཊཱིཀྐ་མཛད། དགུང་ལོ་ཉི་ཤུ་རྩ་བདུན་པར་ཡར་ལུང་དུ་ཕེབས་ནས་མཁན་ཆེན་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།རྩེད་ཐང་གི་ཆོས་གྲྭར་ཞུགས་ནས་དཀའ་ཆེན་བཞིའི་གྲྭ་སྐོར་གནང་། དགུང་ལོ་ཉེར་དགུ་པར་ལྷ་སར་ཕེབས་ཏེ་ཚལ་གུང་ཐང་དུ་བཀའ་འགྱུར་ཞིབ་གཟིགས་གནང་། དགུང་ལོ་སོ་བརྒྱད་ཐོག་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་སྡོད་རབ་གྲོང་དུ་དཀའ་བཅུའི་གྲྭ་སྐོར་མཛད། དགུང་ལོ་ཞེ་དྲུག་ཐོག་རྭ་སྒྲེང་དུ་བྱང་ཆུབ་ལམ་རིམ་ཆེན་མོ་དང་། དགུང་ལོ་ཞེ་དགུར་སྔགས་རིམ་ཆེན་མོ་སོགས་མཛད། དགུང་ལོ་ང་གསུམ་སྟེང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཏོད། འབྲོག་རི་བོ་དགའ་ལྡན་ཕྱག་བཏབ། དགུང་ལོ་ང་དགུ་པར་དགའ་ལྡན་ཡངས་པ་ཅན་གྱི་རྨང་བཏིངས། འགྲེལ་བ་བཞི་སྦྲགས་མཛད། དགུང་ལོ་རེ་གཅིག་ཐོག་དགའ་ལྡན་ཡངས་པ་ཅན་རྟེན་དང་བརྟེན་པར་བཅས་པར་གྲུབ་པའི་རབ་གནས་མཛད་པ་སོགས་གྲུབ་མཐའ་ཀུན་ལ་རིས་མེད་ཀྱིས་སློབ་གཉེར་མཛད་ནས་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་ལུགས་བཟང་སྤེལ་ཏེ་གངས་ཅན་སྐྱེ་འགྲོ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཀུན་གྱིས་གུས་ཤིང་བཏུད་པའི་གནས་སུ་གྱུར། ཆོ་འཕྲུལ་སྨོན་ལམ་དང་དགའ་ལྡན་སྒྲུབ་མཆོད་ཆེན་མོ། གཉལ་གྱི་ལུང་ར་ཆེན་མོ། རྫིང་ཕྱིའི་བྱམས་པ་ཞིག་གསོ་བཞི་ནི་རྗེའི་མཛད་ཆེན་བཞིར་གྲགས། མཐར་དགུང་གྲངས་རེ་གསུམ་པ་རབ་བྱུང་བདུན་པའི་ས་ཕག་ཕྱི་ལོ༡༤༡༩ལོའི་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ལ་གཟིམ་ཁང་འོད་སྦུག་ཏུ་སྐུ་མྱ་ངན་ལས་འདས། གསུང་འབུམ་པོད་བཅུ་དགུ་བཞུགས།


         燃灯节今天是农历十月二十五日,是藏传佛教格鲁派创始人宗喀巴大师的圆寂日、格鲁派寺院为纪念大师把这一天定为燃灯节。燃灯节万供法会也是藏传佛教格鲁派寺院的重大节日。宗喀巴(1357___1419)藏传佛教格鲁派的创立者,(公元1419年10月25日)享年63岁。

      燃灯节又称“五公节”,藏语叫“葛登阿曲”,是西藏、青海、四川、甘肃等省、区藏族人民的宗教节日,每年藏年十月二十五日举行,为期一天。
燃灯节是为了纪念佛教改革家,格鲁派创始人,宗喀巴大师的逝世而举行的活动。这天凡属该教派的各大小寺庙、各村寨牧民,都要在寺院内外的神坛上,家中的经堂里,点酥油灯,昼夜不灭。

中文名:燃灯节    

别名:五公节

节日时间:藏年十月二十五日 

节日类型:宗教节日 

节日活动:点元根灯 

节日意义:纪念宗喀巴大师


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/11/2
༼ དགེ་ལུགས་པའི་ཟླ་བཅུ་བའི་ ་ ་ལྔ་མཆོད་ཆེན་མོར་ཕུལ། ༽ ་ ་ ༼༡༽ ཟས་གཙང་སྲས་ཀྱིས་བསྟན་པའི་ཆོས།། རྒྱ་གར་པན་གྲུབ་བརྒྱུད་པའི་མཐར།། རྒྱན་དྲུག་མཆོག་གཉིས་ལྟ་བའི་གནད།། མ་ནོར་རྟོགས་རབ་གསུང་བའི་རྗེ།། ་ ༼ ༢༽ ཡིན་དང་མིན་གྱི་སྣ་ཚོགས་ལུགས།། བརྟག་ཅིང་དཔྱད་པའི་མཐའ་མ་རུ།། ཞྭ་སེར་འབོད་པའི་གྲུབ་མཐའ་དེ།། གསར་དུ་འབྱེད་ནོ་ངོ་སོ་བསྟོད།། ་ ༼༣༽ ཇོ་ནང་མཁན་པོའི་གཞན་སྟོང་དང་།། དགེ་ཆོས་སྐྱ་བོའི་འདོད་ལུགས་སོགས།། བདེན་རྫུན་རྩོད་པའི་གཏམ་གྱི་མཛོད།། ཇི་ལྟར་བསྒྲགས་ཀྱང་མ་འགྱུར་ཐ།། ་ ༼༤༽ དད་པའི་གནས་ལུགས་མི་བཤད་པར།། རྒྱུ་དང་རྐྱེན་ལ་དཔང་བཅོལ་བའི།། ནུབ་ཕྱོགས་ལུགས་ཀྱི་རིག་གསར་གྱིས།། འུ་ཚོའི་གྲུབ་མཐར་ཅི་ཞིག་བཤད།། ་ ༼༥༽ འཁོར་བ་བྲལ་ཞིང་ཆོས་གྱི་ཕུགས།། བློ་ཁོག་གཏོད་པའི་གྲྭ་བའི་རིགས།། ༼སྒོ་ཤེར་༽ལྟ་བུའི་ནང་བསྟན་པར།། འེ་ཡོང་ལྟོས་ར་ད་རུང་གནས།། ་ ༼༦༽ དེ་ལྟར་མིན་ན་ལྷ་བོ ་ཆེར།། རྫུ་འཕྲུལ་ཆེ་ཞེས་ཨུ་ཚུགས་གྱིས།། མང་ཚོགས་མང་བོའི་ཡན་ཆད་ནས།། བཤད་རྒྱུར་ཟེར་ན་རང་གིས་ཤེས།། ་ ༼༧༽བརྒྱ་བྱིན་བདག་་གིས་ལྔ་མཆོད་ལ།། ཕྱིར་དྲན་བྱེད་ཤོར་འཕྲོས་པའི་གཏམ།། འཛེམ་དོགས་མ་བྱས་གླེང་བ་ཡིས།། སྤོ་ཆེན་རྩོང་ན་དགོངས་དག་ཞུ།། ༢༠༡༣ . ༡༡. ༢༧ ཉིན་ལ་༼རྔ་བ་ཚང་༽དུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41126487
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1