«ཞི་ཅིན་ཕེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས»ཞེས་པའི་དཔེ་ཆ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »«ཞི་ཅིན་ཕེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འ
«ཞི་ཅིན་ཕེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས»ཞེས་པའི་དཔེ་ཆ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/12/2ལྟ་ཀློག (1916)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།པར་འདེབ།

      ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཚགས་ཞིབ་མཇུག་ཁང་གིས་རྩོམ་སྒྲིག་བྱས་པའི«ཞི་ཅིན་ཕེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས»ཞེས་པའི་དཔེ་ཆ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་ཏེ་རྒྱལ་ཡོངས་སུ་བཀྲམས།

      ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་བཏོན་པར་མ་ཟད་རྒྱས་བཤད་གཏིང་ཟབ་པ་གནང་ནས། ཀྲུང་གོའི་ཕུགས་འདུན་གྱི་གཞི་རྩའི་ནང་དོན་ནི་རྒྱལ་ཁབ་འབྱོར་ཕྱུག་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ཡོང་རྒྱུ་དེ་ཡིན་ལ། ཀྲུང་གོའི་ཕུགས་འདུན་དེ་མདོར་བསྡུས་ན་མི་དམངས་ཀྱི་ཕུགས་འདུན་ཡིན། མི་དམངས་ཡོངས་ཀྱིས་ཆེས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྙེག་བྱེད་པ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་འབེན་ཡིན་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོའི་སྙིང་སྟོབས་དར་སྤེལ་དུ་གཏོང་བ། ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། ཀྲུང་ཧྭའི་བུ་བུ་མོ་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་ཕྱོགས་སུ་བློ་སེམས་གཅིག་མཐུན་བྱེད་དགོས། ཀྲུང་གོའི་ཕུགས་འདུན་ནི་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ཕུགས་འདུན་ཞིག་ཡིན་པ་དང་དེས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་མ་ཟད། འཛམ་གླིང་གི་མི་དམངས་ཡོངས་ལའང་བདེ་སྐྱིད་བསྐྲུན་ཐུབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ང་ཚོ་མི་རེ་རེའི་དཀའ་སྤྱད་ཀྱི་ངལ་རྩོལ་དང་འབད་འབུངས་ཀྱི་སྟོབས་ཤུགས་ཡོད་དགོས་ལ། དེ་ལྟར་བྱས་ན་ད་གཟོད་ཕུགས་འདུན་དེ་མངོན་འགྱུར་ཡོང་ཐུབ་ཅེས་བསྟན། རྒྱས་བཤད་གལ་ཆེན་འདི་དག་ནན་ཏན་གྱི་སྒོ་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་ང་ཚོས་ཀྲུང་གོའི་ཕུགས་འདུན་གྱི་ནང་དོན་དང་ངོ་བོར་གཏིང་ཟབ་པའི་སྒོ་ནས་རྒྱུས་ལོན་བྱེད་པ་དང་ཁྱོན་ཡོངས་ནས་གོ་བ་ལེན་བླངས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

     «ཞི་ཅིན་ཕེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས»ཁྱོན་བསྡོམས་པས་ཆེད་སྒྲིག་བརྒྱད་དུ་བཀར་ཡོད་པ་དང་དེའི་ནང་རྣམ་བཤད་ཚན་པ་བརྒྱ་དང་ཞེ་དྲུག་བསྡུས་ཡོད། དེའི་ནང་དུ་བློ་མཐུན་ཞི་ཅིན་ཕེན་གྱི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་བར་གྱི་གཏམ་བཤད་དང་འཆད་ཁྲིད། ཁ་བརྡ། འཕྲིན་ཡིག མཛུབ་སྟོན་སོགས་གལ་ཆེ་བའི་ཚད་ལྡན་ཡིག་ཆ་ལྔ་བཅུ་ལྷག་ཡོད་པ་དང་། དེའི་ནང་གི་རྣམ་བཤད་ཁ་ཤས་ཐེངས་དང་པོར་ཡོངས་བསྒྲགས་འགྲེམ་སྤེལ་བྱས་པ་རེད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/3/21
good
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41938751
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1