སྨན་པ་བྱང་རིག་ཁོ་ངོ་སྤྲོད་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 19 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» གྲགས་ཅན་སྐྱེས་པའི་སྡེ། »སྨན་པ་བྱང་རིག་ཁོ་ངོ་སྤྲོད་མདོར་བསྡུས།
སྨན་པ་བྱང་རིག་ཁོ་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/2ལྟ་ཀློག (9909)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


       ༄༅། །དངུལ་ཁབ་རིག་པའི་མཁན་པོའམ་སྨན་པ་བྱང་རིག་ཁོ་ནི་སི་ཁྲོན་མཛོད་དགེ་གླིང་བའི་ཧུ་ར་སྟོད་དུ་སྐྱེས།   སྤྱི་ལོ༡༩༦༨ལོ་ཡུལ་ཚོའི་སློབ་ཆུང་ལ་ཞུགས།   སྤྱི་ལོ་༡༩༧༦ལོར་བཞག་ལྡོམ་ལྔ་བདུན་སློབ་གྲྭ་ལ་ཞུགས།  སྤྱི་ལོ་༡༩༧༨ལོར་རང་ཡུལ་སློབ་ཆུང་གི་དམངས་སྒྲུབ་དགེ་རྒན་བྱས།   སྤྱི་ལོ་༡༩༨༦ལོར་རྐང་རྗེན་སྨན་པའི་ལས་ལ་ཞུགས།   ལོ་དེའི་ཟླ་༡༡ཚེས་༡༡ཉིན་དགེ་བའི་བཤེས་གཉེན་ཆེན་མོ་རྗེ༧བློ་བཟང་ཉི་མ་མཆོག་གི་མདུན་ནས་གསོ་རིག་རྒྱུད་བཞི་དང་གསོ་རིག་ཟིན་ཏིག་གཅེས་བསྡུས་སོགས་ལ་སྦྱང་།    སྤྱི་ལོ་༡༩༩༠ལོ་ཡང་རྗེ་༧བློ་བཟང་ཉི་མ་ཚང་གི་སྐུ་མདུན་ནས་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོའི་ཐུགས་བཅུད་ཟབ་མོ་གཡུ་ཐོག་སྙིང་ཐིག་གི་དབང་དང་།  སྨན་གྱི་ལྷ་མོའི་རྗེས་གནང་།   དྲང་སྲོང་སེར་སྐྱའི་རིགས་གཏད།    མཐའ་བརྟན་ཚེ་དབང་འཆི་བདག་བདུད་འཇོམས་སོགས་དབང་དང་རྗེས་གནང་གི་བསྐལ་བ་བཟང་བོ་ཐོབ།   

         སྤྱི་ལོ་༡༩༩༣ལོར་རྒྱལ་ཁབ་རིམ་པའི་ཆེད་ལས་མཁས་པ་རྒན་ཨ་ཁུ་བསྟན་ཁོ་ཚང་གི་མདུན་ནས་རྒྱུད་ཆུང་གསུམ་ལ་སློབ་སྦྱོང་བྱས། སྤྱི་ལོ་༡༩༩༨ལོ་ས་གནས་ལོ་རྒྱུས་སི་ཁྲོན་མཛོད་དགེ་གླིང་བ་དགོན་གྲོང་གི་ལོ་རྒྱུསབརྩམས།  ཁོའི་བྲིས་པའི་རྩོམ་ཡིག་ཁྲོད་ལོག་པའི་རྫས་ངན་ཐ་མ་ཁའི་ཉེས་སྐྱོན་མདོ་ཙམ་བརྗོད་པ་གཟུར་གནས་དགྱེས་པའི་འཛུམ་དཀརདང་མྱོས་བྱེད་ཆང་གི་ཉེས་པ་རགས་ཙམ་བརྗོད་པ་ཀུན་ཕན་ངག་གི་བདུད་རྩི)(སྦྲང་དཀར་རྩམ་བཤདབཅས་ལ་སྤྱི་ཚོགས་སྟེང་བསྔགས་བརྗོད་ཐོབ། ཁོའི་གསོ་རིག་དཔྱད་རྩོམ་ཏེ་གཉན་ནད་ཀླད་བབས་ཀྱི་བཅོས་དཔྱད་ཟུག་འཇོམས་སྲོག་སྟེར་བདེ་པའི་འཁོར་ལོཞེས་པར་རྔ་ཁུལ་སྐབས་གསུམ་པའི་བོད་ཀྱི་གསོ་རིག་ཞིབ་བསྡུར་ཚོགས་འདུའི་སྟེང་ཕུལ་བྱུང་རྩོམ་གྱི་བྱ་དགའ་ཐོབ། དེ་མིན་ཤོ་མྰ་ཅང་སྟེ་ནད་ཚབས་ཆེན་པོ་ལྔའི་སློང་རྐྱེནཞེས་པའི་དཔྱད་རྩོམ་ལ་རྔ་ཁུལ་བོད་ཀྱི་སྐད་ཡིག་སྒྲ་བསྒྱུར་སློབ་ཚོགས་དང་དུས་དེབ་གུར་ཀུམ་ཆུན་པོས་ཕུལ་བྱུང་རྩོམ་གྱི་བྱ་དགའ་ཐོབ།སྐྱེས་པའི་རོ་ཙ་ཉམས་པའི་ནད་རྐྱེན་ལ་དཔྱད་པ་དམ་པའི་གསུང་རྒྱུན་བདུད་རྩིའི་ཟེགས་མཞེས་པའི་དཔྱད་རྩོམ་ལ་རྔ་ཁུལ་སྐབས་གསུམ་པ་ཐེངས་གཉིས་པའི་གསོ་རིག་དཔྱད་བསྡུར་ཚོགས་ཐོག་ནས་སྤེལ་རེས་བྱས། ༢༠༠༠ལོརདྭངས་གཙང་ཡིད་ཀྱི་བརྩེ་རླབསཞེས་པའི་སྣ་འཛོམས་རང་བཞིན་ལྡན་པའི་སྙན་དེབ་དཔར་དུ་སྐྲུན། ༢༠༠༢༢༠༠༥ལོར་སྤོས་ལྡན་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་ཞུགས།  ༢༠༠༣ལོར་རྒྱུན་སྤྱོད་བོད་སྨན་དངུལ་ཁབཅེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན། ཚོང་རར་བྲིན་རྒྱུགས་ཆེ་བར་གྱུར་ནས་་དཔེ་བསྐྲུན་ཁང་ནས་ཐེངས་ལྔ་ལ་བསྐྱར་དཔར་བཏང་། ཁོ་ལམདོ་སྨད་དངུལ་ཁབ་མཁན་པོཞེས་བསྟོད་བསྔགས་ཀྱི་ཆོ་ལོ་ཐོབ་པ་དང་ཨ་ལགས་བསེ་ཚང་གིས་བོད་གསོ་རིག་གི་ལག་ལེན་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་དགེ་མཚན་བླ་ན་མེད་པ་ཞིག་ཏུ་ཡང་བསྔགས་བརྗོད་གནང་།

       ༢༠༠༨ལོར་དེང་རབས་བོད་སྨན་ཆུ་ཁབཅེས་པ་ཡང་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན་པ་དང་སྔར་མེད་གསར་གཏོད་ཀྱི་རང་བཞིན་ལྡན་ཞེས་བསྔགས་བརྗོད་དང་ཐེངས་གཉིས་ལ་བསྐྱར་དཔར་བཏང་། ༢༠༠༥ལོ་ནས་ཕྱོགས་ཡས་མས་ཀྱི་སློབ་འདུན་པ་ཚོར་བོད་ཀྱི་དངུལ་ཁབ་རིག་གཞུང་འཆད་ཁྲིད་བྱས། ༢༠༡༠ལོ་རྗེ༧བསྟན་འཛིན་དོན་གྲུབ་ཚང་གི་མདུན་ནས་ཁོང་གི་གདམས་པ་མྱོངས་ཁྲིད་ཀྱི་བསྐལ་བ་བཟང་བོ་ཐོབ།

       ༢༠༡༢ལོར་མཚོ་སྔོན་བརྙན་འཕྲིན་ཁང་ནས་ཁོ་རང་གིས་བརྩམས་པའི་རྒྱུན་སྤྱོད་བོད་སྨན་དངུལ་ཁབ་དང་དེང་རབས་བོད་སྨན་ཆུ་ཁབ་སྐོར་ཀྱི་རིགས་གཞུང་ལ་བགྲོ་གླེང་བྱས། དེ་ལྟར་ཁོས་འཕྲོད་བསྟེན་སྨན་བཅོས་ཀྱི་བྱ་བའི་ཁྲོད་རིན་མེད་ལག་རྩལ་གྱི་ཞབས་ཞུ་མང་བོ་བསྒྲུབས་པ་དང་ལྷག་པར་དངུལ་ཁབ་མི་ལོ་ཉེར་བརྒྱད་ལྷག་གི་རིང་ལ་ཡོན་སྐར་གང་མ་བླངས་བར་ནད་པ་རེས་མེད་ལ་ཞབས་ཞུ་དྲོན་མོ་བསྒྲུབས་ནས་ཕན་ཆེན་པོ་ཐོག   ཁོའི་འཇོན་ཐང་འགྲན་དུ་མེད་པ་ནི་སྒོར་མོ་ཙག་ཙིག་གི་ཡོང་སྒོ་ལ་མི་ལྟ་བར་ཉམ་ཐག་ནད་པའི་ལུས་སེམས་ཟུག་རྔུར་ཕན་བདེ་སྐྲུན་པ་ནི་ཡ་རབས་ཀྱི་ཚངས་སྤྱོད་དམ་པའོ། །  

ཁོང་གིས་བརྩམས་པའི་དཔེ་དེབ་ཁ་ཤས།

ཁོང་ལ་ཐོབ་པའི་གཟེངས་བསྟོད་ཀྱི་ལག་རྟགས་འགའ།

རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣའི་མིང་མཛོད་ཁྲོད་དུ་ཁོང་གི་མཛད་རྗེས་བཀོད་ཡོད་པ་འགའ།

གསར་བཟོ་བྱས་པའི་བོད་ཀྱི་དངུལ་ཁབ་རིག་པའི་ལས་རྟགས།


བརྩམས་ཆོས་ཀྱི་སྐོར།

དངུལ་ཁབ་ཀྱི་གསང་བའི་མན་ངག

སྦྲང་དཀར་རྩམ་པ་བཤད།

ཆང་གི་ཉེས་པ་མདོ་ཙམ་བརྗོད་པ།

ཐ་མ་ཁའི་ཉེས་སྐྱོན་མདོ་ཙམ་བརྗོད་པ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/6/22
དངུལ་ཁབ་དཔེ་ཆ་ལ་བལྟ་མྱོང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14849197
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号