བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས་པར་བསྐྲུན་དཔྱད་གླེང་ཚོགས་འདུ་བསྡུས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་མཁས་དབང་མི་ཉག་མགོན་པོའི་གསུང་
བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས་པར་བསྐྲུན་དཔྱད་གླེང་ཚོགས་འདུ་བསྡུས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/12/4ལྟ་ཀློག (2160)རྩོམ་ཁུངས: མཚོ་སྔོན་པོ་དྲ་བ།པར་འདེབ།

            

  «མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས»།

                    ཚོགས་ཞུགས་མི་སྣའི་མཉམ་པར།

                               མཁད་དབང་མི་ཉག་མགོན་པོ།

      2013ལོའི་ཟླ 11 པའི་ཚེས29ཉིན་གྱི་སྔ་དྲོ། ༼ བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས་པར་བསྐྲུན་དཔྱད་གླེང་ཚོགས་འདུ ༽ པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། རྒྱལ་ཁབ་མི་རིགས་ཡིག་སྒྱུར་ལྟེ་གནས་སོགས་ལས་ཁུངས་ཁག་གི་བོད་རིག་པའི་ཞིབ་འཇུག་པ་དང་མགོ་ཁྲིད། མཁས་དབང་མི་ཉག་མགོན་པའི་ཁྱིམ་མི། ལས་གྲོགས་སོགས་མི་སྣ་སུམ་ཅུ་ལྷག་ཐེངས་འདིའི་གྲོས་ཚོགས་སྟེང་དུ་ཞུགས་ཡོད།

     མཁས་དབང་མི་ཉག་མགོན་པོ་མཆོག་ནི1923ལོར་སྐུ་འཁྲུངས་ཤིང་། གངས་དཀར་རྡོ་རྗེ་འཆང་བླ་མ་སྐུ་ཕྲེང་ལྔ་བ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེངྒེའི་མདུན་དུ་བོད་ཀྱི་རིག་པའི་གནས་ལ་གསན་སྦྱངས་མཐིལ་ཕྱིན་བྱས། སྔ་ཕྱིར་ལྷོ་ནུབ་མི་རིགས་སློབ་གླིང་དང་། ཀྲུང་དབྱང་མི་རིགས་སློབ་གླིང་། རྒྱལ་ཁབ་མི་རིགས་ཡིག་བསྒྱུར་ལྟེ་གནས། མི་རིགས་རིག་གནས་ཕོ་བྲང་སོགས་སུ་དགེ་རྒན་དང་། ཡིག་སྒྱུར། རིག་གཞུང་ཞིབ་འཇུག་སོགས་ཀྱི་ཕྱག་ལས་གནང་། ཁོང་གིས་མི་ཚེ་གང་པོར་ཞི་དུལ་བག་ཡོད་ཀྱིས་རིག་གཞུང་ཞིབ་འཇུག་ལ་འབད་པ་ལྷོད་མེད་མཛད་པ་དང་། ལྷག་ཏུ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཐད་བྱས་རྗེས་བླ་ན་མེད་པ་བཞག་ཡོད། ཐེངས་འདིར་པར་སྐྲུན་བྱས་པའི༼ མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས ༽ནི་སྐུ་ཞབས་ཁོང་ཉིད་ཀྱིས་ལོ་ངོ་བཞི་བཅུ་ལྷག་རིང་ལ་དཀའ་སྤྱད་འབད་འཐབ་དང་བོད་རིག་པར་ཞིབ་འཇུག་གནང་བའི་གྲུབ་འབྲས་བཟང་བོ་དང་བོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཁྲོད་ཀྱི་གསུང་རྩོམ་གཙོ་བོ་དག་ཕྱོགས་བསྡུས་བྱས་པ་དང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་ལེགས་བསྒྲིགས་བྱས་ཤིང་། ད་ལོའི་ཟླ་ལྔ་བར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས། དེབ་འདིའི་ནང་༼གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་།༽དང༼འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་དཀར།༽༼བོད་ཀྱི་ལུས་སྦྱོང་རིག་པ་སྨན་གྱི་ལྗོན་པ།༽དང་རིག་གཞུང་དཔྱད་རྩོམ་སྐོར་ལ༼བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བོད་དུ་བྱུང་བའི་ཚུལ་མདོ་ཙམ་བརྗོད་པ།༽༼བོད་ཀྱི་ལོ་རྒྱུས་རིག་པའི་ནང་མི་ཉག་གི་གནས་ཚུལ་དང་མི་ཉག་སྐོར་གྱི་མིང་ཚིག་འགར་དཔྱད་པ།༽བཅས་བདམས་བཀོད་བྱས་ཡོད།

      ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་གཙོ་སྐྱོང་གནང་བ་དང་། ཚོགས་ཐོག་ཏུ་དཔེ་མཛོད་ཁང་གི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་དཀར་ཆག ཞིབ་འཇུག་གི་འབྲས་བུའི་དཔེ་ཆ་སྣ་ཚོགས་འགྲེམས་སྟོན་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41932001
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1