ཉི་ཧོང་སྐད་ཀྱི་བོད་ཀྱི་རྩོམ་རིག་གི་ལོ་དེབ༼གསེར་ཉ༽འདོན་ཐེངས་དང་པོ་ཉི་ཧོང་དུ་པར་འགྲེམས་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »ཉི་ཧོང་སྐད་ཀྱི་བོད་ཀྱི་རྩོམ་རིག་གི་ལོ་དེབ༼གསེར་ཉ༽འདོན་ཐེངས་ད
ཉི་ཧོང་སྐད་ཀྱི་བོད་ཀྱི་རྩོམ་རིག་གི་ལོ་དེབ༼གསེར་ཉ༽འདོན་ཐེངས་དང་པོ་ཉི་ཧོང་དུ་པར་འགྲེམས་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/12/5ལྟ་ཀློག (2197)རྩོམ་ཁུངས: མཆོད་མེའི་དྲ་བ།པར་འདེབ།

                                       བུམ་པ་རྒྱལ།༼ཉི་ཧོང༽

   ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་པས་གཙོ་སྒྲིག་མཛད་པའི་ཉི་ཧོང་སྐད་ཀྱི་ལོ་དེབ༼གསེར་ཉ༽འདོན་ཐེངས་དང་པོ་དེ་ཉེ་སྔོན་ཉི་ཧོང་ཐོ་ཁྱོ་ཕྱི་སྐད་སློབ་གྲྭ་ཆེན་མོ་ནས་པར་འགྲེམས་གནང་། ལོ་དེབ་དེ་ནི་ཉི་ཧོང་ཕྱི་སྐད་སློབ་ཆེན་གྱི་དགེ་རྒན་ཨེ་ཟུ་་མི་ཧོ་ཤི༼བོད་སྐད་དུ་འཆི་མེད་ཅེས་འབོད༽སོགས་ཀྱིས་རྩོམ་སྒྲིག་དང་ལོ་ཙཱ་བྱས་པ་ཞིག་ཡིན་ལ། ལོ་དེབ་དེའི་ནང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན་སྐོར་གྱི་ཆེད་སྒྲིག་དང་བོད་ཀྱི་དེང་རབས་རྩོམ་རིག  བོད་དང་ཉི་ཧོང་གི་རྩོམ་རིག་ཞེས་པའི་ཚན་པ་ཆེན་པོ་འགའ་བཀོད་འདུག་ཅིང་།དེ་རུ་བོད་ཀྱི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གཙོས་པའི་བོད་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་རྩོམ་ལུས་མི་འདྲ་བའི་ཉིི་འགྱུར་བརྩམས་ཆོས་དག་དང་།ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་མི་དག་གིས་རྩོམ་འབྲི་གནང་བའི་བརྩམས་ཆོས། བོད་མིས་ཉི་ཡིག་གི་ལམ་ནས་བྲིས་པའི་བརྩམས་ཆོས་སོགས་མང་དུ་མཆིས།

  ལོ་དེབ་འདོན་ཐེངས་དེའི་བོད་ཡིག་གི་དཀར་ཆག

པད་མ་ཚེ་བརྟན་གྱི་གློག་བརྙན་དང་བརྩམས་སྒྲུང་གི་སྐོར་ལ་ཆེད་སྒྲིག་བཟོས་ཡོད་པ།

འཇུ་སྐལ་བཟང་དང་། གཟུངས་ཕྱུག་སྐྱིད། སྐྱབས་ཆེན་བདེ་གྲོལ། གངས་ཞུན་བཅས་ཀྱི་སྙན་ངག་དང་། རྣོ་སྦྲེང་གི་བརྩམས་སྒྲུང༼ཉི་ཐིག་གིས་འཚོས་པའི་གྲྭ་ཤག་གི་སྒེའུ་ཁུང་༽ཞེས་པ་བཀོད་ཡོད་པ།

བུམ་པ་རྒྱལ་གྱིས་ཉི་ཧོང་གི་སྐད་ཀྱིས་བྲིས་པའི༼ནོར་ཝེའི་ནགས་ཚལ་དང་ཉི་ཧོང་རྩོམ་རིག་གི་འགྲུལ་བཞུད༽ཅེས་པའི་རྩོམ་དེ་བཀོད་ཡོད་པ།

སྐྱབས་ཆེན་བདེ་གྲོལ་གྱིས་བརྩམས་པའི༼ཉི་ཧོང་གི་མི་དང་ཉི་ཧོང་གི་རྩོམ་རིག༽ཅེས་པ་བཀོད་ཡོད་པ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjcq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41954288
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1