རྔ་བའི་ཨ་དབང་ཇོ་བོ་བྱིན་ཅན་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »རྔ་བའི་ཨ་དབང་ཇོ་བོ་བྱིན་ཅན་ངོ་སྤྲོད་མདོར་བསྡུས།
རྔ་བའི་ཨ་དབང་ཇོ་བོ་བྱིན་ཅན་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/7ལྟ་ཀློག (3034)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼ཨ་མདོ་རྔ་བའི་ས་ཆར་ཇོ་བོ་བྱིན་ཅན་སྤྲོ་ཚུགས་ཇོ་བོ་ད་སྐབས་སྒོ་མང་དགོན་པའི་ཚོགས་ཆེན་འདུ་ཁང་ཡང་ཐོག་ཏུ་བཞུགས། མཚམས་རིང་ཇོ་བོ་ད་སྐབས་མཚམས་རིང་སྡེ་བའི་ཁྱིམ་ཚང་ཞིག་གི་མཆོད་ཁང་ནང་ དུ་བཞུགས། གཡག་རི་ཇོ་བོ་སྣ་ཤུལ་སྡེ་བའི་སྒང་ཐོག་ཏུ་ལྷ་ཁང་ཞིག་ཏུ་བཞུགས། ཨ་ལྗོངས་ཇོ་བོ་ད་སྐབས་ཨ་ལྗོངས་སྡེ་བའི་ཁྱིམ་ཚང་ཞིག་གི་མཆོད་ཁང་དུ་བཞུགས།༽ངག་རྒྱུན་དུ་ཇོ་བོ་འདི་དག་ལ་མ་མཇལ་བར་དབུས་ཀྱི་ཇོ་བོར་མཇལ་བ་ནི་གོས་ཀྱི་གོང་བ་མེད་པ་དང་འདྲ་བར་བཤད་པས་ལྷ་སར་མཇལ་སྐོར་དུ་མ་སོང་སྔོན་ཇོ་བོ་འདི་དག་དང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་སོགས་ལ་མཇལ་ཚར་བ་བྱེད་པ་རེད། 


 


༄༅། །རྒྱལ་ཀུན་རབ་གཅིག་མཁྱེན་གཏེར་གཞོན་ནུ་དང་། །ཡུམ་གཅིག་འཕྲིན་ལས་ཀུན་བདག་རྗེ་བཙུན་མ། །དབྱེར་མེད་སྐྱབས་ཀུན་སྤྱི་གཟུགས་བླ་མ་ལ། །སྙིང་ནས་འདུད་དོ་སྙིང་མུན་དབྱིངས་སུ་སོལ། །བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས། །དེས་གསུངས་ཟབ་རྒྱས་ཆོས་ཀྱི་པད་ཚལ་དུ། །ཅི་དགར་རོལ་བའི་དགེ་འདུན་བུང་བའི་ཚོགས། །སྐྱབས་མཆོག་རིན་ཆེན་གསུམ་གྱིས་དགེ་ལེགས་སྩོལ། །ཟས་གཙང་སྲས་མཆོག་འོད་སྟོང་བདག་པོ་ཡིས། །ལྔ་ཕྲག་སྙིགས་མའི་སྨག་རུམ་སེལ་བའི་ཕྱིར། །སྤྲུལ་བའི་སྣང་བརྙན་བསམ་ལས་འདས་པ་ལས། །བྱེ་བྲག་རྟེན་འདིའི་ལོ་རྒྱུས་ཅུང་ཟད་འབྲི། །དེ་ལ་རྟེན་འདི་ཡུལ་གང་ལས། ༼ ༡༽གང་ཟག་སུས།༼ ༢༽དུས་ནམ་གྱི་ཚེ།༼༣ ༽ཨ་མདོ་རྔ་བའི་ཨ་ཁྱམས་སྡེ་བ་འདིའི་ཁྱིམ་ཚང་འདིར་ཚུལ་ཇི་ལྟར་༼༤༽སྤྱན་དྲངས་པ་སྟེ་ས་བཅད་བཞི་ལས།

དང་བོ་ནི།    

      སྤྱིར་སངས་རྒྱས་རྣམས་ཀྱི་ཆོས་ལོངས་སྤྲུལ་གསུམ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་ཀྱང་།  བྱེ་བྲག་སྤྲུལ་སྐུའི་བཀོད་པ་ལའང་མཆོག་གི་སྤྲུལ་སྐུ་ནས་གཟིངས་དང་ཟམ་པའི་བར་འགྲོ་ལ་ཕན་པ་སྣ་ཚོགས་སྟོན་པར་མཛད་ཀྱང་བཞུགས་ཏེ་ཞེས་གསུངས་པས་སོ། །

      དེ་དག་ལས་ཇོ་བོ་འདི་ཉིད་གཟུགས་སྐུའི་སྣང་བརྙན་གཞན་སལས་ཁྱད་པར་དུ་འཕགས་པ་ཡིན་ཏེ།  འདིའི་ཟུང་འཇུག་ལ་རིང་བསྲེལ་རྣམ་བཞིའི་གཙོས་དུང་གི་ཐུགས་རྗེ་ཆེན་པོ། བྱི་རུའི་ཚེ་དཔག་མེད། གཡུའི་སྒྲོལ་མ་སོགས་འཇིག་རྟེན་ན་དཀོན་པའི་རྟེན་གསུམ་བསམ་གྱིས་མི་ཁྱབ་པར་གྲགས་ཤིང་འགངས་ཆེ་བ་དག་ཡོད་ཅིང་དབུས་ཀྱི་ཇོ་བོ་གཟི་འོད་འབར་བ་ཞེས་ཡོངས་སུ་གྲགས་པས་སོ། །

འདི་ཉིད་ཡུལ་གང་ལས་སྤྱན་དྲངས་པ་ཡིན་ཞེ་ན་ལྷ་ལྡན་དག་པའི་ཞིང་ལས་སོ། །

གཉིས་པ་ནི།  

     ལོ་ཆེན་བེེ་རོ་ཙ་ནའི་སྨོན་ལམ་གྱི་སྟོབས་ལས་འཁྲུངས་པའི་ཨ་འདུས་གྱད་པོ་སྒོམ་ཆེན་ཞེས་བྱ་བའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་དེ་ཉིད་ཀྱིས་སོ། །

 གསུམ་པ་ནི། 

     རང་བྱུང་བརྒྱད་པའི་མཇུག་ཙམ་ཡིན་ཏེ།   གྱད་པོ་སྒོམ་ཆེན། བླ་མ་ཀུན་དགའ་འོད་ཟེར། བླ་མ་ཀུན་དགའ་དབང་ཕྱུག  བླ་མ་དཀོན་མཆོག་འོད་ཟེར། བླ་མ་དཔལ་ལྡན་བཟང་བོ། བླ་མ་ཀུན་དགའ་དཔལ་བཟང་། བླ་མ་ཀུན་དགའ་རྣམ་རྒྱལ། བླ་མ་ངག་དབང་ལྷུན་གྲུབ།  དགེ་སློང་དཀོན་མཆོག་འཇིགས་མེད། སྒང་དབོན། དགེ་སློང་མཁས་གྲུབ། དགེ་སློང་ཐོགས་མེད།  དགེ་སློང་བསྟན་འཛིན། དགེ་སློང་འཇམ་དབྱངས་གྲགས་པ། དེ་རྣམས་རེ་རེ་ལ་ལོ་བཞི་བཅུ་ཙམ་བྱས་ཀྱང་ལྔ་བརྒྱ་དང་དྲུག་ཅུ་ཙམ་ཡིན་པས་སོ། །

བཞི་བ་ནི། 

      ལོ་རྒྱུས་སྨྲ་བ་རྣམས་ཀྱི་ངག་རྒྱུན་ལྟར་ན། སྐྱེས་མཆོག་གྱད་པོ་སྒོམ་ཆེན་གྱིས་ཇོ་བོ་གཟི་འོད་འབར་བ་འདི་བླུ་ཡོན་དུ་མཛོ་དཀར་༡༠༠མཛོ་དམར་པོ་༡༠༠མཛོ་སྔོན་པོ་༡༠༠མཛོ་ནག་པོ་༡༠༠སྟེ་མཛོ་བཞི་བརྒྱ་སྟེར་བར་གྲགས། 

དེ་ནས་སྐྱེ་མཆོག་དམ་པ་དེ་ཉིད་ཀྱིས་བར་སྣང་ནས་རྫུ་འཕྲུལ་གྱི་སྒོ་ནས་གནས་འདིར་སྤྱན་དྲངས་པ་ཡིན་པར་གྲགས།

 ཇོ་བོ་འདིའི་བྱིན་རླབས་དང་དགེ་མཚན་གྱིས་གནས་འདིར་ནད་མུག་འཁྲུགས་རྩོད་ཞི་ཞིང་བཀྲ་ཤིས་པའི་མེ་ཏོག་སིལ་མ་ཁ་དོག་སྣ་ཚོགས་ཀྱིས་ས་འདིར་ཡོངས་སུ་ཁྱབ་པ་ཡིན་ཞེས་གྲགས།   གལ་ལ་ཐུག་དུས་གསུངས་འབྱོན་མྱོང་བར་གྲགས།  ཡུལ་འདིར་འབྲུམ་ཡམས་ཀྱིས་མི་མང་བོ་ཤི་ཚེ།  ཇོ་བོ་འདིའི་སྐུ་ལ་འབྲུམ་བུ་མང་བོ་བཞེས་པས་དེ་ཕྱིན་ཆད་ནད་དེ་ཆད་པ་ཡིན་ཞེས་ཀྱང་གྲགས།

     སྨྲས་པ།

         འདིས་མཚོན་བདག་གི་དགེ་ཚོགས་ཆུ་ཕྲན་དེ། །སྐྱེ་འཕགས་དུས་མེའི་དགེ་ཚོགས་རྒྱ་མཚོ་དང་། །ཆབས་གཅིག་འཁོར་གསམ་ཡོངས་དག་ཤེས་རབ་ཀྱིས། །རབ་འབྱམས་རྒྱལ་བས་བསྔོས་བཞིན་ཡོངས་སུ་བསྔོ། །རྟེན་འདི་མཐོང་ཐོས་དྲན་རེག་འགྲོ་ཀུན་གྱི། །རྒྱུད་ལ་བྱང་ཆུབ་སེམས་མཆོག་རབ་སྐྱེས་ནས། །ཕྱིན་དྲུག་བསྡུ་བཞིའི་ལམ་བཟང་མཐུར་ཕྱིན་ཏེ། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ནི་འཇམ་དབྱངས་མགོན་པོ་ནས་བྲིས་པའོ། །དགེའོ། །བཀྲ་ཤིས། ཁྱིམ་ཚང་དེའི་མཆོད་ཁང་སྒོ་འགོར་བཀལ་བའི་ངོ་སྤྲོད་ལས་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rohu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/12/8
རྩོམ་སྒྲིག་ཁང་ལགས། ཇོ་བོ་ཟེར་དོན་གྱི་ལན་ཞིག་གསུངས་རོགས་ཞུ།
 ལན།   སྤེལ་དུས: 2013/12/8
 དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཆས་སྤྲས་པའི་གཟུགས་བརྙན་ནམ་ཐུབ་དབང་ལོངས་སྐུའི་ཆ་བྱད་ཅན་གྱི་སྐུ་ལ་ཇོ་བོ་ཟེར་བ་འདྲ།
 སྤེལ་མཁན:  སྤེལ་དུས:2013/12/7
བཤུས་ཚང་སྒང་བ་སང་གི་ཁྱིམ་རྟེན་དེ་རེད་དམ་ལགས།
 ལན།   སྤེལ་དུས: 2013/12/7
 རེད་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41583880
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1