རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་ཞེས་པ་པར་
རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/12/22ལྟ་ཀློག (2277)རྩོམ་ཁུངས: མཚོ་སྔོན་པོ་དྲ་བ།པར་འདེབ།


     «རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས»པར་དུ་བསྐྲུན།

    ཉེ་ལམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཞུས་ཆུང་ལོ་ཙྭ་བ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ་པའི«རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས»(དེབ༡—༣)ཞེས་པ་ཉེ་ལམ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 

    འཇམ་དབྱངས་དར་རྒྱས་ལགས་ཀྱིས་མི་ལོ་དུ་མའི་སྔ་རོལ་ནས་རྒྱའི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་བོད་དང་འབྲེལ་བའི་དཔྱད་གཞིའི་ཡིག་རིགས་རྣམས་བོད་ཡིག་ཏུ་སྒྱུར་འགོ་བརྩམས་ཤིང་། ཁོས་བོད་ཡིག་ཏུ་བསྒྱུར་བའི་དེབ་འདི་གསུམ་ནི་རྒྱའི་གནའ་བོའི་ལོ་རྒྱུས་དེབ་ཐེར«སྲིད་སྐྱོང་མེ་ལོང»དང་«ཧན་རྒྱལ་རབས་ཀྱི་ལོ་རྒྱུས» «ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས» «ཅིན་རྒྱལ་རབས་ཀྱི་ལོ་རྒྱུས»རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་ཀྱི«སུང་རྒྱལ་རབས་ཀྱི་ལོ་རྒྱུས» «ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས» «ལིའང་རྒྱལ་རབས་ཀྱི་ལོ་རྒྱུས» «ཝེ་རྒྱལ་རབས་ཀྱི་ལོ་རྒྱུས» «ཆི་རྒྱལ་རབས་བྱང་མའི་ལོ་རྒྱུས» «ཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུས» «སུའེ་རྒྱལ་རབས་ཀྱི་ལོ་རྒྱུས» «རྒྱལ་རབས་བྱང་མའི་ལོ་རྒྱུས» «ཐང་གི་ལམ་སྲོལ་གནད་བསྡུས» «ཐང་ཡིག་རྙིང་མ» «ཐང་ཡིག་གསར་མ» «རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ» «རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ» «ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས» «ཅིན་རྒྱལ་རབས་ཀྱི་ལོ་རྒྱུས» «སུང་རྒྱལ་རབས་ཀྱི་ལོ་རྒྱུསབཅས་»སུ་རྒྱས་བསྡུས་ཅི་རིགས་སུ་འཁོད་པའི་བོད་བཙན་པོའི་རྒྱལ་རབས་དང་། བོད་ཀྱི་རྒྱལ་ཕྲན། བོད་དང་རིགས་རྒྱུད་ཀྱི་ཐད་ནས་འབྲེལ་བ་ལྡན་པའི་ཚོ་བ་ཁག་གི་སྐོར་ཏེ། ནུབ་ཆཱང་། ཏི། ཏང་ཞང་།(ལྡོང)ཐན་ཁྲང་།(ལྡོང་ཕྲོམ)འ་ཞ། སུམ་པ། པའེ་ལན། ཞང་ཞུང་། བུད་མེད་རྒྱལ་ཁབ་ཤར་མ། བུད་མེད་རྒྱལ་ཁབ་ནུབ་མ། ཧྥུ་རྒྱལ་ཁབ། བྲུ་ཤ། སེ་རིབ། ཀྲང་ཆིའུ་པ། མི་ཉག་རྒྱལ་རབས། ཙོང་ཁའི་རྒྱལ་རབས། ཏེན། ཁྱུང་ཏུའུ། ཙོ་ཏུའུ། རན་མང་། པའེ་མ་ཏི་ལ་སོགས་པའི་སྐོར་བདམས་ནས་བསྒྱུར་བ་དང་འབྲེལ་དགོས་ངེས་ཀྱི་མཆན་བཏབ་པ་ཞིག་ཡིན། བོད་འགྱུར་དུ་མ་ཡིག་གི་དོན་དང་མཐུན་པ་དང་། མ་རྩོམ་གྱི་སྐད་ཆའི་ཁྱད་གཤིས་སམ་འགྲོས་དང་ཉེ་ཙམ་ཡོང་བའི་རྨང་གཞིའི་ཐོག བོད་ཀྱི་བརྡ་སྤྲོད་སྟངས་དང་ཚིག་གི་སྦྱོར་བ་འགོད་ལུགས་དང་མཐུན་ཞིང་། ཀློག་བདེ་ཞིང་གོ་སླ་བའི་ཐད་ལ་དོ་སྣང་ཅི་ཐུབ་བྱས་ཡོད་པ་དང་། མ་ཡིག་ཏུ་བྱུང་བའི་ས་མིང་དང་། སྲིད་ཀྱི་སྒྲིག་གཞི། ཁྲི་ལོ། གོ་ཐོབ། མི་རིགས་དང་རྒྱལ་ཁབ་ཀྱི་མིང་སོགས་ལ་མཆན་མང་པོ་བཏབ་ཡོད་པས། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་དང་། བོད་ཀྱི་ལོ་རྒྱུས་ལ་སྤྲོ་སྣང་ཡོད་པའི་ཀློག་མཁན་དཀྱུས་མ་ཚང་མར་ཀློག་བདེ་པོ་བཟོས་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་སློབ་ཁྲིད་དང་ཞིབ་འཇུག་ཐད་ཟུར་ལྟའི་རིན་ཐང་དང་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན། ཁོས་བསྒྱུར་བའི་ལོ་རྒྱུས་ཀྱི་འགྱུར་མའི་དེབ་བཞི་པའང་ད་ལྟ་འགྲུབ་ཉེར་ཡོད་ཅིང་། སང་ལོ་ཀློག་མཁན་གྱི་སྤྱན་ལམ་དུ་བསྟར་ཐུབ་པའི་རེ་བ་བཅངས་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41931215
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1