དགེ་བཤེས་དང་འབྲེལ་བའི་སྐད་དུམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »དགེ་བཤེས་དང་འབྲེལ་བའི་སྐད་དུམ།
དགེ་བཤེས་དང་འབྲེལ་བའི་སྐད་དུམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/22ལྟ་ཀློག (2598)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                               དབུ་མ་བ།

 ཉིན་ཤས་སྔོན་ལ་དགེ་བཤེས་ལྷ་རམས་པར་རྒྱུགས་སྤྲོད་སྟངས་སྐོར་བྲིས་པའི་རྩོམ་ཡིག་ཅིག་བདག་གིས་བརྒྱུད་བཀོད་བྱས་པར། དེ་མ་ཐག་ཏུ་ཀློག་པ་པོ་མང་དག་ཅིག་གིས་དྲང་ལྡོག་ཅི་རིགས་ཀྱི་དོགས་འདྲི་དང་དཔྱད་མཆན་མང་དུ་བཏགས་བྱུང་ལ། སྐབས་ཐོག་དེར་བདག་ལས་བྲེལ་ཕྲན་བུ་དང་ཁེལ་བས་དུས་ལྟར་ལན་འབུལ་དང་དཔྱད་འཇོག་གང་ཡང་ཕུལ་ཐུབ་མ་སོང་མོད། བར་གསེང་ཞིག་ལ་དྲིས་ལན་སྟོང་མིན་ཙམ་ཞིག་འབྲི་འདོད་ཡོད་མུས་ཐོག མིག་སྔའི་གོ་ཐོས་ཐར་ཐོར་བྱུང་བ་དེ་དག་ཀྱང་རྒྱུ་ཆར་བཏུས་ཏེ་ཀུན་རྟོག་རགས་ཙམ་འབྲི་བའི་ལས་ལ་འདི་ལྟར་ཞུགས་སོ། །

        སྤྱིར་དོན་དམ་པའི་བསྟན་པ་དང་འགྲོ་བའི་བདེ་དོན་གྱིས་ངོས་ནས་བཤད་ན། རིས་སུ་མ་ཆད་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་དག་གི་ཆོས་ཚུལ་ཅི་རིགས་ལས། ས་ཆེན་གནམ་གྱིས་བཀབ་འདྲའི་མཁས་ཤིང་གྲུབ་པ་བརྙེས་པའི་ཕྱོགས་མེད་ཀྱི་རྣལ་ འབྱོར་བ་ཇི་སྙེད་ཅིག་གིས། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དགུང་དུ་བཙུགས་ཤིང་། ས་ཆེན་འོད་ཀྱི་ཁུགས་པ་ཡུག་གཅིག་གིས་བསྡམས་པར་མཛད་པའི་དངོས་བྱུང་ནི་སུས་ཀྱང་བསྙོན་དུ་མེད་ལ། དེ་དག་ལས་ཀྱང་སློབ་སྦྱོང་ལམ་ལུགས་ཚགས་ཆུད་དང་། བསྒྲིག་གཞིའི་དོ་དམ་གཏན་ཆགས་ཀྱི་རྣམ་པའི་ཐོག་ནས་མཁས་པའི་བྱ་བར་གཞོལ་བའི་སྲོལ་ནི། རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འདིར་ཆེས་དམིགས་སུ་ཐོན་པའི་ཁྱད་ཆོས་མང་དུ་སྣང་ཞིང་། དཔེ་མཚོན་གྱིས་བཤད་ན། གཞོན་ཆུང་ལས་དང་བོ་བའི་བསྡུས་ཚན་ནས་བཟུང་འཛིན་གྲྭ་རིམ་སྤར་གྱིས་རྒྱ་བོད་མདོ་སྔགས་ཀྱི་གཞུང་ཆེན་དག་ལ་གུས་རྟག་སྦྱོར་བ་ལྷུར་གྱིས་བླངས་ས། ཡོན་གནས་ཀྱི་རིམ་པ་མཐོ་དམན་ལྟར་ཚོགས་རམས་དང་ལྷ་རམས་སོགས་དགེ་བཤེས་ཞེས་པའི་དམིགས་བསལ་གོ་ཐོབ་གནང་སྲོལ་ཡོད་འདུག་ལ། དེ་དག་གིས་ཀྱང་གྲྭ་ས་གྲྭ་ཚང་ནས་བཟུང་གཞིས་དགོན་སོ་སོའི་བར་གཏན་བཞུགས་དང་ཕྱོགས་ཕེབས་ཀྱིས་བཤད་སྒྲུབ་ལས་གསུམ་ཇི་ལྟར་སྤེལ་ཞིང་རྒྱས་པར་མཛད་པའི་ཚུལ་ནི་བསྙོན་དུ་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་ལགས་པ་དེ་ལྟར་ལ། སྐྱབས་གཅིག་གངས་རིའི་མགོན་པོའི་རླབས་ཆེན་ཕྲིན་ལས་ཀྱི་ཐུ་འོག་ནས། དུས་ད་ལྟའི་བར་སྲོལ་བཟང་དེའི་རྨད་བྱུང་མཛད་པའི་རྒྱུན་མ་ནུབ་པར་རི་བོ་དགའ་ལྡན་པའི་མཚན་ཉིད་སློབ་གཉེར་གྱི་གདན་ས་ཅུང་ཆེ་ཁག་སྐོར་ཞིག་དང་། ལྷག་པར་མཁས་གྲུབ་བྱེ་བའི་བསྟི་གནས་འཕགས་ཡུལ་གདན་ས་རྣམ་གསུམ་ནས་ལོ་ལྟར་འཆར་ཅན་གྱི་དགེ་བཤེས་ལྷ་རམས་བཏང་དང་གཏོང་བཞིན་པ་འདི་ཉིད།༼༢༠༡༣ལོ་གཅིག་བུར་ཡང་སེར་བྱེས་མཁས་སྙན་གྲྭ་ཚང་གི་འཛིན་གྲྭ་གཅིག་ནས་དགེ་བཤེས་ལྷ་རམས་པ་༢༩བྱོན་པར་ཐོས་པ་དེས་མཚོན།༽ ཕྱོགས་གཅིག་ནས་བཤད་ན་ཆེས་བསྔགས་པར་འོས་པའི་ངོ་མཚར་རྨད་བྱུང་གི་མཛད་བཟང་ཞིག་ལོས་ཡིན་མོད། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན། ཡང་ཕྱོགས་གཅིག་ནས་མཆོག་ཏུ་བཀུར་འོས་ཀྱི་གོ་མིང་དེ་བེད་སྤྱད་ནས། སོ་སོའི་བསྟོད་བཀུར་སྙན་གྲགས་དང་ལྟོ་གོས་ཀྱི་བརྙེད་པ་སྒྲུབ་པའི་གླགས་འཚོལ་བའང་ཆར་རྗེས་ཀྱི་ཤ་མོ་ལྟར་རྡོལ་གྱིན་པ་འདིས། ཆེས་བླ་ན་མཐོ་བའི་གཟི་བརྗིད་ཀྱི་ཡོན་གནས་དེ་དང་། དེ་བདག་གིར་བསྣམས་པའི་སྐྱེས་བུ་དག་གི་མཛད་པ་རྣམ་ཐར་ལ་མཚན་ཤས་ཀྱི་ནག་ཐིགས་གསུབ་པར་དཀའ་བའི་ཚོད་དུ་བསླེབས་པ་འདི་ཡང་རང་གར་འཇོག་བློས་མི་བཟོད་པ་ཡུལ་དུས་དང་ཆོས་ཉིད་ཀྱི་འགན་འཁྲི་ལགས་ན། མི་ཆུང་རུང་བསམ་པ་ཡར་སེམས་ཀྱི་དོད་དུ་སྙན་གསན་གྱི་གཞེན་སྐུལ་མདོ་ཙམ་འབུལ་བའི་དུངས་བ་བཟློག་མ་ཐུབ་པར་ཁུར་དུ་མི་འཚམས་པའི་འདུ་བྱེད་ཀྱི་སྦྱོར་བ་འདི་ལྷུར་བླངས་སོ། 

        སྤྱིར་ན་དགེ་བཤེས་ཞེས་པ་འདིར་རིགས་མང་དུ་སྣང་ཡང་། མཚན་གནས་མཐོ་དམན་ཇི་ལྟར་ཡང་མ་མཐར་དགེ་བའི་བཤེས་གཉེན་ཞེས་པའི་སྒྲ་འཇུག་ཏུ་རུང་བ་ཞིག་ནི་ཅིས་ཀྱང་དགོས་ལ། དབང་དང་རྒྱུ། དམིགས་བསལ་དང་ལྟག་སྒོ་སོགས་ཉག་ཉོག་གི་བགྱི་བ་ཅི་ཡང་མེད་པའི་སྔ་དུས་སུ་དགེ་བཤེས་ཀྱང་མཚན་དོན་མཚུངས་པའི་གཞུང་ལུགས་རབ་འབྱམས་པ་འབའ་ཞིག་ལས། དེང་སྐབས་བཞིན་གནས་ཀྱི་ཆ་ནས་རྒྱ་གར་དགེ་བཤེས། རྒྱ་ནག་དགེ་བཤེས། ལྷ་སའི་དགེ་བཤེས། བླ་བྲང་དགེ་བཤེས། སེར་ཤུལ་དགེ་བཤེས་༼ད་དུང་མང༽སོགས་དང་། ཡོན་གནས་སམ་གོ་བབས་ཀྱི་ངོས་ནས་ལྷ་རམས་དགེ་བཤེས། ཚོགས་རམས་དགེ་བཤེས། གླིང་བསྲེ་དགེ་བཤེས། མཐོ་རིམ་དགེ་བཤེས། རྡོ་རམས་དགེ་བཤེས། དམིགས་བསལ་དགེ་བཤེས། ཞྭ་མགོ་དགེ་བཤེས་༼འདིར་ཡང་གོང་ལྟར༽སོགས་མིང་གི་རྣམ་གྲངས་དུ་མས་བསྙད་པའི་དངོས་བཏགས་ཅི་རིགས་པ་དེ་དག་ལས། འགའ་ཞིག་ནི་བསྟན་པའི་དོན། འགའ་ཞིག་ནི་དགོན་པའི་དོན། ཡང་མང་དག་ཅིག་ནི་མི་རིགས་ཀྱི་དོན། ལ་ལ་ཞིག་ནི་རིག་གཞུང་གི་དོན། དེ་དང་དེ་ལྟ་བུའི་རིགས་དག་ནི་གཞན་ཕན་ཁུར་དུ་བཞེས་པའི་དགེ་བཤེས་ཡིན་ན་ཡིན་ཆོག་འདྲ་སྟེ། དགའ་དད་སྤྲོ་གསུམ་གྱི་སྙིམ་པ་དང་གར་སྦྱོར་གྱིན་མཛད་བརྒྱ་མཐའ་རུ་སྐྱོར་བའི་རམ་འདེགས་སུ་སྨོན་པ་འདེབས་རྒྱུ་ལས་ཅི་ཡོད་མོད། ཡང་མང་དག་ཅིག་ནི། རང་རང་གི་ལྟོ་གོས་གཏམ་གསུམ་དང་བརྙེད་བཀུར་སྙན་གྲགས་སོགས་མདོར་ན་སྒེར་གྱི་ཁེ་ཕན་གྱི་སླད་དུ། བསྟན་པ་ཟོང་དུ་བསྒྱུར་བ་ལ་བག་མི་ཚ། རིག་གཞུང་རྡོག་རོལ་གཏོང་བ་ལ་ངོ་མི་གནོང་། རང་དོན་འགྲུབ་པའི་ཐབས་ལམ་རེ་མཆིས་ཚེ་མིག་ནག་བཙུམས་ནས་མཆོང་རྐྱང་དང་རྒྱུག་རྐྱང་བྱེད་པ་མང་དག་ཅིག་ཀྱང་རྒྱལ་ཕྱི་ནང་གི་མཐའ་དང་དབུས། ཁྲོམ་དང་སྲང་། མགྲོན་བྲང་དང་གསོལ་ཚིགས་ཁང་། ཐ་ན་གླུ་གར་དང་ནང་མ་ཁང་སོགས་ཡན་ཆད་དུ་གོ་ཐོབ་དཔང་ཡིག་ཕྱག་ཁྱེར་དུ་བསྒྱུར། སྐྱབས་སྡོམ་ལག་ཁྱེར་ཚོང་རྫས་སུ་བརྩིས། དབང་དང་མན་ངག་རིན་གོང་ལ་གཞལ། ངོ་ཚ་ཁྲེལ་མེད་འཇོན་ཐང་ལ་བལྟས། ད་དུང་དེ་དག་ལས་ཀྱང་ཐུ་བའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྱག་ལས་གནང་མཁན་ཡང་དགའ་རབ་ཅིག་འདུག་ཚོད་ལགས་མོད། དགོས་གལ་བྱུང་ན་སླད་ཀྱི་ལས་སུ་བསྐྱུར་ནས་མདོ་དོན་ཧྲིལ་གྱིས་དྲིལ་བའི་གཞེན་སྐུལ་སྟབས་བདེ་ཞིག་གིས་མཇུག་སྒྲིལ་བར་འདོད་པ་འདི་ལྟ་སྟེ། རིས་སུ་མ་ཆད་པའི་དགེ་བཤེས་ཞེས་པའི་མཚན་གནས་འཛིན་པ་ཐམས་ཅད་ལགས། ཁྱེད་རྣམས་ནི་བསྟན་པའི་དཔུང་གཉེན་ཡིན་པས་ཐོས་བསམ་སྒོམ་གསུམ་བསྙེལ་བར་མི་བྱ། སྟོན་པའི་གདུང་ཚོབ་ལགས་པས་འཆད་རྩོད་གསུམ་གཡེལ་བར་མི་བྱ། ལེགས་ཉེས་སྟོན་པའི་སློབ་དཔོན་ཡིན་པས་དུས་དང་འཚམས་པའི་བླང་དོར་ལ་མཁས་པར་མཛད་དུ་གསོལ། ཁྱད་པར་དུ་དོན་གྱི་བདག་པོ་ཁོང་རིན་པོ་ཆེའི་ཐུགས་རེ་བཅོལ་བའི་རླབས་ཆེན་གྱི་ དགོངས་བཞེད་ཐུགས་ལ་བཅངས་ཏེ་རེ་བའི་ཚོད་ཀྱི་འབད་པ་གནང་དུ་གསོལ། དེ་ལས་ཀྱང་འགག་དོག་པའི་དུས་རབས་ཀྱི་གཉན་འཕྲང་འདིའི་གནས་བབས་ཐུགས་སུ་ཉར་ནས་བསྟན་པ་མི་རིགས་རིག་གཞུང་དང་བཅས་པར་ཞབས་འདེགས་མ་ཐུབ་རུང་ཞབས་འདྲེན་ཕྲན་ཙམ་ཡང་མི་གནང་མཛད་དུ་གསོལ། མདོར་ན། ལྷག་བསམ་ལ་འཁོན་དུ་མ་གཟིགས། གཞེན་སྐུལ་ལ་དུག་ཏུ་མ་བསྒོམ རིས་བཅད་དང་ཕྱོགས་རེས་ཀྱི་འཁྲི་བ་རྦད་ཀྱིས་བཅད་དེ་དུས་སུ་སྨིན་པའི་དཔྱད་འཇོག་གི་གཏམ་ལ་སྙན་དབང་གཡར་བར་མཛད་དུ་གསོལ། ཆབས་ཅིག་བདག་གི་བགྱིས་པ་འདི་ལ་མ་རྟོགས་ལོག་རྟོག་སོགས་མ་དག་པ་དང་མ་རངས་བའི་རིགས་ཅི་ཡང་མཆིས་སྲིད་པས་མཁྱེན་དཔྱོད་རིགས་པའི་གཟི་ངར་གྱིས་ལོག་སྨྲ་དུས་སུ་གཞོམ་པའི་སྐལ་བཟང་ལ་བསྒུག་པར་བྱའོ།། 

                                      ༡༠༡༣/༡༢/༢༢ཉིན་མང་གྲྭ་དབུ་མ་བ་ནས། 

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/4/2
འདིའི་བཤད་སྟངས་ལ་བལྟས་ན་དགེ་བཤེས་ཞེས་པ་དེ་དག་ཀྱང་རློམ་ཆོག་ཆོག་ཅིག་ཡིན་བཟོ་མི་འདུག་ཨ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41450576
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1