ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཞུ་ཚིག་ལས་བསླངས་པའི་བསམ་གཞིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཞུ་ཚིག་ལས་བསླངས་པའི་བསམ་གཞ
ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཞུ་ཚིག་ལས་བསླངས་པའི་བསམ་གཞིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/24ལྟ་ཀློག (2696)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                            རྒྱ་གྲོལ།
 “
ཀྱེ་གྲོགས་པོ་དགོངས་པ་མ་ཚོམས། ཁྱོད་ནང་བ་ཞིག་ཡིན་ལ་ང་ཡང་ནང་བ་ཞིག་ཡིན་པའི་ཆ་ནས་ངས་ཁྱོད་ཀྱི་ཤིས་ཚིག་འདིར་དང་ལེན་བྱེད་མི་ཐུབ། འདི་ནི་གྲོགས་པོ་ཞིག་གིས་ང་ལ་བསྐུར་བའི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཞུ་ཚིག་གི་ལན་དུ་བཤད་པ་ཡིན། ངའི་སྐད་ཆ་འདིར་ཡ་རབས་ཀྱི་སྤྱོད་སྟངས་བྲལ་ཞིང་ཁོག་རྒྱ་ཆུང་བའི་རང་རྟགས་ཀྱང་མངོན་སྲིད་མོད། ང་ལ་མཚོན་ན་འདི་ནི་གནས་ལུགས་དང་ལྡན་པའི་སེམས་གཏམ་ཞིག་ཡིན།
    ཉིན་འདིར圣诞节快乐ཞེས་པའི་ཤིས་ཚིག་གིས་ངའི་ཁ་པར་དང་ངའི་མིག་ཟུང་ལ་ཁོམ་པ་ཞིག་གཏན་ནས་མི་སྟེར། རེད་དེ། དེ་རིང་སྤྱི་ལོ2006ལོའི་ཟླ12པའི་ཚེས25རེད།   སྤྱིར་ན་ངས་ཉིན་འདི་ལ་དོ་སྣང་བྱས་མ་མྱོང་ལ་བྱེད་ཀྱང་མི་སྲིད་མོད། གྲོགས་པོ་དག་གིས་འདི་ལྟར་ཁ་གཡང་རྒྱུན་ཆད་མེད་པས་ང་ལ་དབང་མེད་དུ་བསམ་གཞིག་ཅིག་བསླངས་བྱུང༌།
     སྐབས་འདིར་ང་རླངས་འཁོར་དུ་འགྲོ་བཞིན་ཡོད། ཁ་ལོ་བ་ན་གཞོན་དེས་ང་ལ་དྲི་བ་ཞིག་བཏོན་བྱུང༌། 圣诞节ཞེས་པ་ཅི་རེད། ངས་སྔོན་ཆད་ཐོས་མ་མྱོང་ནའང་ན་ནིང་ཟི་ལིང་ལ་སོང་དུས་ནང་མ་ཁང་གིས་དུས་སྟོན་འདི་ལ་རོལ་བཞིན་འདུག ཁོ་ཚོས་སྡོང་བོ་བཟོས་ཤིང་ཡང་ལྭ་བསྒྲོན་ནས་མགོ་ལ་ཤོག་བུའི་ཞྭ་མོ་ཞིག་གྱོན་ནས་གླུ་དབྱངས་ཅི་ཞིག་ལེན། རྒན་པོ་ལྭ་བ་དམར་བོ་གྱོན་པ་ཞིག་ཀྱང་འདུག བོད་པ་ཚོས་དགའ་སྤྲོ་ཆེན་པོས་རོལ་བཞིན་འདུག་པས་ང་ཚོས་ཅི་ཡིན་མ་ཤེས་ན་ཡང་སྤྲོ་བ་ཆེན་པོས་རོལ་བ་ཡིན་ཟེར།
     ངོ་མ་རི་བོང་ཅལ་འདྲོགས་རེད། རི་བོང་ཅལ་འདྲོགས་ཀྱིས་མཚོན་པ་ནི་རང་ཚུགས་མེད་པ་དེ་རེད། རང་ཚུགས་མེད་པ་དེ་མཐར་གཏུགས་ན་ཤེས་ཡོན་མེད་ཅིང་མི་རིགས་ཀྱི་རིག་གནས་ཀྱི་རིན་ཐང་ལ་རྒྱུས་མེད་ཅིང་མི་རིགས་དང་རིག་གནས་བར་གྱི་འབྲེལ་བ་སྣང་མེད་དུ་བཞག་པ་དེ་མཚོན་པ་རེད། དེ་བས་བདག་ལ་དེའི་སྐོར་ཅུང་ཟད་ཅིག་གསལ་བཤད་བྱེད་པའི་འདོད་པ་སྐྱེས།
     ཡེ་ཤུའི་འཁྲུངས་སྐར་ནི་ཆོས་ལུགས་ཆེན་པོ་གསུམ་གྱི་གྲས་ཏེ་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུའི་མ་ཤུ་ཀའི་འཁྲུངས་སྐར་རེད། དམ་པའི་གསུང་རབདུ་ཁོང་སྐུ་འཁྲུངས་པའི་ཉིན་མོ་གསལ་བོར་བཤད་མེད་ཀྱང་ཆོས་ཚོགས་མང་ཆེ་བས་ཟླ12པའི་ཚེས་ལྔ་ཉིན་འཁྲུངས་སྐར་དུ་བརྩིས་ནས་རྗེས་དྲན་བྱེད། ཉིན་འདིར་ཡེ་ཤུའི་ཆོས་དད་པ་ཚོས་འཁྲུངས་སྐར་གྱི་སྡོང་བོ་བཟོ་ཞིང་གྲོགས་པོའམ་ཁྱིམ་མིར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འཚམས་འདྲི་ལེགས་སྐྱེས་འབུལ་བ། འཁྲུངས་སྐར་གྱི་བགྲེས་པོར་བརྫུས་ནས་བྱིས་པ་ལེགས་སྐྱེས་སྟེར་བ་སོགས་བྱེད།
       ཡེ་ཤུའི་ཆོས་པའི་ངོས་ནས་བཤད་ན་དུས་ཆེན་འདི་རིན་ཐང་བྲལ་བའི་དུས་ཆེན་ཞིག་ཡིན་ལ་ངེས་པར་རོལ་དགོས་པའི་དུས་ཆེན་ཞིག་ཀྱང་ཡིན། ཡིན་ནའང་ཆོས་ལུགས་གཞན་པ་དག་གི་ངོས་ནས་བཤད་ན་དེ་ལ་བརྩི་མཐོང་བྱ་དགོས་པ་ཙམ་ལས་རིན་ཐང་ཅི་ཡང་ཡོད་མི་སྲིད། ནང་བསྟན་གྱི་དུས་ཆེན་དག་ཀྱང་ཡེ་ཤུའི་ཆོས་ལུགས་ཀྱི་ངོས་ནས་བཤད་ན་དེ་འདྲར་ཁོ་ནར་ཟད་དོ། །གནས་ལུགས་འདིས་མི་སུ་ཡིན་རུང་རང་གིས་དད་པ་མི་བྱེད་པའི་ཆོས་ལུགས་དེར་བརྩི་བཀུར་བྱེད་པ་ནི་ཆེས་གལ་ཆེན་པོ་ཞིག་ཡིན་མོད། ལུགས་གཞན་ལ་བརྩི་འཇོག་གི་ཁྲོད་དུ་རང་གིས་དད་པ་བྱེད་པའི་ཆོས་ལུགས་དེའི་གོམས་སྲོལ་བརྩི་འཇོག་བྱེད་པ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་ཡིན་པ་གསལ་བོར་བསྟན་ཡོད།   

     དེ་བས་བོད་པ་ཚོ་སྟེ་ལྷག་པར་ནང་བ་སངས་རྒྱས་ལ་དད་པ་བྱེད་པའི་བོད་པ་ཚོས་ཅིའི་ཕྱིར། ཅི་ལ། ཅིའི་སླད་དུ་ཡེ་ཤུའི་འཁྲུངས་སྐར་ལ་རོལ་དགོས་པ་ཡིན་ནམ། འདིར་རོལ་བའི་དོན་སྙིང་ཅི་ཞིག་ཡོད་དམ།
      འདི་ནི་ཆོས་ལུགས་ཀྱི་དུས་སྟོན་ཞིག་ལས་ནང་བ་དག་གིས་འདི་ལ་རོལ་ཆོག་མིན་དེ་མ་ཡིན་པར་ཆོས་ལུགས་ཀྱི་དགོངས་དོན་ལས་འདི་ལ་རོལ་ཆོག་མིན་ལ་བལྟ་དགོས་པ་ཡིན། འདི་ལ་ཆབ་སྲིད་དང་ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་སོགས་ལས་ཅི་ཡང་བཤད་ས་མི་འགྲོ་སྟེ་མཐར་གཏུགས་དེ་ནི་རིག་གནས་ཀྱི་གནད་དོན་ཞིག་ཡིན་པའི་རྐྱེན་གྱིས་རེད།
       ནང་བ་ཞིག་ཡིན་ན་སྐྱབས་འགྲོའི་བསླབ་བྱ་བརྩི་དགོས་པས་ཕྱི་རོལ་པའི་བསྟན་པ་དང་སྟོན་པ་སྐྱབས་གནས་སུ་ཁས་ལེན་མི་ཆོག་ལ་གྲོགས་མུ་སྟེགས་པ་ལ་འགྲོགས་འདྲིས་བྱེད་པ་དང་དེ་དག་གི་སྤྱོད་ལམ་དང་ལེན་བྱས་མི་ཆོག འདི་ནི་སྐྱབས་འགྲོའི་བསླབ་བྱས་གཏན་ལ་ཕབས་པས་འདི་ལས་བདའ་ན་ཉེས་པ་དང་ཉེས་པའི་གཡང་ལས་མི་ཐར།
       འོ་ན། ཡེ་ཤུའི་ཆོས་ལུགས་ཕྱི་རོལ་པའི་བསྟན་པ་ཡིན་ནམ། མུ་སྟེགས་པ་ཡིན་ནམ། འདི་ལྟར་བཤད་པ་ལ་ཆོས་ལུགས་ཀྱི་ཕྱོགས་ལྷུང་དང་མཁྲེགས་འཛིན་གྱི་མཐོང་ཆུང་མེད་དམ། ཞེས་འགའ་རེས་དོགས་པ་བྱེད་སྲོད་མོད། མིན་ཏེ་དེ་ནི་གཞུང་ལུགས་དང་མཐུན་པའི་ལྟ་ཚུལ་ཞིག་ཡིན་པས་མཁྲེགས་འཛིན་དང་ཕྱོགས་ལྷུང༌། མཐོང་ཆུང་གི་དྲི་མ་ཙམ་ཡང་མེད་དོ། །གལ་ཏེ་གཞུང་ལུགས་ཀྱི་ལྟ་བ་ལ་ཕྱོགས་ལྷུང་གི་ལྟ་བར་བཤད་ན་དེ་ནི་གཞུང་ལུགས་དང་ཕྱོགས་ལྷུང་ལ་གོ་བ་མ་ཆགས་པ་ཙམ་དུ་ཟད་དོ། །དེ་ཡང་འདི་ཡིན་ཏེ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་གནས་སུ་ཁས་མི་ལེན་པའི་གང་ཟག་དེ་ཕྱི་རོལ་པ་ཡིན་པ་ནང་བའི་རིག་པའི་གཞུང་ལུགས་ཀྱིས་ཐག་བཅད་པ་རེད།
        ངས་འདི་ནས་སྟབས་བདེ་བའི་དཔེ་འཇོག་ཅིག་བྱ་སྟེ། གལ་ཏེ་ཁྱོད་རང་ཁ་ཆེའི་ཆོས་ཁང་དུ་སོང་ནས་ཕྱག་འཚལ་བར་བསྐུལ་ན་ཁྱོད་ཀྱིས་དང་ལེན་བྱེད་སྲིད་དམ། ངས་བསམ་ན་ཁྱོད་ཀྱིས་དང་ལེན་བྱ་རྒྱུ་མ་རེད། འོ་ན་དེའི་རྒྱུ་མཚན་ཅི། དེ་ནི་ཁོ་ཚོའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པའི་རྐྱེན་གྱིས་ཨེ་རེད། ཡེ་ཤུའི་འཁྲུངས་སྐར་དུ་དེ་ལྟ་བུའི་བྱེད་སྒོ་མེད་དམ། འོ་ན་ཡེ་ཤུའི་འཁྲུངས་སྐར་འདི་རྩེད་མོ་དང་འབྲེལ་ཡོད་པས་ཡིན་ནམ།གལ་ཏེ་ཁ་ཆེའི་ཆོས་ཁང་རྩེད་མོ་དང་འབྲེལ་ནས་ཕྱག་འཚལ་བར་བསྐུལ་ན་ཁྱོད་ཀྱིས་ཅི་ཞིག་བྱེད་དམ། ཡང་ན་ཆོས་ལུགས་ཀྱི་ངོས་ནས་ཡེ་ཤུའི་བྱེད་སྒོ་དང་ཁ་ཆེའི་བྱེད་སྒོ་ལ་ཁྱད་པར་ཡོད་དམ།
དབྱིན་ཡིག་དགེ་རྒན་ཞིག་གིས་ཁོ་ལ་གྲོགས་མོ་ཡེ་ཤུའི་ཆོས་སྤེལ་མཁན་ཞིག་ཡོད་ཟེར། འཁྲུངས་སྐར་ཉིན་མོར་མོའི་ཁྱིམ་ལ་སོང་དུས་མོས་བོད་ཀྱི་སློབ་གཉེར་མ་མང་བོ་ཞིག་དང་མཉམ་དུ་འཁྲུངས་སྐར་ལ་རོལ་བཞིན་འདུག་ལ་ཡེ་ཤུ་མས་སློབ་སྟོན་གྱི་འོག་ཏུ་ཡེ་ཤུའི་ཆོས་ལུགས་ཀྱི་ཆོ་ག་འདོན་བཞིན་འདུག ངས་ཅི་ཡང་མ་བཤད། རྗེས་སུ་ངས་དེ་ཚོར། ཁྱོད་ཚོ་ཡེ་ཤུའི་ཆོས་ལུགས་ལ་ཞུགས་སམ་ཞེས་དྲིས་པར་ཚང་མས་ཞུགས་མེད་ཟེར། འོ་ན་ཁྱོད་ཚོས་ཅིའི་ཕྱིར་ཡེ་ཤུའི་ཆོས་འདོན་པ་ཡིན་ནམ་ཞེས་དྲིས་པས་ཁོ་མོ་ཚོའི་གདོང་བ་དམར་བོར་གྱུར་ནས་ཅི་ཡང་བཤད་རྒྱུ་མི་འདུག་ཟེར།
       དེང་སང་བོད་ལ་རོགས་སྐྱོར་བྱེད་མཁན་གྱི་ཕྱི་གླིང་བའི་ནང་དུ་བརྒྱ་ཆའི་ལྔ་བཅུ་ཡེ་ཤུའི་ཆོས་སྤེལ་མཁན་ཡིན་ཟེར། ཨ་རི་བ་ཞིག་གིས་བཤད་པ་ལྟར་ན་ཟི་ལིང་གི་ཁ་ཧྥེ་འཐུང་ས་དང༌། དབྱིན་ཇིའི་དགེ་རྒན། བོད་ཡིག་སྦྱོང་མཁན་གྱི་ཕྱི་གླིང་བ་མང་ཆེ་བ་ཡེ་ཤུའི་ཆོས་སྤེལ་མཁན་ཡིན། གལ་ཏེ་བྱིས་པ་ཞིག་ཁྲིད་ནས་ཡོང་ཡོད་པ་ཞིག་ཡིན་ན་ཕལ་ཆེར་ཆོས་སྤེལ་མཁན་ཡིན་པར་ཁ་ཚོན་བཅད་ཆོག དེ་བས་འཁྲུངས་སྐར་ནི་ཁོ་ཚོའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར།
      ཁ་ན་ཊའི་བོད་རིགས་བུ་མོ་ཞིག་གིས་མོ་བོད་ཀྱི་སློབ་གྲྭ་ཆེན་མོ་ག་གེ་མོའི་ནང་དུ་ཕྱི་གླིང་བ་དང་བོད་ཀྱི་སློབ་མའི་འབྲེལ་འདྲིས་མཐོང་དུས་མོ་ཧ་ལས་སོང་ཟེར། འདི་ཚོ་བོད་ལ་ཤ་ཚ་ནས་ཡོང་བ་མ་རེད། བོད་ལ་བསླུ་བྲིད་བྱེད་པའི་ཆེད་དུ་ཡོང་བ་རེད། ཁོ་ཚོའི་སྒོར་མོ་དང་འཛུམ་མདངས། མཛའ་བཤེས་བཅོས་མ་དེ་དག་གིས་བོད་མིའི་དད་པ་ཉོ་བར་ཡོང་བ་རེད། སྒོར་མོའི་མདུན་དུ་བོད་རིགས་སློབ་མའི་རང་ཚུགས་འཆོར་བ་འདི་ཅི་ཞིག་རེད་ཨང༌། ཕྱི་གླིང་བའི་དགེ་རྒན་ག་གེ་མོས་རང་གི་བོད་རིགས་སློབ་མ་ཆོས་སྤེལ་མཁན་དག་ལ་འབྲེལ་འདྲིས་བྱེད་དུ་མི་འཇུག འདི་ནི་ངོ་མ་བོད་ལ་ཤ་ཚ་བ་རེད་ཟེར། 

      མོ་ནི་ཡེ་ཤུའི་ཆོས་ལ་མི་དད་པའི་ཕྱི་གླིང་བ་བོད་མི་རིགས་ཀྱི་དོན་དུ་ཧུར་བརྩོན་བྱེད་མཁན་ཞིག་ཡིན། མོས་བོད་ཀྱི་ནང་མ་ཁང་དག་གི་བྱ་སྤྱོད་དེ་མཐོང་དུས་སེམས་ལ་ཅི་འདྲ་ཞིག་འཆར་རམ། ཡིན་ནའང༌། མོས་བོད་རིགས་སློབ་མ་དག་སྒོར་མོའི་མདུན་དུ་རང་ཚུགས་འཆོར་འགྲོ་ཟེར་ན་ང་གཏན་ནས་ཡིད་མི་ཆེས། མོའི་མིག་ལམ་དུ་བོད་ཀྱི་སློབ་མ་འགའ་ལ་དེ་འདྲ་བ་བྱུང་ཡོད་པའང་མོས་མཐོང་བའི་དོན་དངོས་ཡིན་པ་ཁས་མི་ལེན་ག་མེད་རེད། གཙོ་བོ་ང་ཚོས་དབྱིན་ཇིའི་སྐད་ཡིག་སྦྱོང་དུས་དེ་དག་ལ་འབྲེལ་འདྲིས་མི་བྱེད་ཀ་མེད་ཅིག་ཆགས་འདུག་པའང་དོན་དངོས་ཡིན་ལ་དེ་དག་གི་ཆོས་ལུགས་དང་གོམས་སྲོལ་ལ་བརྩི་འཇོག་བྱ་དགོས་པའང་སྨོས་མེད་ཡིན་རུང༌། བརྩི་འཇོག་དེ་རང་ཚུགས་མ་ཡལ་བའི་སྒོ་ནས་བྱེད་པ་ལས་རང་ཚུགས་དེ་རང་ཉིད་ཀྱི་གནས་སྐབས་ཀྱི་དགོས་མཁོ་ལ་བརྗེས་ན་རང་ཉིད་བོར་བ་ཉིད་དོ། །
         ང་ཟི་ལིང་དུ་སོང་ཐེངས་ཤིག་ལ་བོད་ཀྱི་སློབ་ཆེན་སློབ་མ་འགས་ང་བཙལ་ནས་ཡོང༌། དེ་དག་དབྱིན་ཇིར་སྦྱོང་མཁན་དག་ཡིན་པས་ཕྱི་གླིང་བའི་ཆོས་སྤེལ་མཁན་ལ་འབྲེལ་འདྲིས་བྱེད་དུས་དཀའ་ངལ་མི་ཉུང་བ་ཞིག་ཏུ་འཕྲད་འདུག དཔེར་ན་ཟས་ཟ་སྐབས་དང་ཡེ་ཤུའི་དུས་སྟོན་སྐབས་དེ་དག་ཏུ་ཆོས་འདོན་དགོས་པས་ཡེ་ཤུའི་ཆོས་གཏན་ནས་འདོན་མི་འདོད་ལ་ཁ་རོག་བསྡད་ན་དོགས་མི་བདེ་བས་ཅི་ཞིག་བྱ་དགོས་སམ་ཞེས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་དྲི་བ་ཞིག་བཏོན་བྱུང༌། ངས་བསམ་གཞིག་ཅུང་བྱས་རྗེས་ཁྱོད་ཚོས་ནང་བའི་ཆོས་ལུགས་ཀྱི་མཆོད་པ་འབུལ་བྱེད་ཀྱི་ཚིག་བཏོན་ན་ལེགས་ཞེས་བཤད་པས་ཁོ་དང་ཁོ་མོ་ཚོ་ཤིན་ཏུ་འཐད་པར་གྱུར་ཅིང༌། རྗེས་སུ་བཤད་པ་ལྟར་ན་གནད་དོན་དེ་བདེ་བླག་ཏུ་ཐག་ཆོད་སོང་ཟེར།
        སྐབས་འདིར་ངའི་སེམས་ལ་བོད་རིགས་ཞིབ་འཇུག་སློབ་མ་ཞིག་གིས་བཤད་པའི་སྐད་ཆ་དྲན་བྱུང༌། ཁོ་དང་བོད་ཀྱི་རིག་གནས་སྦྱོང་བའི་ཕྱི་གླིང་བའི་བུ་མོ་ཞིག་ཡོད་པ་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང༌། འབྲེལ་བ་དེ་ཡང་ཁོ་ལ་མཚོན་ན་གྲོགས་པོའི་བར་གྱི་འབྲེལ་བ་ཡིན། བུ་མོ་དེས་ཁོ་རང་ཨ་རི་སོགས་ཕྱིའི་རྒྱལ་ཁབ་གང་ཞིག་ཏུ་འགྲོ་བར་འདེམས་སུ་འཇུག རྗེས་སུ་མོར་ཆ་རྐྱེན་ཞིག་ཡོད་པ་ནི་ཡེ་ཤུའི་ཆོས་ལ་དད་པ་བྱ་དགོས་པ་དེ་རེད། མོས་ཁོ་ལ་བཟུང་བའི་འབྲེལ་བ་ནི་གྲོགས་པོའི་འབྲེལ་བ་མིན་པར་ཁོ་ལ་བསླུ་བྲིད་གཏོང་བའི་ཆེད་ཡིན་པ་ད་གཟོད་ཤེས་ཟེར། དེ་ལས་སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་གྱིས། ཟེར་བ་དབང་མེད་དུ་དྲན་ཞིང་ད་དུང་མོས་ཐེངས་མང་བོར་ཁོའི་ཕ་ཡུལ་དུ་ཁྲིད་ནས་ཡུལ་མིའི་གོམས་སྲོལ་ལ་ཞིབ་འཇུག་བྱ་རྒྱུའི་རེ་བ་བཏོན་པའང་ཡུལ་མི་དག་ལ་བསླུ་བྲིད་གོ་སྐབས་ཤིག་འཚོལ་བའང་ཤེས་སོང་ཟེར། དེ་ནས་བཟུང་ཁོ་དང་ཁོ་མོ་བར་གྱི་འབྲེལ་བ་དེ་མཇུག་བསྡུས་ཟེར།
         དེ་ལྟ་བུའི་གནད་དོན་ཚབས་ཆེན་ཞིག་ཡིན་ནམ་ཞེ་ན། དེ་ནི་ངས་ཐག་གིས་བཅད་པ་མ་ཡིན་པར་ནང་བསྟན་གྱི་གཞུང་ལུགས་ཀྱི་ངོས་ནས་ཡིན། ཡང་བོད་ཀྱི་ནང་མ་སོགས་ཁེ་ལས་གཉེར་བ་དག་གིས་ཁོ་ཚོ་ནི་དཔལ་འབྱོར་གྱི་ཆེད་དུ་ཡིན་པ་ལས་འདི་ལ་ཆོས་ལུགས་དང་རིག་གནས་ཀྱི་གནད་དོན་ཞིག་མེད་ཟེར་ངེས་མོད། དཔལ་འབྱོར་གྱི་ཆེད་དུ་དུས་སྟོན་དེ་དག་གཉེར་བ་ནི་དཔལ་འབྱོར་གྱི་ཆེད་དུ་རང་ཚུགས་བོར་བ་ཉིད་དོ། །ངས་འདི་ནས་ཆེད་དུ་བཤད་འདོད་པ་ཞིག་ནི་བོད་ཀྱི་དུས་ཆེན་དག་བོད་ཀྱི་ཁེ་ལས་པ་དག་གིས་བརྗེད་འདུག་པ་དེ་རེད། དཔལ་འབྱོར་གྱི་ཆེད་དུ་དུས་སྟོན་དང་དུས་སྟོན་དེ་དཔལ་འབྱོར་གྱི་རྣམ་པ་ཅན་དུ་བསྒྱུར་དགོས་པ་ནི་རང་གི་རིག་གནས་ལ་བརྟེན་ནས་རང་གིས་ཟ་མ་ཟ་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན། དེ་བས་ངས་འདི་ནས་བོད་ཀྱི་ཁེ་ལས་པ་དག་ལ་བླང་བྱ་ཞིག་གདོན་རྒྱུ་ནི་བོད་ལ་དུས་ཆེན་མང་བོ་ཞིག་ཡོད་པ་འདི་དག་དར་སྤེལ་དུ་གཏོང་བ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཞིག་ཡིན། དེ་དག་དར་སྤེལ་དུ་བཏང་ན་གཅིག་ནས་མི་རིགས་རིག་གནས་དར་སྤེལ་བཏང་བ་ཡིན་ལ་གཉིས་སུ་མི་རིགས་རིག་གནས་ལ་བརྟེན་ནས་རང་གིས་དཔལ་འབྱོར་གཉེར་བའི་ཐབས་ཤེས་ཤིག་རེད། གསུམ་ཏུ་མི་རིགས་ཀྱི་དཔལ་འབྱོར་དེ་རིག་གནས་ཅན་དུ་བསྒྱུར་བའི་བྱེད་ཐབས་ཤིག་རེད། དེ་བས་འདི་ནས་བོད་མི་ཡོངས་ཀྱི་བསམ་གཞིག་དང་དར་སྤེལ་དུ་གཏོང་དགོས་པ་ཞིག་རེད།
       ངའི་སྐད་ཆ་འདི་ཐོས་རྗེས་ལ་ལ་མི་དགའ་བའང་སྲིད་མོད། འདི་ལྟར་བཤད་ན་བདག་ནང་བསྟན་ལ་རྩེ་གཅིག་གིས་དད་པའི་རྐྱེན་གྱིས་ཡིན་སྲིད་མོད་འདི་ནི་ནང་བསྟན་ལ་དད་པ་བྱེད་པའི་ནང་བ་བ་དག་ལ་བཤད་པ་ཡིན་པ་ལས་ནང་བསྟན་ལ་མི་དགའ་བ་དག་ལ་འབྲེལ་མེད་དོན་གཞན་གྱི་སྐད་ཆ་ཞིག་ཡིན་པས་འདི་ཉིད་བཀླག་དགོས་དོན་ཡང་གཏན་ནས་མེད། དེ་དག་སྔར་བཞིན་རང་གི་འདོད་པ་རྒྱ་ཡན་པའི་རྗེས་སུ་རྒྱུགས་ན་ཆོག་པས་ཁོང་ཁྲོ་དོན་ཅི་ཡང་མེད་ནའང་རྒྱའི་ཁ་དཔེར། ཡེ་ཤུའི་ཆོས་པ་གཅིག་ཇེ་མང་དུ་སོང་པས། རྒྱ་ནག་པ་གཅིག་ཇེ་ཉུང་དུ་བུད་སོང༌། (多了一个基督徒,少了一个中国人。)ཞེས་པ་འདིར་བསམ་གཞིག་ཅུང་བྱས་ན་ལེགས་སོ། །
       གང་ལྟར་གཞན་པ་ངས་བསམ་པ་བཞིན་དུ་བསམ་པའི་ངེས་པ་མེད་མོད། ང་རང་ཉིད་བོད་ཀྱི་ནང་བསྟན་པ་ལྷད་མེད་ཡིན་པའི་ཆ་ནས་དུས་སྟོན་དེ་དག་ལ་རོལ་འདོད་གཏན་ནས་མེད་དོ། །འདི་ནི་ངའི་རང་གི་གྲོགས་པོ་དག་ལ་སྦ་གསང་མེད་པར་བཤད་པའི་སྙིང་གཏམ་ཞིག་ཡིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
spiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/12/2
ཡེ་ཤུའི་རྗེས་སུ་འབྲངས་མཁན་བོད་པ་ཚོ་ནི་ཁ་མ་སོས་ནམ་མ་ལངས་པ་དག་ཡིན་པས་གཡམ་རྒྱུག་མཁན་ཚོས་བསམ་བློ་ཐོངས། འདི་ལའང་གཟིགས་རིན་ལྡན།
 སྤེལ་མཁན:  སྤེལ་དུས:2013/12/2
ཡེ་ཤུའི་རྗེས་སུ་འབྲངས་མཁན་བོད་པ་ཚོ་ནི་ཁ་མ་སོས་ནམ་མ་ལངས་པ་དག་ཡིན་པས་གཡམ་རྒྱུག་མཁན་ཚོས་བསམ་བློ་ཐོངས། འདི་ལའང་གཟིགས་རིན་ལྡན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41439508
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1