དགའ་ལྡན་དགོན་པའི་ལྔ་མཆོད་གོས་སྐུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »དགའ་ལྡན་དགོན་པའི་ལྔ་མཆོད་གོས་སྐུ།
དགའ་ལྡན་དགོན་པའི་ལྔ་མཆོད་གོས་སྐུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/28ལྟ་ཀློག (2606)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྔོན་བྱོན་མེས་པོ་ཀུན་ལ་མི་མངོན་པའི། །
བགྲང་བྱ་བརྒྱ་ཕྲག་དྲུག་ལྷག་བརྒལ་བ་ཡི། །
སྨིན་དྲུག་ཟླ་བའི་མར་ངོའི་ཚེས་བཅུ་ཀུན། །
འཛམ་བུའི་སྒྲས་བསྟན་གླིང་གི་ཁྱོན་ཡངས་པོར། །
ཕྱི་ནང་སྒྲོན་མེ་འབུམ་ཕྲག་དུ་མ་བཏེགས། །
དམིགས་བརྩེ་མ་སོགས་བསྟོད་པའི་དབྱངས་སྙན་གྱིས། །
འཛིན་མའི་ཁྱོན་ཀུན་ལེགས་པར་འགེངས་པ་འདིས། །
གངས་ཅན་ཤིང་རྟའི་སྲོལ་འབྱེད་ད་དུང་འདིར། །
བཞུགས་སམ་སྙམ་དུ་འཚོལ་བར་བཞུད་དམ་ཅི། །

        ༄༅། །བོད་ཟླ་བཅུ་བའི་ཚེས་ཉི་ཤུ་ལྔ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་མཆོག་གི་དངོས་གྲུབ་བརྙེས་ཏེ་སངས་རྒྱས་པའི་དུས་ཆེན་དང་། ཐུན་མོང་བའི་དབང་དུ་བྱས་ན་གཟུགས་སྐུ་མྱ་ངན་ལས་འདས་པའི་དུས་མཆོད་ཡིན་པས་དེའི་ཞོགས་ཚོགས་ལ་དཔལ་ལྡན་ས་གསུམ་མ་དང་གསང་བའི་རྣམ་ཐར་སོགས་རྗེའི་བསྟོད་པ་རྣམས་རྒྱས་པར་གསུངས་གྲུབ་མཚམས་ཚོགས་ཆེན་ཞལ་ངོ་གསར་རྙིང་བརྗེ་བསི་མཛད་སྒོ་གྲུབ་རྗེས་སེར་ཕྲེང་མཆོད་པའི་རོལ་མོའི་དབྱངས་དང་བཅས་སངས་རྒྱས་མར་མེ་མཛད་དང་། དུས་གསུམ་སངས་རྒྱས། རྒྱལ་བ་བྱམས་པ་བཅས་ཀྱི་གོས་སྐུ་གསུམ་སྔ་རྟིང་དུ་སྤྱན་དྲངས་ཏེ་ཡངས་ཅན་གཙུག་ལག་ཁང་གི་མདུན་དུ་རིམ་བཞིན་འགྲེམས་གཤོམས་ཞུས་ནས་སྔར་བཞིན་ཁྲུས་གསོལ་རབ་གནས་སོགས་རྒྱས་པར་བྱེད། དགོང་མོ་གསེར་གདུང་ཁང་དང་། ཚོགས་ཆེན།  གྲྭ་ཚང་གཉིས། ཁང་ཚན་བཅས་ཀྱི་ཐོག་ཁར་མར་མེའི་རྒྱལ་མཚན་དང་བཀྲ་ཤིས་རྟགས་བརྒྱད་སོགས་མར་མེ་འབུམ་ཕྲག་དུ་མ་ཚར་དུ་དངར་བ་བཙུགས་ཏེ།  དུང་དང་རྒྱ་གླིང་གི་སྙན་གསན་ཁྲོད་དུ་སེར་སྐྱ་ཁྲི་ཕྲག་དུ་མས་རྗེ་བླ་མའི་གསོལ་འདེབས་དམིགས་བརྩེ་མ་དབྱངས་དང་བཅས་ཡུན་རིང་བོའི་བར་འདོན་པར་བྱེད། དེང་གི་ཆར་ཡང་སྔར་གྱི་སྲོལ་རྒྱུན་བཞིན་ལོ་རེའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཞོགས་པ་ཆུ་ཚོད་བརྒྱད་ཙམ་ལ་ཞོགས་ཚོགས་དབུ་བཙུགས་ཏེ་རྗེའི་བསྟོད་པ་དཔལ་ལྡན་ས་གསུམ་མ་དང་གསང་བའི་རྣམ་ཐར་སོགས་ཞལ་འདོན་རྒྱས་པར་མཛད་རྗེས་ཆུ་ཚོད་བཅུ་གཅིག་ཙམ་ལ་ཡངས་ཅན་གཙུག་ལག་ཁང་གི་ལྡེབས་སུ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་གོས་སྐུ་ཆེན་མོ་སེར་ཕྲེང་དང་། དུང་རྒྱ་གླིང་།  སིལ་སྙན་སོགས་མཆོད་པའི་རོལ་མོའི་དབྱངས་དང་བཅས་འགྲེམས་གཤོམས་ཞུ་བ་དང་མཁན་རིན་པོ་ཆེ་དང་། ཚོགས་ཆེན་བྱངས་འདྲེན་ཆེན་མོ་སོགས་དགེ་འདུ་རྣམས་ཀྱིས་ཁྲུས་གསོལ། རབ་གནས།  ཤིས་བརྗོད་སོགས་རྒྱས་པར་མཛད།

     ཚེས་ཉེར་བཞི་དང་ཉེར་ལྔ་གཉིས་ཀྱི་དགོང་མོར་གསེར་གདུང་ཐོག་དང་།  ཚོགས་ཆེན་གྲྭ་ཚང་། ཁང་ཚན་གྲྭ་ཤག་བཅས་ཀྱི་ཐོག་མར་མེའི་རྒྱལ་མཚན་དང་བཀྲ་ཤིས་རྟགས་བརྒྱད་སོགས་མར་མེ་འབུམ་ཕྲག་དུ་མ་ཚར་དུ་དངར་བ་བཙུགས་ཏེ་དུང་དང་རྒྱ་གླིང་གི་སྙན་གསན་ཁྲོད་དུ་སེར་སྐྱ་ཁྲི་ཕྲག་དུ་མས་རྗེ་བླ་མའི་གསོལ་འདེབས་དམིགས་བརྩེ་མ་ཐུན་མོང་མ་ཡིན་པའི་དབྱངས་དང་བཅས་ཡུན་རིང་འདོན་པར་མཛད།

    དེ་ཉིན་ལྷ་ས་སོགས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་མར་མེ་འབུལ་བ་སོགས་རྣམ་དཀར་གྱི་དགེ་བ་བརྩོན་པས་དུས་དྲན་གཟབ་རྒྱས་ཤིག་མཛད།
དེ་ལ་བཞི་མཆོད་ལེགས་པ་མ་བཞེས་ཚེ་དམག་འཁྲུག་གི་ངོ་དང་། ལྔ་མཆོད་ལེགས་པོ་མ་བཞེས་ཚེ་ནད་ཡམས་ཡོང་ཞེས་རྒན་རབས་རྣམས་ཀྱི་གསུང་རྒྱུན་དུ་ཡོད།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།

དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །

གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས།།

སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ།།

སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས།།

རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །

今天是藏历十月二十五日,宗喀巴尊者圆寂日(1419),为纪念尊者,每年的这一天也定为“燃灯日”。燃灯日是为了纪念佛教改革家,格鲁派创始人,宗喀巴大师的逝世而举行的活动,于每年藏历十月二十五日举行。这天凡属该教派的各大小寺庙、各村寨牧民,都要在寺院内外的神坛上,家中的经堂里,点酥油灯,昼夜不灭。以供灯和转经的方式祈福祝愿。


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42012303
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1