འཛམ་བུ་གླིང་ལ། འཕྲིན་བཟང་གི་འོད་སྣང་སྦྱིན་མཁན།
ཁ་བའི་ལྗོངས་ལ། མཛའ་མཐུན་གྱི་རོལ་དབྱངས་སྒྲོག་མཁན།
ཁ་བ་ཅན། བོད་ཡིག་ལག་འཕྲིན།
དུས་རབས་ཉེར་གཅིག་པའི་སྔོན་ཐོན་གྱི་ཚོང་རྫས་གསར་བ།
འཛམ་བུ་གླིང་གི་འཁོར་བསྐྱོད་ལ་བརྒྱུས་པའི་གཏམ་སྙན་གྱི་འཕྲིན་གསར་རེ་རེ།
ཁྱོད་ཀྱི་སྙན་ལམ་དང་སེམས་ཁོང་ལ་བསྐྱེལ་བའི་ཕོ་ཉ་གསར་བ་ཡིན།
རྒྱ་ཆེ་བའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་འཛད་སྤྱོད་པ་རྣམས་ལགས། དུས་རབས་བུ་མོའི་གོམ་འགྲོས་དང་བསྡོངས་ཏེ་ངེད་ཁ་བ་ཅན་འཕྲིན་སྐྱེལ་ཚོང་ཟོག་ཚད་ཡོད་སྤྱི་གཉེར་ཁང་གིས་རང་མི་རིགས་ཀྱི་རིག་གནས་འདི་ཆ་འཕྲིན་གྱི་ལམ་ནས་གོང་འཕེལ་དུ་གཏོང་བ་ཆེད་དུ་དམིགས་ཏེ། རིག་ནུས་ཅན་གྱི་ཁ་བ་ཅན་ལག་འཕྲིན་རིགས་མི་འདྲ་བ་འགའི་མ་ལག་ཡོངས་བོད་བསྒྱུར་བྱས་ཏེ་ཁ་བ་རི་བའི་སྤུན་ཟླ་དག་གི་སྤྱན་ལམ་དུ་འབུལ་བཞིན་ཡོད་པས་ངེད་ཁ་བ་ཅན་གྱི་ཐོན་རྫས་དག་ལ་དགའ་མོས་ཡོད་མཁན་ཚོས་རྒྱུས་ལོན་གསལ་བོ་གནང་རྒྱུ་མཁྱེན།
ངེད་ཁ་བ་ཅན་གྱི་ལག་འཕྲིན་འདི་དག་ལ་གཞན་དང་མི་འདྲ་བའི་ཁྱད་ཆས་གཙོ་བོ་ཞིག་ཡོད་པ་ནི་ལག་འཕྲིན་རང་སྟེང་གི་ཤོང་ཚད་མཐོ་ལ་འཕྲིན་ལམ་གསུམ་ལ་རྒྱབ་སྐྱོར་ཐུབ་པའི་བྱང་གཞོང་ཡོད་པས་རང་གི་འདོད་མོས་ལྟར་གློག་འཕྲིན་དང་འཁྱེར་འཕྲིན། འབྲེལ་འཕྲིན་སོགས་ཀྱི་བྱང་བུ་གང་རུང་བཞག་ཆོག
ད་དུང་རིན་གོང་དམའ་ལ་མ་ལག་ཡོངས་བོད་བསྒྱུར་བྱས་པའི་ལག་འཕྲིན་གྱི་རིགས་ཀྱང་ཡོད་། ཁ་བ་ཅན་ལག་འཕྲིན་འདི་དག་གི་བརྙན་མིག་གསལ་ལ་གློག་གི་ཤོང་ཚད་མཐོ་བའི་གློག་རྫས་བཞག་ཡོད་པ་མ་ཟད་འཆར་ཤེལ་དྭངས་ཤིང་གསལ་ལ་ཕྱི་དབྱིབས་དུས་སྲོལ་དང་མཐུན་པོ་ཡོད་། གཞན་རོལ་རྩེད་ཀྱི་ཆ་ནས་ཀྱང་དུས་རབས་དང་མཐུན་པའི་བོད་བསྒྱུར་རོལ་རྩེད་སྣ་མང་དང་བོད་ཡིག་ལག་འབྲུ་ཐུབ་པའི་ཟིན་དེབ། དཔེ་ཆ་སྣ་མང་ནང་འཇུག་བྱས་ཡོད་ལ་རྒྱུ་སྤུས་ཀྱི་ཆ་ནས་ཀྱང་སྤུས་ལེགས་ཀྱི་ཚད་གཞི་གཞིར་བཟུང་སྟེ་ཐོན་སྐྱེད་བྱས་པ་ཡིན་པས་སྤུན་ཟླ་དག་གི་ཐུགས་ཡིད་ཚིམ་པའི་སྨོན་འདུན་ཞུ།
མཚོ་སྔོན་ཁ་བ་ཅན་འཕྲིན་སྐྱེལ་ཚོང་ཟོག་ཚད་ཡོད་སྤྱི་གཉེར་ཁང་།
འབྲེལ་གཏུག་བྱ་ཡུལ། ལྷ་བྷེ། ༡༨༢༩༧༢༥༦༨༨༨ ༠༩༧༡—༧༡༦༨༤༩༣ ༢༥༠༣༢༡༩༧༦༣
ཚེ་རིང་འབུམ། ༡༨༩༠༩༧༤༢༢༢༧ ཚོང་རྭའི་གཙོ་འགན་པ།
ས་གནས། ཟི་ལིང་གྲོང་ཁྱེར་པིན་ཧུ་གཞུང་ལམ་གྱི་ལྕགས་ལམ་གཞིས་ཁུལ་ཁང་ཤར་༡༦པའི་ཁང་ཚན་༥པའི་ཐོག་ཁང་༥༠༡པ།
ཁ་བ་ཅན་འཕྲིན་སྐྱེལ་ཚོང་ཟོག་སྤྱི་གཉེར་ཁང་གིས་རྒྱ་ཆེའི་འཛད་སྤྱོད་པ་དག་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་བཞིན་ཡོད།
|