༄༅། །དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »༄༅། །དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།
༄༅། །དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/1/19ལྟ་ཀློག (3142)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

དགའ་ཕ་ལམ་གྱིས་བཏུས།


          རྗེ་མཁས་གྲུབ་བསྟན་འཛིན་རིན་པོ་ཆེས་ཕྱག་འདེབས་མཛད་པའི་མཛོད་དགེ་རུ་སྟོད་མའི་དགོན་དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་ནི་བོད་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་སྟེ་སྤྱི་ལོ༡༧༩༦ལོའི་ནག་ཟླའི་ཉ་ལ༼ཟླ༣པའི་ཚེས་༡༥ཉིན༽ད་ལྟའི་དགོན་ས་འདི་ནས་བཀྲ་ཤིས་གསོ་སྦྱོང་མཛད།  དེ་ནས་ལོ་གཉིས་ཀྱི་རིང་ལ་གཟིམ་ཤག་བཅུ་ཕྲག་དྲུག་ཙམ་ལེགས་པར་བསྒྲུབས།  འདུ་ཁང་གི་ཤིང་ཆ་འདྲེན་སྐབས་ཤོག་ཁག་ནང་འཐེན་འཁྱེར་ཅུང་ཟད་བྱུང་རུང་མ་འགྱངས་པར་སྐྱོན་མེད་པར་ཐམས་ཅད་ཀྱི་འདུན་པ་རྩེ་གཅིག་ཏུ་གྱུར།  ས་ལུག་སྟེ༡༧༩༩ལོར་འདུ་ཁང་གི་རྩིག་གཞི་འཛིན་སྐབས།  གནས་དེའི་ཤར་ལྷོའི་མཚམས་སུ་བྲག་མགོན་པོ་ཟེར་བ་ཞིག་མངའ་བ་དེ་ནས་རྡོ་ཆེན་བཅུ་གསུམ་མཆོད་རོལ་སོགས་ཀྱིས་བསུ་བའི་བཀོད་པ་དང་བཅས་ཐོག་མར་བླངས་ཏེ་རྩིག་གཞིར་བཀོད།  དེའི་སྐབས་བྲག་མགོན་པོའི་རྩེ་ནས་བྱ་རོག་ཅིག་འཕུར་ཡོང་བ་གཞན་གྱིས་བཀག་ཀྱང་མ་ཁོགས་པར་དགོན་གནས་སུ་ལྷ་བསང་ཆེན་པོ་བཏང་ཡོད་པའི་ཐོག་ཏུ་བབས་པ་ལ་དཔག་ན། ཁོང་ལ་དེའི་ཚེ་ཆོས་སྲུང་གི་གཟིགས་སྣང་མང་བོ་བྱུང་ཡོད་ཚོད་འདུག་ཀྱང་ཅི་ཡང་མ་གསུངས། གྲྭ་བ་རྡོ་འཁུར་མཁན་རྣམས་ལའང་ཀུན་གཟིགས་ཞིང་བཀོད་པའི་མདོ་དང་། དེའི་སྨོན་ལམ་སོགས་གྲངས་མང་འདོན་དགོས་པའི་ལྗགས་བཀོད་གནང་།  འདུ་ཁང་གི་ཤིང་བཟོ་ལ་རྗེ་བཙུན་འཇམ་དབྱངས་སུ་བསྐྱེད་ནས་མཆོད་པའི་རྣམ་པ་རྒྱ་ཆེར་མཛད།  ལས་བྱེད་ཀུན་གླ་མི་དང་མི་འདྲ་བར་བཟའ་བཏུང་དང་དངུལ་གོས་ཚད་མེད་བསྩལ། དེ་བས་འདུ་ཁང་གི་བཟོ་བཀོད་དང་རྣམ་པ་སོགས་ལ་ཉམ་ཉེས་ཅི་ཡང་མ་བྱུང་བར་ཁྱད་འཕགས་སུ་གྱུར།ལྕགས་སྤྲེལ་སྟེ༡༨༠༠ལོར་སྐྱ་བཟོ་མཐའ་དག་གྲུབ་ཅིང་ཕྱི་ལོར་ཅོ་ནེ་ཕྱོགས་ནས་ལྷ་བཟོ་མཁས་པ་འགའ་བོས་ཏེ་འདུ་ཁང་ལ་ཚོན་རྩི་རྒྱ་ཆེན་བཏང་། དེ་ནས་ཤིང་བྱི་སྟེ་༡༨༠༤ལོའི་དགུན་ཁར་སྐྱབས་མགོན་མཆོག་སྤྲུལ་འཇིགས་མེད་རྒྱ་མཚོ་དགོན་ལག་སོ་སོས་གདན་དྲངས། སྐབས་དེར་དགོན་①འདིར་ཡང་ཕེབས་ཏེ་ཁོང་གིས་དགོན་ལག་འདིས་རྟེན་དང་བརྟེན་པར་བཅས་ཕུལ་ཏེ། ཇི་སྲིད་ནམ་འཚོའི་བར་བླ་བྲང་གི་དགོན་ལག་བྱེད་རྒྱུའི་ཆིངས་ཡིག་དང་ལས་སྣེ་བྱིངས་ལ་ཐེལ་རྟགས་འཇོག་ཏུ་བཅུག་གོ ། །

མཆན།

གུང་ཐང་བསྟན་པའི་སྒྲོན་མེས་བརྩམས་པའི་རྗེ་མཁས་གྲུབ་བསྟན་འཛིན་རིན་པོ་ཆེའི་རྣམ་ཐར་ལས་བཏུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41592020
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1