ཆོས་ཀྱི་རྣམ་གྲངས་ཕག་ནས་ཚུགས་ཀ་འཇོག་པ་ལས། རྒྱུན་ཤེས་རེ་ཤོད་ཡ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་གླེང་བརྗོད། »ཆོས་ཀྱི་རྣམ་གྲངས་ཕག་ནས་ཚུགས་ཀ་འཇོག་པ་ལས། རྒྱུན་ཤེས་རེ་ཤོད་ཡ།
ཆོས་ཀྱི་རྣམ་གྲངས་ཕག་ནས་ཚུགས་ཀ་འཇོག་པ་ལས། རྒྱུན་ཤེས་རེ་ཤོད་ཡ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/1/31ལྟ་ཀློག (11309)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

         མཚོ་སྔོན་གྱི་རྒྱང་སྒྲོག་རླུང་བརྙན་འཕྲིན་ཁག་གིས་ངེས་པར་དུ་ཁྱབ་བསྒྲག་གནང་དགོས་པ་ཞིག

                                                         རྣོ་སྦྲེང་།
  
གྲོང་ཁྱེར་ཞིག་ལ་མཚོན་ན། རླངས་འཁོར་ས་ཚིགས་དང་མེ་འཁོར་ས་ཚིགས་ནི་མི་རིགས་སྣ་མང་འདུ་སའི་ལྟེ་བ་ཡིན་ལ། ཡང་ན་གྲོང་ཁྱེར་དེ་ལ་རྒྱུས་ལོན་བྱེད་སའི་སྒེའུ་ཁུང་ལྟ་བུ་ཡིན་ཞེས་ལྗོངས་རྒྱུ་བ་དག་གིས་སྨྲ།
 
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལ་མཚོན་ན་ནང་ལོག་གི་གྲོང་ཁྱེར་གཞན་དག་དང་བསྡུར་ན།   མིའི་རིགས་ཀྱི་སྤུས་ཚད་ཞན་ལ་སྐད་མགོ་མཐོ་བ།   འཇོན་ཐང་དམན་པ།    ཁོར་ཡུག་གི་གཙང་སྦྲ་མི་ལེགས་པ།    དུས་ཚོད་ཀྱི་འདུ་ཤེས་བྲལ་སོགས་མདོར་ན་གྲོང་ཁྱེར་སྤྱིའི་མཁའ་དབུགས་ལ་སྒྱིད་ལུག་གི་ཆ་ཤས་རང་བཞིན་གྱིས་མངོན་ཡོད།
 
གང་ལྟར་ཟི་ལིང་གྲོང་ཁྱེར་ལ་མཚོན་ན།    ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་བོད་པ་ཤིན་ཏུ་མང་ལ།     ནང་སྒོས་སུ་རོང་འབྲོག་མང་ཚོགས་དག་སྨན་ཁང་དང་ཚོང་ལས་བྱེད་དུ་ཡོང་མཁན་ཡང་བགྲང་ལས་འདས།
 
དེ་བཞིན།  རོང་འབྲོག་མང་ཚོགས་དག་འཚང་ཁ་ཤིག་ཤིག་གིས་འདུ་ས་ནི།   ཟི་ལིང་རླངས་འཁོར་ས་ཚིགས་ཏེ་བོད་མིའི་ཁྲོམ་ར་ཡིན་པ་ཀུན་གྱིས་ཤེས།    
   
བོད་མིའི་ཁྲོམ་ན་དྲང་ཤད་ཆེ་བའི་བོད་མི་མོད་པས། ཚོང་ལས་བྱེད་ལ་མགོ་བོ་བདེ་བའི་ཧེ་རིགས་དང་རྒྱ་རིགས་མོད་པོ་འདུས་ཡོད་ལ།      
  
བདེ་བདེ་ཅོག་ཅོག་གི་ཚིག་འཇམ་རེ་རེ་ཡིས་གཞུང་རྒྱུད་དྲང་བའི་བོད་མི་མང་པོ་ཞིག་གི་རྔུལ་ཆུས་གྲུབ་པའི་སྒོར་རྡོག་དག་འདྲ་མཉམ་མིན་པའི་འཛད་སྤྱོད་ལ་འདྲེན་པ་ནི་ཅི་འདྲའི་ཞེ་སྨྲེང་དགོས་པ་ཞིག་རེད་ཨང་།
     
དེ་ལས་ཀྱང་རོང་འབྲོག་མང་ཚོགས་དག་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། རླངས་འཁོར་ས་ཚིགས་ནས་ཞིང་ཆེན་བོད་སྨན་ཁང་བར་དུ་རྒྱུགས་པའི་གླ་གཏོང་འཁོར་ལོ་དག་གིས། བོད་མི་དག་གི་ཉམས་ཚོད་ལ་བལྟས་ཏེ་རིན་གོང་མཐོན་པོ་ལེན་བཞིན་པ་དེ་རེད།     
    
རླངས་འཁོར་ས་ཚིགས་ནས་ཞིང་ཆེན་བོད་སྨན་ཁང་བར་གྱི་གླ་གཏོང་འཁོར་ལོ་དེ་དག་ལ། རིན་གོང་མཐོན་པོ་ལེན་པའི་ཁོར་ཡུག་ཅིག་གྲུབ་འདུག་ན། ༼ མི་རེ་ལ་སྒོར་བཅུ་དང་མི་བཞི་ལ་སྒོར་བཞི་བཅུ་ལེན་བཞིན་འདུག༽
   
གྱོང་རེག་མཁན་ནི་གྲོང་ཁྱེར་གྱི་འགྲོ་སྟངས་དང་རྒྱ་མིའི་སྐད་ཆ་མི་ཤེས་པའི་རང་རེའི་རོང་འབྲོག་མང་ཚོགས་དག་མ་ཡིན་ནམ།
   
དེ་ལྟ་ན། ངའི་འདང་ཕོག་ཐབས་བྲལ་བ་ནི། རང་རེའི་རྒྱང་སྒྲོག་རླུང་བརྙན་འཕྲིན་དག་གིས་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ དང་ཁ་ཐག་རིང་བའི་གནས་ལུགས་ཆེན་པོ་བཤད་པ་དང་། མདོ་འཛིན་པ་དག་གིས་ཆོས་ཀྱི་རྣམ་གྲངས་ནང་གི་དྲི་བ་དྲིས་ལན་དག་སྔུན་ལ་བཟུང་རྗེས། ཕ་རོལ་བ་དག་ལ་དེ་ཡང་མི་ཤེས་སམ་ཞེས་སྒྲོ་ཉམས་དགོད་ཤོར་བ་རེ་བསྟན་ནས་འདུག་པ་ ལས། ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པའི་མ་མཐའི་རྒྱུན་ཤེས་འདི་དག་རྟག་པར་གླེང་ན་ཅིའི་མི་ཆོག
   
དེ་བས། རང་རེའི་རོང་འབྲོག་མང་ཚོགས་དག་ལ། སྤུས་ཚད་ཞན་པའི་གླ་གཏོང་འཁོར་ལོའི་ཁ་ལོ་བ་དག་གི་བྱ་སྤྱོད་དེའི་རིགས་ནི་ ཁྲིམས་མེད་ལུགས་མེད་དང་། དེང་ཕྱིན་གཡོ་ཇུས་དེའི་རིགས་ཀྱི་འོག་ཏུ་ཚུད་མི་རུང་བའི་རྒྱུན་ཤེས་ཕྲ་མོ་འདིའི་རིགས་མཚོ་སྔོན་གྱི་རྒྱང་སྒྲོག་རླུང་བརྙན་འཕྲིན་དག་གིས་ཤུགས་ཀྱིས་གླེང་བར་འབོད་སྐུལ་བྱས་པ་ཡིན།


རྩོམ་ཐུང་འདི་སྤྱི་ཚོགས་ཤིག་ལ་དགོས་མཁོ་ཆེ་བས་རྩོམ་པ་པོར་ཞུ་ཁོམ་མ་བྱུང་བར་བཀོད་པ་ཡིན་པས་དགོངས་དྭངས་ཡོད་པར་ཞུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/2/1
ངོ་མ་ཡག་པོ་བྲིས་འདུག རྒྱབ་སྐྱོར་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41142654
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1