དཔའ་རྒོད་དང་མཛེས་མ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »དཔའ་རྒོད་དང་མཛེས་མ།
དཔའ་རྒོད་དང་མཛེས་མ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/2/14ལྟ་ཀློག (1965)རྩོམ་ཁུངས: དྲྭ་བཏུས།པར་འདེབ།

རྨེ་གྲྭ་ཚེ་རིང་བསམ་གྲུབ།

     སྨད་འཚོང་མའི་འོང་འབབ་ནི་དེང་རབས་ཀྱི་ཆེས་མྱུར་བའི་ཚོང་ལས་ཤིག་མིན་ཡང་སྒོར་མོ་འཚོལ་ཐབས་ཆེས་ཉེ་ཤོས་ཤིག་ཏུ་ཆགས་འདུག ལོ་སྟོང་ཕྲག་གི་ཕ་རོལ་ཅིག་ནས་འཇིག་རྟེན་གྱི་མཛེས་མ་འདི་དག་ནི་མི་ཆེན་དཔོན་ཆེན་གྱི་ལག་ནང་གི་རྩེད་ཆས་གཙོ་བོ་ཞིག་ཏུ་ཆགས་ནས་འོང་། ལྷག་ཏུ་དཔའ་རྒོད་ཀྱི་སྐྱེས་པ་ཚོས་འཛམ་གླིང་གི་མཛེས་མ་རྩོད་ལེན་གྱི་ཆེད་དུ་རྟ་དམག་གི་གཡུལ་ཆེན་དམར་པོ་ཁྲག་ལ་སྒྱུར་མྱོང་ལ། བརྩེ་དུང་གི་མེ་ཕུང་སྔོན་མོ་ཆུ་ཡིས་གསོད་མྱོང་། རྗེས་སུ་རིམ་བཞིན་སྐྱེས་མ་ཚོ་ལ་རང་དབང་གི་ལམ་གའི་འོད་ཐིག་ཕྲ་མོ་ཞིག་ཤར་བ་ནས་བཟུང་གནའ་བོའི་ཀེ་རུ་སི་དང་ཨེ་ཅེའུ་རྒྱལ་ཁབ་དང་རྒྱ་གར་སོགས་སུ་མཛེས་མས་ལུས་འཚོང་གི་སྲོལ་ཐོག་མར་དར།དེ་ནི་སྐབས་དེར་མཚོན་ན་དབུལ་མོ་དག་གིས་ཐབས་སྡུག་པའི་ཁ་གསོ་སྟངས་ཤིག་སྟེ། དབུལ་མོ་མཛེས་མ་དག་གིས་རང་ལུས་ཡོང་འབབ་ལས་རང་གི་ལྟོ་གོས་གཡོག་དགོས་བྱུང་། ཡིན་ནའང་སྐབས་དེར་མི་མང་ཆེ་བས་དེ་ནི་ཆེས་ཐ་ཤལ་གྱི་བྱ་བ་ཞིག་ཏུ་སེམས། རིམ་བཞིན་བུད་མེད་ཀྱི་སྨད་འཚོང་གི་བྱ་བ་དེ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཆུ་བོ་བཞིན་བཞུར་ནས་དར་ཁྱབ་དུ་གྱུར། དེང་གི་དུས་འདིར་བསླེབས་པ་ན་རྒྱལ་མཚམ་ལ་དབྱེ་བ་མེད་པར་སྨད་འཚོང་གི་ལས་གཉེར་མཁན་ནི་ལོ་རེ་ནས་ཟླ་རེར་འཕེལ་རྒྱས་ཆེས་མྱུར་བའི་ལམ་ལ་ཞུགས་ཏེ་གང་སར་ཁྱབ། བར་སྐབས་ཤིག་ནས་སྐྱེ་གཟུགས་བཟང་ངན་དང་ལོ་ཆེ་ཆུང་མེད་པར་མོ་ལོ་བདུན་ཅུར་སོན་པའི་རྒན་མོ་མན་ཆད་མོ་ཡིན་པ་དང་མཚན་མ་མི་འདྲ་བ་མོ་རྟགས་ཡོད་པ་རྒྱུ་མཚན་དུ་བྱས་ནས་སྨད་འཚོང་གི་ལས་ལ་ཞུགས། ཚོད་དཔག་བྱས་པ་ལྟར་ན་རྒྱ་ནག་གི་གྲོང་ཁྱེར་རེ་རེ་ན་ན་གཞོན་བུད་མེད་ལས་བརྒྱ་ཆའི་ཉི་ཤུ་ལྷག་ཙམ་མངོན་ལྐོག་གང་རུང་གི་ས་ན་འཛུམ་མེར་མེར་སྨད་འཚོང་གི་བྱ་བ་གཉེར་གྱིན་ཡོད་པར་བཤད། དེའི་ཕྱིར་དེང་དུས་སུ་མི་མང་ཆེ་བས་མགྲོན་ཁང་དང་ཆང་ཁང་གི་མཛེས་མ་ཞེས་སྨད་འཚོང་གི་བྱ་བ་ནི་རང་གི་ལས་གནས་ཤིག་དང་། ལས་ཡག་ཤོས་ཤིག ཡང་ན་རང་གི་མདུན་ལམ་ཞིག་དང་གཟི་བརྗིད་ཅིག་ལ་ངོས་འཛིན་ཐོབ་སྟེ་གནའ་དེང་གི་བསམ་བློས་འཛིན་ཚུལ་ལ་གནམ་སའི་བར་ལག་བྱས་སོང་། སྨད་འཚོང་མའི་ལས་རིགས་འཕེལ་རྒྱས་བྱུང་བ་ནི་འཇིག་རྟེན་གྱི་སྐྱེས་པ་ཚོ་འདོད་ཆགས་ཚ་དྲགས་པས་ཡིན་པར་བཤད། ཡིན་ནའང་ད་དུང་སྨད་འཚོང་གི་ལས་རིགས་འདི་ནི་ཁྲིམས་འགལ་ཚབས་ཆེ་ཤོས་ཀྱི་ལས་རིགས་ཤིག་ཡིན་ཏེ། རྒྱལ་ཡོངས་ཁྲིམས་ལུགས ༦༦-༦༧ པའི་ནང་གཏན་ཁེལ་བྱུང་བ་ལྟར་ན། སྨད་འཚོང་མ་དང་དེ་ཉོ་སྒྲུབ་མཁན་གྱི་ཁྲིམས་འགལ་མི་སྣ་དག་ཉིན་བཅོ་ལྔ་མན་ལ་བཀག་ཉར་དང་། སྒོར་སྟོང་ལྔ་མན་གྱི་ཆད་པ་གཅོད་རྒྱུ། ཉེས་པ་ཆུང་ཙམ་གྱི་རིགས་ལ། ཉིན་ལྔ་མན་ལ་བཀག་ཉར་དང་། སྒོར་ལྔ་བརྒྱ་མན་གྱི་ཆད་པ་གཅོད་རྒྱུ། གཞི་རྒྱ་ཆེ་བའི་སྨད་འཚོང་གི་འཚོང་ལས་གཉེར་མཁན་དང་། བཙན་གྱིས་གཡེམ་སྦྱོར་གྱི་བྱ་བ་དང་ཉོ་འཚོང་རྒྱག་མཁན། ལོ་བཅུ་བཞི་མ་ལོན་པའི་སྐྱེས་མ་དག་ལ་བཙན་སྦྱོར་བྱས་པ། གྱོད་དོན་ལས་མི་ཤི་རྨས་སོགས་ནག་ཉེས་ཚབས་ཆེན་བསགས་ན། ལོ་བཅུ་མན་ལ་ཁྲིམས་འཛིན་བྱ་རྒྱུ་དང་། གནས་བབ་དང་གཞིགས་ནས་དངུལ་ཆད་གཅད་རྒྱུ། ཡང་ན་ཚེ་བཙོན་བྱ་བ་སོགས་ཀྱི་ཁྲིམས་ལུགས་གཏན་ཁེལ་བྱས་ཡོད། དེའི་ཕྱིར་སྨད་འཚོང་གི་ལས་ལ་ཞུགས་པ་དང་། སྨད་འཚོང་མ་ཉོ་མཁན་དག་ནི་གཅིག་ནས་རང་གི་ནང་བདེ་ཐང་དང་ཚེ་སྲོག་ལ་ཉེན་ཁ། གཉིས་ནས་ཕྱིའི་ཁྲིམས་ལུགས་དང་འགལ་བ། དེ་ལས་ཀྱང་རང་གི་བཟའ་ཟླའི་དུང་བ་དང་ཁྱིམ་ཚང་གི་བརྩེ་བའི་དྲོད་ཁོལ་ལ་ཡང་ནག་ཐིག་བསུབ་མེད་བཟོ་ངེས། དེའི་ཕྱིར་སྨད་འཚོང་མ་ནི་ཉེན་ཁ་དེ་དག་གི་གཡང་ཟུར་ན་ཡོད་པ་གཞི་ནས་རྟོགས་དགོས། རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ཀྱི་མ་མཐའ་ཡང་ཁྲིམས་ལུགས་འདི་དག་གི་རྒྱུན་ཤེས་སྔོན་དུ་རྟོགས་དགོས་པ་ཡིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96yd བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41983625
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1