སྡོམ་བརྩོན་དམ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 11 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »སྡོམ་བརྩོན་དམ་པ།
སྡོམ་བརྩོན་དམ་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/2/22ལྟ་ཀློག (11357)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

        ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་དུ་ཆོས་གསུངས་པའི་སྐབས་ཤིག་ཏུ་སྔོན་བྱོན་དམ་པ་རྣམས་ཀྱི་སྐུ་དྲིན་དང་རྣམ་ཐར་རྗེས་སུ་དྲན་ནས་ད་ལྟ་རང་རེས་འབྲི་སྲོལ་ཡིད་པའི་རི་མོ་འདི་ཕྱག་བསྟར་དུ་གནང་བ་ཡིན་ལ། མིང་གཞན་ལ་མེ་སྲུང་འཁོར་ལོ་ཡང་ཟེར།   རི་མོ་དེའི་གཙོ་བོའི་མཚོན་དོན་འདི་ལྟར་ཏེ། རྩ་བའམ་བརྩམ་གཞིར་གྱུར་པ་པདྨའི་སྡོང་པོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཚོན་ཏེ་སློབ་དཔོན་གྱི་མཚན་དང་ཆོས་མཚུངས། 

    པདྨའི་ལྟེ་བའི་རལ་གྲིས་མ་རིག་པའི་མུན་པ་ཐམས་ཅད་རྩ་བ་ནས་གཅོད་བྱེད་ཀྱི་རལ་གྲི་འཛིན་པ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཆོས་ཀྱི་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་མཚོན། དེ་གཉིས་མཆོད་ཡོན་གྱི་རྣམ་པ་ཐ་དད་ཀྱང་ཡེ་ཤེས་གཅིག་པའི་ཕྱིར་རྟེན་དང་བརྟེན་པའི་ཚུལ་དུ་བཀོད་པ་དང་ཡང་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་ལས་འཁྲུངས་པའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་གཙོ་བོ་ནི་ཁྲི་སྲོང་ལྡེའུ་བཙན་ཡིན་ཕྱིར་པདྨའི་ཟི་འབྲུ་ལས་ཐོན་པའི་ཚུལ་དུ་བཀོད་པ་ཡིན། པད་སྡོང་གི་གཡས་ཕྱོགས་སུ་འཁོད་པའི་ངང་སེར་མགོ་གཉིས་ཅན་དེས་དཔལ་ལྡན་ཞི་བ་འཚོ་དང་ཉིད་ཀྱི་ལྟ་དགོངས་གཅིག་ཏུ་གྱུར་པའི་ཐུགས་སྲས་ཀ་མ་ལ་ཤཱི་ལ་གཉིས་ལྟ་གྲུབ་གཅིག་ལ་ཆོས་ཚུལ་སོ་སོར་སྟོན་པ་མ་ཟད་ཀུན་ཀྱང་སྡོམ་བརྩོན་གྱི་མཆོག་ཡིན་པས་མཚོན་མདོག་གི་ཆ་ནས་ངང་སེར་གྱི་ཚུལ་དུ་བཀོད། 

   གཡོན་ཕྱོགས་སུ་ནེ་ཙོ་མགོ་གཉིས་ཅན་གྱིས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱན་མཚན་གཉིས་མཚོན་ཏེ་ཐུགས་དགོངས་གཅིག་ལ་ཆོས་སོ་སོར་སྟོན་པས་ལུས་གཅིག་མགྲིན་པ་གཉིས་ཅན།     ནེ་ཙོས་བྱ་སྐད་དང་མི་སྐད་གཉིས་སྨྲ་བ་ལྟར་ལོ་ཙཱ་བས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བ་ཞིང་ཁྱིམ་པའི་རྟེན་དུ་བཞུགས་པས་ནེ་ཙོ་ལྗང་ཁུའི་གཟུགས་སུ་བཀོད་པ་དང་།  དེ་དག་ཐམས་ཅད་མཚོ་ཆེན་པོའི་དབུས་སུ་གནས་པ་ནི། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་མེ་ཡི་གནོད་པ་འབྱུང་བའི་ལུང་བསྟན་ལ་དམིགས་ནས་དེ་ཞི་བའི་རྟེན་འབྲེལ་གྱི་ཆེད་དུ་ཡིན་པ་བསམ་ཡས་སུ་འཁོད་པའི་ཞལ་བྱང་གི་གཤམ་དུ་གསལ་ལོ།  །



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མ་སངས་བུ སྤེལ་དུས:2018/2/1
འདི་ཙམ་པོ་ཨེ་ཡིན་ན། ཁ་ཚང་ཞིག་འགོད་པར་བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
49411700
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1