ངོ་མ་མིག་ཆུ་བཞུར་ཡོང་གི།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ངོ་མ་མིག་ཆུ་བཞུར་ཡོང་གི།
ངོ་མ་མིག་ཆུ་བཞུར་ཡོང་གི།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/3/8ལྟ་ཀློག (2369)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དྭ་ཕྲུག་ཅིག་གིས་ཨ་མར་ལེགས་སྐྱེས་འབུལ་བཞིན་པ། 

      དེ་རིང་ནི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཉིན་མོ་འདིར་དྲྭ་ལམ་ཚགས་དེབ་བརྙན་འཕྲིན་ཁང་སོགས་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ངེད་བཙན་པོའི་མགར་གྱི་དྲ་བས་ཀྱང་རྟེན་འབྲེལ་ཞུ་མཁན་གྱི་སྙན་ཚོམ་འགའ་བཀོད་པ་ཡིན་མོད་ཚང་མ་སྐད་ཆ་ཡག་ཤོས་སམ་བཟང་རབ་རྒྱན་རབ་དང་ཧྲ་རབ་དྲིན་རབ་སོགས་ལས་མི་འདུག་ཀྱང་ཆེས་ཡིད་སྐྱོ་བ་ཞིག་ལ་དོ་དགུང་ནུབ་ཇ་འཐུང་སྟེ་སྒོར་ཞིག་བུད་དུས་རྒྱ་རིགས་བྱིས་པ་ལོ་བདུན་ཅན་ཞིག་གིས་རང་གི་མ་ལོ་ལ་ལེགས་སྐྱེས་ཀྱི་མར་མེ་སྐོང་བུ་འགའ་བསྒྲོན་འདུག་པ་དང་དྲིན་ཆེན་གྱི་མ་ལོ་ལགས།  ཁྱེད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

    དེ་རིང་བྱམས་ལྡན་ཨ་མ་ཁྱེད་ཀྱི་དུས་ཆེན་རེད།  བུ་ངས་ཁྱེད་ལ་ཟ་རྒྱུ་དང་གོན་རྒྱུ་ཁྱེར་ནས་ཡོད་ཅེས་པ་དེ་ཐོས་རྗེས་ངོ་མ་ཡིད་སེམས་ལ་བརྗོད་མི་ཤེས་པའི་སྐྱོ་བ་ཞིག་བསྐྱིལ་ཐལ།   རྒྱབ་ཏུ་ལངས་འདུག་པ་ནི་ཕར་བལྟས་ཚོད་ཀྱིས་བྱིས་པ་དྭ་ཕྲུག་དེའི་ཕ་ཡིན་ས་རེད།  宝贝”གཅེས་ཕྲུག་ཁྱིམ་དུ་ལོག་རེད། ད་འཁྱག་གི་ཟེར་བཞིན་ཁོས་ཀྱང་མཁུར་མགོ་ནས་མིག་ཆུ་ཤམ་ཤམ་བཞུར་འདུག  དྭ་ཕྲུག་སྙིང་རྗེ་བོ་དེས་ཀྱང་ངས་ཁྱེད་རང་དྲན་གི་ཡོད།  ཨ་མ་ལགས། ཁྱེད་རང་དྲན་གི་ཡོད། ཅེས་ཡང་ཡང་བརྗོད་ཀྱིན་ངུ་འབོད་རྒྱག་བཞིན་པ་ནི་དེ་རིང་གི་ཆེས་ཡིད་འགུལ་ཐེབས་པའི་བྱམས་ལྡན་ཨ་མའི་ལེགས་སྐྱེས་ངོ་མ་དེ་རེད།  འདི་ནི་དྭ་ཕྲུག་ཅིག་གི་གདུང་དབྱངས་ཀྱིས་བཞེངས་པའི་གྲོང་ཁྱེར་འདིའི་སྲོལ་བཟང་ངམ་དྲིན་ཅན་དྲིན་ལ་གོ་བའི་ལེགས་སྐྱེས་རེད།

བྱམས་ལྡན་གྱི་མ་ལོ་ལགས།  ཁྱེད་ཀྱི་བྱིས་པ་འདིས་མ་འོངས་པར་གཤིས་རྒྱུད་འཇམ་ཞིང་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་བརྩོན་ལེན་བྱེད་པར་ཡིད་ཆེས་ཡོད།   གང་ལྟར་ཁྱེད་ལ་བཀའ་དྲིན་ཆེ་ཞུ།  ཁྱེད་རང་བདེ་བར་གཟིམས་དང་བུ་ཆུང་སྙིང་རྗེ་བོས་ཁྱེད་ལ་དུས་ཚིགས་ལྟར་ཟས་གོས་ཁྱེར་ཡོང་ས་རེད།  ངོ་མ་ཤ་ཚ་ནི་ཞིག་ཡོད་ཀི། 

ངས་ཀྱང་བུ་ཆུང་འདི་དང་ད་དུང་འདི་བཞིན་འཇིག་རྟེན་གྱི་ཁམས་ཀུན་ཏུ་དྭ་ཕྲུག་ཇི་སྙེད་ཅིག་ཡོད་པ་ཚང་མའི་ཚབ་བྱས་ཏེ་དྲིན་ཆེན་གྱི་བྱམས་ལྡན་མ་དེ་དག་གི་དོན་དུ་ཨོཾ་མ་ཎི་པདྨ་ཧཱུཾ་གང་མང་བཏོན་དང་འདོན་བཞིན་ཡོད། འདི་ནི་བཅོས་མ་མ་ཡིན་པའི་ངའི་ལེགས་སྐྱེས་ཡིན།  བྱམས་ལྡན་མ་ལོ་ཐམས་ཅད་ནད་མེད་ཚེ་རིང་དང་མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག་གུ།

ཞེས་གྲོང་ཁྱེར་ཤེས་དཔལ་འགྲན་པའི་ལྡིང་ཁང་ནས་༢༠༡༤ལོའི་ཟླ་༣པའི་ཚེས་༨ཉིན་ཁཱ་ཤེས་རབ་རྒྱ་མཚོས།




གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/3/8
ངོ་མ་ཡག་པོ་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41982714
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1