སཾ་བྷོ་ཊ་པར་སྐྲུན་མཐུན་གཉེར་ཁང་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» རིག་དངོས་སྡེ་ཁག་འོས་སྦྱོར། »སཾ་བྷོ་ཊ་པར་སྐྲུན་མཐུན་གཉེར་ཁང་ངོ་སྤྲོད་མདོར་བསྡུས།
སཾ་བྷོ་ཊ་པར་སྐྲུན་མཐུན་གཉེར་ཁང་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/3/9ལྟ་ཀློག (31768)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སཾ་བྷོ་ཊ་རིག་གནས་བརྒྱུད་སྤེལ་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་ངོ་སྤྲོད་མདོར་བསྡུས།

ངོ་སྤྲོད་གནད་བསྡུས།

     སཾ་བྷོ་ཊ་རིག་གནས་བརྒྱུད་སྤེལ་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་ནི་སྤྱི་ལོ་༡༩༩༩ལོར་གྲོང་ཁྱེར་སྤོས་ངད་ལྡན་པའི་ཁྲིན་ཏུའུ་བོད་མིའི་ཁྲོམ་ན་གསར་དུ་བཙུགས་ཤིང་།   ཐོག་མར་བཙུགས་པའི་སྐབས་སུ་དཔེ་ཆ་སྣ་ཚོགས་པར་སྒྲིག་དང་།   ཇུས་འགོད།    ཡིག་སྒྱུར།  པར་སྐྲུན་བཅས་ཀྱི་ལས་སྒྲུབ་ལྟེ་གནས་ཤིག་ཡིན།     ཟླ་རེ་ནས་ལོ་རེ་བཞིན་རྒྱ་ཆེའི་འཛད་སྤྱོད་པ་ཡོངས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མཐུན་གཉེར་ཁང་འདི་ཡར་རྒྱས་ཆེན་པོ་བྱུང་བ་ནི།    གཅིག   སཾ་བྷོ་ཊ་པར་སྐྲུན་ལྟེ་གནས།    གཉིས།     སཾ་བྷོ་ཊ་པར་འདེབས་བཟོ་གྲྭ།  གསུམ།    སཾ་བྷོ་ཊ་དཔེ་མཛོད་ཁང་སོགས་ཚན་ཁག་གསུམ་གྱིས་གྲུབ་སྟེ་བོད་ཀྱི་རིག་གནས་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པའི་ཚད་ཡོད་ཚུགས་ཐུབ་ཀྱི་མཐུན་གཉེར་ཁང་ཞིག་རེད།


དང་པོ།   སཾ་བྷོ་ཊ་པར་སྐྲུན་ལྟེ་གནས། 

          སཾ་བྷོ་ཊ་པར་སྐྲུན་ལྟེ་གནས་ནི་གཙོ་བོ་ཡིག་རིགས་སྣ་ཚོགས་པར་སྒྲིག་དང་། དཔེ་ཆའི་རྒྱབ་ཤོག་དང་རི་མོའི་འཆར་འགོད།  པར་སྐྲུན་དངཡིག་སྒྱུར་།  མིང་བྱང་དང་དྲན་རྟེན  ལྷག་ཏུ་འབྲེལ་ཡོད་དཔེ་སྐྲུན་ཁང་སོགས་བརྒྱུད་དེ་ཚད་ལྡན་གྱི་ཤེས་བྱ་སྣ་འཛོམས་པར་སྐྲུན་གྱི་ལས་ཀ་གཙོ་བོ་སྒྲུབ་བཞིན་པ་དང་།  ཞོར་དུ་ལས་ཞུགས་པ་གང་མང་སྐྱེད་བསྲིང་བྱེད་བཞིན་ཁོ་ཚོ་ལ་བབ་བསྟུན་གྱི་ལས་ཀ་བཀོད་སྒྲིག་བྱེད་བཞིན་འདུག

སཾ་བྷོ་ཊ་པར་སྐྲུན་ལྟེ་གནས་ཀྱི་སྤུས་ལེགས་ཐོན་རྫས།

 



གཉིས།  སཾ་བྷོ་ཊ་པར་འདེབས་བཟོ་གྲྭ།

        སཾ་བྷོ་ཊ་པར་འདེབས་བཟོ་གྲྭ་ནི་ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་སྟེ་རྒྱལ་ཡོངས་དཔེ་སྐྲུན་ཁང་སོ་སོའི་དཔེ་ཆ་པར་འདེབས་གཙོ་བོ་གཉེར་ཞིང་།  ཞོར་དུ་བོད་མདོ་དབུས་ཁམས་གསུམ་གྱི་སྤྱི་ཚོགས་དགོས་མཁོ་ལྟར་པར་འདེབས་ཀྱི་བྱ་བ་བསྒྲུབས་དང་སྒྲུབ་མུས་སུ་ཡོད་ལ།  ལྷག་ཏུ་རྒྱུ་སྤུས་ལེགས་ཤིང་ཚད་དང་ལྡན་པ།  བོད་ཀྱི་རིག་གནས་ཀྱི་རིན་ཐང་མངོན་པའི་ལས་གྲྭ་ཞིག་ཡིན་པར་མ་ཟད་གཞུང་སྒེར་གང་ཡིན་ཡང་པར་འདེབས་ཀྱི་ལས་ཀ་ཡོད་ཚེ་ཁོ་ཚོས་དུས་ལྟར་དགའ་བསུ་བྱེད་བཞིན་འདུག



གསུམ།  སཾ་བྷོ་ཊ་དཔེ་མཛོད་ཁང་།

      སཾ་བྷོ་ཊ་དཔེ་མཛོད་ཁང་ནི་ཤེས་ལྡན་མི་སྣ་དང་ཀློག་པ་པོའི་རེ་འདུན་ལྟར་རྒྱལ་ཡོངས་བོད་ཀྱི་དཔེ་སྐྲུན་ཁང་།  མི་རིགས་དཔེ་སྐྲུན་ཁང་། བོད་རིག་པའི་དཔེ་སྐྲུན་ཁང་།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་སོགས་ནས་བསྐྲུན་པའི་བོད་ཀྱི་རིག་གནས་སྐོར་གྱི་དཔེ་དེབ་སྣ་ཚོགས་མཐུན་གཉེར་ཁང་འདི་བརྒྱུད་དེ་རྒྱལ་ཡོངས་ལ་འགྲེམ་སྤེལ་བྱེད་བཞིན་པ་དང་།  ཞོར་དུ་རྒྱ་ཆེའི་སློབ་མ་དང་ཀློག་པ་པོ་མང་དག་ཅིག་འདིར་ཕེབས་ཏེ་དཔེ་ཀློག་བྱེད་པར་དགའ་བསུ་བྱེད་བཞིན་འདུག

སཾ་བྷོ་ཊ་དཔེ་མཛོད་ཁང་གི་ཟུར་ངོས་ཤིག



འབྲེལ་གཏུག་བྱེད་ས། 

སཾ་བྷོ་ཊ་པར་སྐྲུན་ལྟེ་གནས།

      ཀརྨ་འོད་ཟེར།

      ཁ་པར།   028-855 23497    13258368366

སཾ་བྷོ་ཊ་པར་འདེབས་བཟོ་གྲྭ།

      ཁ་པར།  18780000673
   
སཾ་བྷོ་ཊ་དཔེ་མཛོད་ཁང་།

      ཁ་པར།   028-85559938    13558840110

སྡོད་གནས།  གྲོང་ཁྱེར་སྤོས་ངད་ལྡན་པའི་ཁྲིན་ཏུའུ་བོད་མིའི་ཁྲོམ།

地 址:四川省成都市武侯祠横街7号附28-29-30号


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཝ་ཤུལ་བ། སྤེལ་དུས:2015/6/23
དཔར་བསྐྲུན་གྱི་སྤུས་ཀ་ལེགས་ཤིང་ཚད་ལྡན་གྱི་ཇུས་འགོད་བཟང་པའི་བོད་ཀྱི་རིག་གནས་ལས་ཀ་གཉེར་མཁན་སྡེ་ཁག་འདི་ལྟ་བུ་ང་ཚོ་བོད་ལ་མཚོན་ན་ཆེས་མཁོ་གལ་ཆེ་ལ། ལྷག་ཏུ་བོད་ཀྱི་རིག་གཞུང་དཔེ་བསྐྲུན་དང་ཇུས་འགོད་སོཙས་ཀྱི་ཚད་ལྡན་ལག་རྩལ་ཅན་ནི་ཧ་ཅང་དཀོན་པས་ཀུན་གྱིས་རྗེས་སུ་ཡི་རང་དང་ཐུགས་ཁུར་རྒྱབ་སྐྱོར་བྱེད་འོས་པའི་བྱ་གཞག་རླབས་ཆེན་ཅིག་རེད་འདོད་ཡོད།
 སྤེལ་མཁན:  སྤེལ་དུས:2014/6/2
རྒྱབ་སྐྱོར་ཡོད།
 སྤེལ་མཁན:  སྤེལ་དུས:2014/3/12
རྒྱབ་སྐྱོར་ཡོད།
 སྤེལ་མཁན:  སྤེལ་དུས:2014/3/9
ངས་དུས་དེབ་ཅིག་དཔར་དགོས་པས་དུས་དེབ་དཔར་ནི་རེད་དམ། དཔེ་རྟགས་མེད། ལན་ཞིག
 ལན།   སྤེལ་དུས: 2014/3/11
 གྲོགས་པོ་ལགས། ཉིད་ཁམས་བཟང་། སྤྱིར་སྐད་ཡིག་ལ་ཞབས་འདེགས་ཞུ་བའི་མཐུན་གཉེར་ཁང་འདི་མིག་སྔར་ཁྲིན་ཏུའུ་ན་ཆེས་ཡག་ཤོས་སུ་ཆགས་འདུག དེ་བས་ཐད་ཀར་དུ་འབྲེལ་བ་བྱས་ན་བཟང་རྒྱུ་རེད། དཔེ་རྟགས་ཡོད་ན་ལྷག་ཏུ་ཧྲ་རྒྱུ་རེད། གལ་ཏེ་མེད་ན་བརྗོད་དོན་དང་འབྲེལ་བ་ཡོད་སྙམ། གང་ལྟར་གཞུང་སྒེར་གཉིས་ཀྱི་དཔེ་ཆ་དཔར་བཞིན་པའི་སྡེ་ཁག་ཅིག་རེད། ངེད་དྲ་བས།
 སྤེལ་མཁན:  སྤེལ་དུས:2014/3/9
བོད་ཡིག་དཔར་ན་རིན་གོང་བདེ་མོ་ཡིན་ནམ།
 ལན།   སྤེལ་དུས: 2014/3/11
 གྲོགས་པོ་ལགས། ཉིད་ཀྱིས་ཐད་ཀར་དུ་མཐུན་གཉེར་ཁང་ལ་འབྲེལ་གཏུག་བྱ་རོགས། ངས་བལྟས་ན་རྒྱུ་སྤུས་ཅན་ཞིག་དགོས་ཚེ་ཁོ་ཚོར་འབྲེལ་བ་བྱས་ན་ཧྲ་རྒྱུ་རེད་བསམ་གི རིན་གོང་སླ་མོ་ཡིན་མིན་ཉིད་ཀྱི་དཔེ་ཆའི་ཁ་གྲངས་སོགས་ལ་འབྲེལ་བ་ཡོད་སྙམ། ངེད་དྲ་བའི་རྩོམ་སྒྲིག་པས།
 སྤེལ་མཁན:  སྤེལ་དུས:2014/3/9
གྲོང་ཁྱེར་ནས་ས་ཟིན་རྒྱུ་དཀའ་མོ་རེད། ངོ་མ་ཧྲ་གི
 ལན།   སྤེལ་དུས: 2014/3/12
 གྲོགས་པོ་ལགས་ཀྱིས་བཤད་པ་བདེན་གི ད་བར་གྲོང་ཁྱེར་ནས་བོད་པ་ཚོས་ཁེ་ལས་གཉེར་རྒྱུ་ཧ་ཅང་ཁག་པོ་རེད། དེ་བས་བོད་ཀྱི་སྐད་ཡིག་ཞབས་འདེགས་སྡེ་ཁག་འདི་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41376297
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1