ཨ་ཁུ་པདྨའི་གླུ་མཛོད་ཁག་དྲུག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» གཞས་ར་ཁྲ་མོ། »ཨ་ཁུ་པདྨའི་གླུ་མཛོད་ཁག་དྲུག་པ།
ཨ་ཁུ་པདྨའི་གླུ་མཛོད་ཁག་དྲུག་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/9ལྟ་ཀློག (3733)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨ་ཁུ་པདྨས་རྟ་ཡི་ལོ་ལ་རྟ་དང་འབྲེལ་བའི་གཞས་ཚིག་མང་པོ་ཞིག་བྲིས་ཡོད།)

  རྟ་ནག་སྒྲོག་འགྲོས།

            ཨ་ཁུ་པདྨའི་གཞས་ཚིག


 ཕ་གིའི་རི་བོའི་སྒང་ནས།།

དབྱངས་ཤིག་སྤང་ལ་མཆེད་ཡོང།།

 མེ་ཏོག་ཁུག་ན་རྩེན་པའི།།

རྟ་ཕོས་བང་རྩལ་འགྲན་སོང།།

 དིང་གླིང་འབུད་པའི་མེས་པོ།།

རྟ་ལ་རྟ་རྩིས་ཆེ་བ།།

 

གཞས་མ་གཏམ་གྱིས།

 ཨོ་ཡ། རྟ་ནག་སྒྲོག་འགྲོས།རྟ་ནག་སྒྲོག་འགྲོས། དབྱངས་སྙན་སྟོང་གི་རྒྱལ་བོ། 

འཚེ་མེད་གདངས་དང་འགྲོགས་ན།།

སྒོ་ཡི་རི་སྐྱེས་རི་དྭགས།།

 འདབས་ལ་འཁོར་ཞིང་འཁོར་བ།

 

ཐང་སྨུག་སྦྲ་ཡི་འདབས་ནས།།

དབྱངས་ཤིག་ལྷས་ལ་ཁྱབ་སོང་།།

ལྕི་བ་འཐུ་བའི་བུ་མོས།།

སྙིང་གཏམ་སྙིམ་པར་བཅུས་ཡོད།།

 གླིང་བུ་འབུད་པའི་ཨ་ཇོས།།

 དམ་ཚིག་དབྱངས་ལ་དྲངས་ཡོད།།

 གཞས་མ་གཏམ་གྱིས།

 ཨོ་ཡ།རྟ་ནག་སྒྲོག་འགྲོས། རྟ་ནག་སྒྲོག་འགྲོས། དབྱངས་སྙན་བརྩེ་བའི་བརྡ་རྟགས།།

སྲོད་ལ་ཁིས་ནས་གྲག་ན།།

ཆུང་འདྲིས་མཚེ་མ་སྲོག་གཅིག།

དོ་དགོང་ལུས་སེམས་དྲོ་བ།།

 ཨ་ཁུ་པདྨ།

 

    གངས་ཅན་བོད་ཀྱི་རྟ་རེད།

          ཨ་ཁུ་པདྨའི་གཞས་ཚིག

         

       རྟ་འདི་མི་ཞོན་མ་གསུངས།

          ཁ་བ་ཅན་གྱི་རྟ་རེད།

          རྟ་ཁ་མི་ལེན་མ་གསུངས།

          ཁ་ལས་ཁུར་བའི་རྟ་རེད།

          རྟ་ལ་རྟ་གཤིས་ཡག་པ།

          རྟ་མཆོག་རྐྱང་ངེའི་རྒྱུད་རེད།

          རྟ་ལ་སྒ་སྲབ་མཛེས་བ།

          བེ་སང་ཉི་མ་རང་ཤར།

 

          རྟ་ཕོ་སྤང་ནས་རྒྱུག་ན།།

         རྨིག་པས་ས་གཞི་མནན་ཡོང་།།

          རྟ་མཆོག་རི་ནས་འཚེར་ན།

          རི་ལུང་གཉིད་ལས་དཀྲོགས་འགྲོ།

          རྟ་ལ་རྣམ་རིག་འཛོམས་པ།

          ཅང་ཤེས་འདོ་རིག་རྟ་རེད།

          རྟ་གོང་གནན་ཁ་དཀའ་བ།

          རྟ་བདག་གང་འདོད་མ་གནང་།

 

        གཞས་མ་གཏམ་གྱིས།

          བཙན་པོ་རྒྱ་སྟག་ངར་མའི་དམག་རྟ་རེད།

          སྟག་ཤར་གློག་ཞགས་མྱུར་མོའི་ཇག་རྟ་རེད།

          ཕ་མ་ཉི་ཟླ་ཟུང་གི་དབུས་རྟ་རེད།

          དེ་རིང་གནམ་ལོ་གསར་བའི་ལོ་རྟ་རེད།

          སྤུན་ཟླ་ཚོ་ཡ་ཉེ་མི་ཚོ།

          རྟ་ཡི་ལོ་ལ་གངས་སྐོར་ལ་འགྲོ།

          ཤར་གྱི་རྨ་རྒྱལ་སྦོམ་ར་སྐོར།

            དད་པའི་ཕྱག་གསུམ་སྒུར་ཡ།

             ཨ་ཁུ་པདྨ།

    

   དབུས་མཇལ་པ།

    ཨ་ཁུ་པདྨའི་གཞས་ཚིག

 གཞིས་ལ་ནོམ་པ་ཉུང་རུང་།།

 སེམས་ལ་དད་པ་བརྟན་ཡོད།།

 དབུས་ཀྱི་ཉི་མ་ལྷ་ས།།

འཚོ་བའི་ཁ་ཕྱོགས་ཡིན་འགྲོ།

ཉི་མའི་རྔུལ་ཆུ་ཁུར་ཡོད།།

ཟླ་བའི་རྨི་ལམ་བརྐུས་ཡོད།།

རྩི་ཤིང་མིག་ཆུ་གཏོང་དུས།།

དབུས་པ་དབུས་ཀྱི་ལམ་རེད།།

མ་ཤི་ཐོད་པ་གཏུགས་རྒྱུ།།

ཚེ་ཡི་འདུན་པ་ཞུ་ཆོག 

ཤི་ན་གསོལ་འདེབས་སྐུར་རྒྱུ།།

ཇོ་བོའི་ཐུགས་ལ་འཇོག་རོགས།།

གཞས་མ་གཏམ་གྱིས།

ངའི་དད་པ་སྲ་མོ་བྲག་ཡིན།།

བྲག་དམར་པོ་ཞིག་རྒྱུ་ཡོད་ཀྱང་།།

སེམས་བརྟན་པོར་འགྱུར་བ་མི་སྲིད།།

དབུས་མ་མཇལ་ཕྱིར་འཁོལ་མི་རྒྱག 

          ཨ་ཁུ་པདྨ། 

  ཁྱིམ་མཚེ་ཨ་ལྕག་སྒྲོན་དཀར།

    

      ཨ་ཁུ་པདྨའི་གཞས་ཚིག

   ལྷ་སའི་འབུ་རས་དཀར་པོ།།

    ཟླ་འོད་ཁྲོད་ན་ལམ་ལམ།།

   ཁམས་ཀྱི་ཇ་ལ་དམར་པོ།།

  ཉི་འོད་འོག་ན་ཤམ་ཤམ།།

 ཨ་མདོའི་ཨ་ལྕག་སྒྲོན་དཀར།།

 མི་ཡག་ནང་གི་ལྷ་མོ།།

 ཨོ་ཡ། ཁྱིམ་མཚེ་ཨ་ལྕག་སྒོལ་དཀར།།

མཚན་མོ་མལ་སའི་ནང་ནས།།

ལུས་པོ་གྱང་ལ་བརླན་ཡང་།།

ཨ་ལྕག་ཡིན་ཡིན་སྙམ་ན།།

སེམས་པ་དྲོད་ཀྱིས་ཁྱབ་འོང་།།

 

སྐྱ་རེངས་ད་དུང་མ་ཤར།།

རི་བྱིའུ་ད་དུང་མ་གྲག།

ཨ་ལྕག་ལགས་ཀྱི་ཇ་དྲི།།

ལྷས་རའི་ནང་ལ་འཁྱུད་ཅིང་།།

སྒྲོལ་འདོན་དབྱངས་རྟ་སྙན་མོ།།

ང་ཡི་ཁྱིམ་ལ་འཛུལ་ཡོང་།།

ཨོ་ཡ། ཁྱིམ་མཚེ་ཨ་ལྕག་སྒོལ་དཀར།།

ཉིན་མོ་སྒེའུ་ཁུང་འགྲམ་ནས།།

ཕྱི་ལ་བལྟ་ཡུན་རིང་ཡང་།།

ཨ་ལྕག་ཡོང་ཡོང་བསམ་ན།།

དུས་ཚོད་ག་ལེར་ཟད་ཆོག 

གཞས་མ་གཏམ་གྱིས།

ཁྱིམ་མཚེ་ཨ་ལྕག་སྒྲོལ་དཀར།།

ལོ་གསར་ཚེས་གཅིག་ཤར་ན།།

ང་ཡི་མགྲོན་ལ་ཕེབས་རོགས།།

ཁྱོད་ཀྱི་འཛུམ་ལ་སྒུག་ཡོད།།

        ཨ་ཁུ་པདྨ། 

 

 དྲན་གཞས་བདེ་མོ་བདེ་མོ།        

 ཨ་ཁུ་པདྨའི་གཞས་ཚིག         

 

 ཆུ་ཕོར་གང་གིས་སྐོམ་པ་སོད་ཀྱང་།།

འཕྲིན་པ་སྟོང་གིས་དྲན་པ་མ་སོད།།

སྔས་འབོལ་འོག་གི་སྐུ་པར་ཆུང་ཆུང་།།

འགུལ་གྱིན་འགུལ་གྱིན་གསུང་ཞིག་འབྱོན་ན།།

 

བྱ་ཞིག་ཡིན་ན་བསམ་པ་མེད་ཀྱང་།།

གཤོག་པ་ཡོད་ན་སེམས་ནས་འདོད་སོང་།།

ཁྱོད་རང་གཉིད་དུ་ཡུར་སའི་གཞིས་ལ།།

སྒོ་དང་སྒེའུ་ཁུང་བརྒྱུད་ནས་འཛུལ་ན།།

 

དྲན་པ་རི་མོར་འབྲི་ཚུལ་མེད་ཀྱང་།།

སྙན་མོ་ངག་ལ་འགུག་སྲོལ་ལོས་ཡོད།།

གཞས་ཆུང་བདེ་མོ་བདེ་མོ་འདི་ཡིས།།

དྲན་ཅན་དག་གི་དྲན་པ་གསོས་ན།།

       ཨ་ཁུ་པདྨ། 

  

       ལོ་ལོ་གཉིད་གླུ།

     ཨ་ཁུ་པདྨའི་གཞས་ཚིག

ལོ་ལོ་ལོ་ལོ། ལོ་ལོ་བསམ་པའི་དོན་འགྲུབ།

  ལོ་ལོ་མ་ངུ་གཉིད་ལ་སྡོད།།

 གཉིད་ཀྱི་རིན་ལ་རྟ་ཞིག་སྟེར།།

རྟ་ལ་སྒ་གཞིས་སྟོད་ལ་སྟེར།།

མགོ་ལ་སྲབ་གཞིས་འཇོག་ལ་སྟེར།།

གཞས་མ་གཏམ་གྱིས།

ཨ་ཁུ་ཚང་གི་ཆོན་ཐག་འཐེན་དགོས།།

ཨ་མ་སོང་ནས་འཐེན་རོགས་བྱེད་དགོས།།

ཨ་ཞང་ཚང་གི་ལུག་བལ་འབྲེག་དགོས།།

ཨ་ཕ་སོང་ནས་འབྲེག་རོགས་བྱེད་དགོས།།

ལོ་ལོ་ལོ་ལོ། ལོ་ལོ་མ་ངུ་གཉིད་ལ་སྡོད།།

 ལོ་ལོ་ལོ་ལོ། ལོ་ལོ་བསམ་པའི་དོན་འགྲུབ།

   ལོ་ལོ་མ་ངུ་གཉིད་ལ་སྡོད།།

   ཨ་ཅེ་སྲུ་མོ་ཡོང་ན་དུང་ཞིག་སྟེར།།

   དུང་ལ་དུང་ལོང་འཕྲོད་མ་སྟེར།།

 ཨ་ཁུ་མགར་བ་ཡོང་ན་གྲི་ཞིག་སྟེར།།

   གྲི་ལ་གྲི་ལོང་འདོགས་ནས་སྟེར།།

   

གཞས་མ་གཏམ་གྱིས།

ལག་ཆགས་བྱུང་ན་དུང་ཆུང་བུས་ཤོག

ཕོ་ལྷ་དགྲ་ལྷའི་བསྡོངས་གྲོགས་ཞུ་དགོས།།

ཆེ་ཡི་ལོག་ན་གློ་གྲི་འདོགས་དགོས།།

ཇག་པ་རྐུན་མ་མཐའ་ནས་སྤྲོད་དགོས།།

 ལོ་ལོ་ལོ་ལོ། ལོ་ལོ་མ་ངུ་གཉིད་ལ་སྡོད།།

       ཨ་ཁུ་པདྨ།

འདི་ནི་རང་ཚོའི་དམངས་ཁྲོད་ནས་བླངས་མོད།ཨ་ཁུ་པདྨས་འཕྲི་སྣོན་ཕྲན་བུ་བརྒྱབ།

གཞིས། འདི་ནི་རང་ཚོའི་ཁ་སྐད་དུ་ཆུང་ངུའི་དོན་ཡོད་མོད། ཡི་གེ་ཇི་ལྟར་འབྲི་དགོས་མིན་དག་ཡིག་སོགས་སུ་མི་གསལ་བས། བློས་བཟོས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42029507
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1