གདམས་ངག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »གདམས་ངག
གདམས་ངག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/11ལྟ་ཀློག (5879)རྩོམ་ཁུངས: དྲྭ་བཏུས།པར་འདེབ།

     གྲོགས་པོ་ལགས་དོན་ཚན་ཉི་ཤུ་ཡི་གྲུབ་པའི་གདམ་ཚིག་འདི་དག་ནི་ཧཱ་ཧྥེ་སློབ་ཆེན་གྱི་དཔེ་མཛོད་ཁང་གི་གྱང་ལྡེབ་སུ་སྦྱར་ཡོད་ཅིང་དེར་སྡོད་ཀྱི་སློབ་མ་ཚོའི་མི་ཚེ་དང་བརྩོན་སེམས་ལ་རབ་དུ་འབྲེལ་ཡོད་པར་མ་ཟད་དེར་མཐར་ཕྱིན་པའི་ནོར་པེ་གཟེངས་རྟགས་ཐོབ་པའི་སྐྱེ་བུ་སོ་གཉིས་ཀྱི་བརྩོན་པ་དང་མི་ཚེ་ལ་འབྲེལ་ཡོད། ད་དུང་ཉེར་གཅིག་དུས་ཀྱི་སྨོན་གནས་སུ་གྱུར་བའི་ཨ་མི་རུ་གའི་སྲིད་འཛིན་བདུན་གྱི་བརྩོན་པ་དང་མི་ཚེ་ལའང་འབྲེལ་ནས་ཡོད། དེས་ན་ཚིག་འབྲི་འདི་དག་ནི་ཆེས་མཐོ་ཆེ་དྲག་གི་མི་བུ་མང་པོ་ཞིག་གི་གཡུར་དུ་ཟ་བའི་འབྲས་བཟང་དང་ཁྱད་དུ་འཕགས་པའི་མཛད་རྗེས་ལ་ཐུན་མིན་གྱི་གྲོགས་བྱས་ཡོད་པར་གདོན་མི་ཟ་བས། ཁྱེད་ཀྱིས་ཀྱང་མ་མཐར་ཚར་གཅིག་ནན་ཀློག་བྱེད་རོགས།

༡དུས་ཚོད་ནི་བཞུར་ནས་འགྲོའོ།

༢སློབ་གསོའི་གནས་ཚད་ཀྱིས་ཡོང་འབབ་མཚོན་པ་ཡིན་ནོ།།

༣འདས་ཟིན་པའི་ཉི་མ་གཅིག གཏན་དུ་ཕྱིར་ལོག་པ་མེད་དོ།།

༤ད་ལྟའི་དུས་ཚོད་འདི་ལའང་། ཁྱེད་ཀྱི་འགྲན་ཡ་དེས་ཤོག་ལྷེ་རེ་རེ་བར་མེད་དུ་རྫོགས་བཞིན་ཡོད་དོ།།

༥དཀའ་བ་མ་སྤྱད་ན། འབྲས་བུ་ཐོབ་པའི་དཔེ་མེད་དོ།།

༦དེ་རིང་ལམ་དུ་མ་ཆས་ན། སང་ཉིན་བང་གིས་རྒྱུག་དགོས།

༧ཁྱེད་ཀྱིས་འཕྱི་དྲགས་སོང་སྙམ་པའི་དུས་ཚོད་ནི་ཆེས་སྔ་ཤོས་ཡིན་པ་དེའོ།།

༨ཁྱོད་ཀྱིས་གཡོལ་ཐབས་མེད་པའི་དཀའ་ངལ་དེ་ལོངས་སུ་སྤྱོད་ཅིག

༩མི་གཞན་ལས་སྔ་ཙམ་བརྩོན་འགྲུས་དང་བརྩོན་འགྲུས་ཆེ་ཙམ་བྱས་ཚེ། ད་གཟོད་གཞི་ནས་ལེགས་འགྲུབ་ཀྱི་བྲོ་བ་དེ་མྱོང་ཐུབ་པོ།།

༡༠མི་སུ་ཡིན་རུང་ལེགས་འགྲུབ་འབྱུང་བ་ནི་ལས་སླ་བོ་ཞིག་མ་ཡིན་ཏེ། ལེགས་འགྲུབ་ཀྱི་རྩ་བ་ནི་རང་གཅུན་དང་བརྩོན་སེམས་ཁོ་ནའོ།།

༡༡དེ་རིང་གི་ལས་ཀ་དེ་སང་ཉིན་ལ་མ་འཇོག་ཅིག

༡༢ད་ལྟ་འཐོར་བཞིན་པའི་སྒྱིད་ལུག་གི་ཁ་ཆུ་ནི། སང་ཉིན་གྱི་མིག་ཆུར་འགྱུར་ངེས་སོ།།

༡༣སང་ཉིན་ལ་མ་དངུལ་འཇོག་མཁན་དེ། འཚོ་བ་དངོས་ལ་བློ་དཀར་བའི་མི་ཡིན་ནོ།།།

༡༤སྐབས་འདིར་གཉིད་དུ་ཡུར་ཚེ། ཁྱོད་ཀྱིས་རྨི་ལམ་རྨིས་སྲིད། འོན་ཏེ་དུས་འདིར་སློབ་ལ་བརྩོན་ན། ཁྱོད་ཀྱི་ཕུགས་འདུན་འགྲུབ་སྲིད།

༡༥ངས་ཆུད་ཟོས་སུ་བཏང་བའི་དེ་རིང་ནི། དུས་མིན་འཆི་བས་ཁྱེར་བའི་ཁ་སང་གི་མི་ཚོའི་རེ་འབོད་བྱས་པའི་སང་ཉིན་རེད།

༡༦སློབ་པའི་དཀའ་སྡུག་ཡུད་ཙམ་སྟེ།།རྨོོངས་པའི་སྡུག་བསྔལ་ཇི་སྲིད་དོ།།

༡༧སློབ་སྦྱོང་ཞེས་བྱ་བ་ནི་དུས་ཚོད་ཀྱིས་མ་འདང་བ་མིན་ཏེ། དཀའ་སྤྱད་ཀྱིས་ཕོངས་སོང་བ་ཡིན་ནོ།།

༡༨བདེ་སྐྱིད་ལ་གནས་རིམ་མེད་ནའང་། ལེགས་འགྲུབ་ཀྱི་ཚད་གཞིར་གོ་རིམ་བསྒྲིགས་ངེས་སོ།།

༡༩ཁྱི་ཡིས་རུས་པ་མུར་བཞིན་སློབ་ལ་བརྩོན། །བློ་ལྡན་རྩེད་མོར་གཡེང་ལྟར་རྩེད་འཇོར་རོལ།།

༢༠སློབ་སྦྱོང་ནི་མི་ཚེའི་ཡོད་ཚད་མ་རེད། ཡིན་ནའང་མི་ཚེའི་ཆ་ཤས་སུ་གྱུར་བའི་སློབ་སྦྱོང་དེ་སྒྲུབ་མ་ཐུབ་ན། ཁྱོད་ཀྱིས་ད་དུང་ལས་གང་བསྒྲུབ་ཐུབ།

    གྲོགས་པོ་ལགས་ཁྱེད་ཀྱིས་ནན་ཀློག་བྱས་ཏེ་འདིར་ཐོན་དུས་ཁྱེད་ཀྱི་སྙིང་ལ་འབབ་པ་ནི་གདམ་ཚིག་གང་དག་རེད། ཡང་ངས་ཁྱེད་ལ་རེ་སྐུར་ཞིག་ཞུ། དེ་ནི་སྙིང་ལ་འབབ་པའི་གདམ་ཚིག་དག་མི་ཚེ་དང་འདྲེས་བར་བྱེད་དགོས་པ་ལས་ཀློག་པའི་སྒྲ་དང་མཉམ་དུ་ཡལ་མི་བཅུག་པ་དེ་ཡིན། དེས་ན་ཁྱེད་ཀྱིས་བློར་འཛིན་རོགས་ཡང་ན་ཤོག་ངོར་ཕབས་ཏེ་མལ་ཁང་དང་སྡོད་ཁང་གི་ངོས་ལ་སྦྱོར་དང་རིམ་གྱིས་ཡིད་ལ་འཇགས་ངེས། དེས་ཚེ་དུས་ཀུན་འདོད་དོན་ལ་རོགས་བྱེད་མཁན་གྱི་གྲོགས་པོ་ཞིིག་ཡོད་པར་གྱུར་བ་ཡིན།

གསལ་བཤད།

     གྲོགས་པོ་ལགས་གདམ་ཚིག་འདི་དག་ཁྱེད་ཀྱི་དྲྭ་ལམ་ཁག་ནས་མཐོང་ཟིན་ཡོད་ཀྱང་སྲིད་ཡིན་ཡང་ཉམས་མ་བཞག་པས་ལན་ཁ་རེ་ཡོད་ཨེ་སྲིད་སྙམ་ནས་བདག་གིས་ཁ་བྱང་དང་མགོ་མཇུག་ཀུན་ལ་ཚིག་ཉོག་སྦྱར་ཏེ་དོ་སྣང་བྱ་ཕྱིར་དང་། ལྷག་དོན་དོག་ཙམ་ཡིན་ཡང་ཕན་སྙམ་གྱིས་འབྲི་ཁུལ་བྱས་པ་ཡིན།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41972035
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1