འཚེ་མེད་ཞི་བའི་སློབ་དཔོན་ཆེན་མོ་རྒྱ་གར་གྱི་མ་ཧ་གྷན་དྷི་མཆོག
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 7 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ་གྲགས་ཅན། »འཚེ་མེད་ཞི་བའི་སློབ་དཔོན་ཆེན་མོ་རྒྱ་གར་གྱི་མ་ཧ་གྷན་དྷི་མཆོག
འཚེ་མེད་ཞི་བའི་སློབ་དཔོན་ཆེན་མོ་རྒྱ་གར་གྱི་མ་ཧ་གྷན་དྷི་མཆོག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/18ལྟ་ཀློག (11447)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


      བོད་རབ་བྱུང་བཅུ་དྲུག་པའི་ས་མོ་འབྲུག་གི་ལོ་སྟེ་སྤྱི་ལོ༡༨༦༩ལོར་རྒྱ་གར་དུ་སྐུ་འཁྲུངས།   རིགས་ནི་རྗེ་རིགས་ལས་ཚོང་བའི་རིགས་ཡིན་ཞིང་། ཡབ་ཆེན་དང་ཁྱད་པར་ཡུམ་ནི་ཧིན་དྷུའི་ཆོས་ལུགས་ལ་དད་སེམས་ཤིན་ཏུ་ཆེ་བ་ཞིག་སྟེ།  ཉིན་ལྟར་ལྷ་ཁང་དུ་མཆོད་འབུལ་ལ་འགྲོ་བ་དང་།  བཟའ་བཏུང་གི་སྔོན་དུ་གསོལ་སྨོན་ཆག་མེད་གནང་བ།   ཟླ་བཞི་པའི་མྱུང་གནས་རྒྱུན་སྲུང་བ་ཞིག་ཡིན།  མ་ཡུམ་གྱི་མཛད་སྤྱོད་དེས་ཁོང་གི་མི་ཚེའི་ནང་བག་ཆགས་གཏིང་ཟབ་ཅིག་བཞགས་པ་སྟེ་ནང་བའི་ཆོས་སོགས་ཆོས་ལུགས་སྤྱི་དང་། ཁྱད་པར་དུ་ཧིན་དྷུའི་ཆོས་ལུགས་ལ་ལྡོག་ཏུ་མེད་་པའི་དད་གུས་འཁྲངས་ནས་དཔལ་ལེགས་ལྡན་ནག་པོའི་གསུང་རབ་ཉམས་ལེན་བྱེད་རྒྱུ་དེ་སྐྱེས་བུ་ཁོང་གི་ཐུགས་དམ་གྱི་མཐིལ་དུ་གྱུར།   སྤྱི་ལོ༡༨༨༥ལོར་ཁྲིམས་གཞུང་སློབ་སྦྱོང་ཆེད་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཕེབས་ནས་དེར་དབྱིན་ཇི་བའི་བསམ་བློ་དང་ཀུན་སྤྱོད་ལ་སྦྱང་བ་དང་ལད་མོ་ཡང་མཛད།  མི་རིང་བར་རང་ཉིད་ཀྱི་བརྟག་དཔྱད་དང་། མ་འོངས་པའི་འགན་འཁྲི་ལ་བསམ་གཞིགས་གནང་སྐབས།


      བསམ་བློདང་ཀུན་སྤྱོད་དེ་དག་གིས་ཕྱི་ཡི་མི་རིགས་ཀྱི་རྗེས་འབྲང་ཐུབ་པ་ཙམ་ལས། རང་མི་རིགས་ཀྱི་ཞབས་ཞུ་མི་འོང་བར་མཁྱེན་ཏེ། ད་ནི་ཡང་དག་པའི་བསམ་སྤྱོད་ལྡན་པའི་རྒྱ་གར་བ་ཞིག་བྱེད་སྙམ་དུ་དགོངས་ནས་བྱ་སྤྱོད་དེ་དག་གཏན་དུ་རྒྱབ་བསྐྱུར་གནང་།  སྤྱི་ལོ༡༨༩༡ལོར་ཕྱིར་རང་རྒྱལ་དུ་ཕེབས་ནས།   གནོད་པའི་ལན་དུ་ཕན་པ་སྒྲུབ་པ་དང་།  ཕན་པའི་ལན་དུ་རེ་བ་མེད་པའི་དམ་པ་ལྷ་ཆོས་ཀྱི་སྙིང་སྟོབས་ཁུར་ཁྱེར་ཏེ།   ཉམ་ཆུང་དབུལ་ཕོངས་ཀྱི་མི་སེར་རྣམས་ཀྱི་དོན་དུ་བཀའ་བ་བརྒྱ་ཕྲག་དང་དུ་བཞེས།    ཁྱད་པར་དུ་རྒྱ་གར་ནང་ཁུལ་དུ་ཁ་ཆེ་དང་ཧིན་དྷུའི་ཕྱོགས་ཁག་གི་ཆོས་ལུགས་འགལ་བ་དང་མི་རིགས་འགལ་བའི་མེ་ལྕེ་དྲག་ཏུ་མཆེད་པ་ན།   ཁོང་གིས་བྱམས་བརྩེ་དང་བདེན་དྲང་གི་སྦྲང་ཆར་་ཕབས་ཏེ།    མི་དམངས་རྣམས་ཀྱི་ལུས་སེམས་ཀྱི་ཚ་གདུང་ཞི་བར་མཛད་པས།  རྒྱ་གར་གྱི་མི་རིགས་དང་ཆོས་ལུགས་མི་འདྲ་བ་དག་ཀྱང་འགལ་རྩོད་ཀྱིས་འཐོར་ཞིག་གི་ཕྱོགས་སུ་བསྐྱོད་པ་ལས་བཟློག་སྟེ།    མཐུན་འབྲེལ་གྱིས་གོང་བུ་གཅིག་ཏུ་འགྲིལ་བའི་ཡང་དག་པའི་ལམ་དུ་སྣེ་ཁྲིད་གནང་།   དེ་ལྟར་ཁོང་གི་མི་ཚེའི་ནང་རླབས་ཆེན་གྱི་བྱ་གཞག་མང་དུ་ཡོད་ཀྱང་ནམ་ཡང་ནུབ་པ་མེད་པའི་མཛད་རྗེས་གཅིག་ནི།  རྒྱ་གར་བའི་ཡོད་ཚད་ཧམ་སེམས་ཀྱིས་བདག་བཟུང་བྱས་པའི་དབྱིན་ཇི་བ་རྣམས་ཀྱིས་ལོ་ངོ་ཉིས་བརྒྱ་ཙམ་གྱི་རིང་ལ་རང་གི་ལྟ་སྤྱོད་དང་མི་མཐུན་པའི་རྒྱ་གར་བའི་མི་སེར་ལ་དམར་གསོད་དང་གཉའ་གནོན།   རྒྱ་གར་བའི་ས་ཆ་དང་ཐོན་ཁུངས།  ཁྲོམ་ར་སོགས་བཙན་གཟུང་།   རྒྱ་གར་བསམ་བློ་དང་རིགས་གཞུང་སོགས་གཏོར་བརླགས་་བྱས་པའི་རྐྱེན་གྱིས་རྒྱ་གར་མི་རིགས་ཉམས་ཉེན་གྱི་གནས་སུ་ལྷུང་བའི་སྐབས།  སྙིང་སྟོབས་ཆེར་བསྐྱེད་ཀྱིས་རྒྱ་གར་མི་དམངས་རྣམས་ལ་དབུ་ཁྲིད་གནང་སྟེ།    ལྟ་བ་བདེན་དྲང་དང་།  སྤྱོད་པ་འཚེ་བ་མེད་པ་ཟུང་དུ་སྦྲེལ་ནས།  དབྱིན་ཇིའི་དབང་བསྒྱུར་ལ་ངོ་རྒོལ་དང་།   འཐབ་རྩོད་མཐར་ཐུག་པར་གནང་བས།   སྤྱི་ལོ༡༩༤༧ལོར་རྒྱ་གར་ལ་བླ་ན་མེད་པའི་རང་བཙན་གྱི་བདག་དབང་ཐོབ་ཅིང་།   རྒྱ་གར་གྱི་མི་དམངས་རྣམས་ལ་རང་བདག་རང་དབང་གི་འཚོ་བ་རོལ་རྒྱུ་བྱུང་བ་དེ་ཡིན།   དེ་ལྟ་བུ་རླབས་ཆེན་གྱི་སྐྱེས་བུ་དམ་པ་གང་ཉིད་དགུང་གྲངས་དོན་དགུར་ཕེབས་པའི་སྤྱི་ལོ་༡༩༤༨ཟླ༡པོའི་ཚེས༣༠ཉིན་ལྷ་ཆེན་ར་མའི་མཚན་སྔགས་ཏེ།   ཧེ་ར་མ། བཟློ་བཞིན་ཞི་བའི་དབྱིངས་སུ་གཤེགས།   

        ཡིད་ཕམ་འོས་པ་ཞིག་ལ་ཉིན་དེར་འཕགས་མཆོག་གང་ཉིད་དགོང་དྲོའི་སྨོན་ལམ་ཆེན་མོ་འཚོགས་སར་་ཕེབས་སྐབས་ཆོས་ལིགས་ཀྱི་ཕྱོགས་ཞེན་དབང་དུ་གྱུར་བའི་ཧིན་དྷུ་ན་གཞོན་ཞིག་གིས་མེ་མདའ་བརྒྱབས་ནས་སྐུ་བཀྲོང་འདུག་ལ།   ཡིད་སྐྱོ་བའི་ལོ་རྒྱུས་དེའི་ཁྲོད་ནས་འཕགས་མཆོག་ཁོང་ཉིད་གློ་བུར་དུ་ཞི་བར་གཤེགས་པ་དེས།   འཛམ་གླིང་མི་དམངས་དང་།  རྒྱ་གར་མི་་དམངས་རྣམས་ཡིད་མུག་དང་མྱ་ངན་ཆེན་པོས་མནན་པར་མ་ཟད།   ནོར་པེ་ཨེར་ལས་འཛིན་ལྷན་ཚོགས་ལ་ཡང་ནམ་ཡང་སང་དུ་མེད་པའི་འགྱོད་གདུང་བཞག་པ་སྟེ།   ནོར་པེ་ཨེར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་འགྱོད་སེམས་དང་བཅས་ཏེ།   སྐྱེས་བུ་ཁོང་ལ་ནོར་པེ་ཨེར་ཞི་བདེའི་གཟེངས་རྟགས་འབུལ་མ་ཐུབ་པ་དེ་ནོར་པེ་ཨེར་ལས་འཛིན་ལྷན་ཚོགས་ཀྱི་ལོ་རྒྱུས་ནང་ཆེས་ཡིད་ཕངས་པ་དེ་ཡིན་ཞེས་གསུངས། 

        འཕགས་མཆོག་ཁོང་གིས་ང་ཚོ་རྗེས་རབས་པར་གནང་བའི་ལེགས་བཤད།

ཆོས་དང་མ་འབྲེལ་ཆབ་སྲིད་དོན་སྟོང་ཡིན།།  

སྲིད་ཀྱི་གཏམ་ལ་སློབ་བུས་ཉན་པ་དེ།།

ཡུལ་གྱི་སྐྱིད་འཕེལ་དོན་དུ་མི་ཕན་ཡང་།།

སྲིད་ཀྱི་སློབ་སྦྱོང་ཅིས་ཀྱང་དགོས་པ་ཡིན།།

ཞི་བའི་བསྟི་གནས་འདི་ཡི་ཕྲུ་གུ་ལ།།

ཡུལ་གྱི་སྲིད་དོན་ལྟ་སྤྱོད་སློབ་པར་འོས།།

ཆོས་ལ་དད་འདུན་མི་འགྱུར་བརྟན་བྱེད་ན།།

ཚེ་འདིར་དགེ་བའི་ལམ་ཀུན་ཕྱེ་བར་ངེས།།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkcq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11753098
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号