མཚོ་སྔོན་པོའི་བུ་མོ། གཞས་གསར་འོས་སྦྱོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» གཞས་ར་ཁྲ་མོ། »མཚོ་སྔོན་པོའི་བུ་མོ། གཞས་གསར་འོས་སྦྱོར།
མཚོ་སྔོན་པོའི་བུ་མོ། གཞས་གསར་འོས་སྦྱོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/3/22ལྟ་ཀློག (16077)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


           ཕ་ཡུལ་འབའ་ཐང་ནས་ལང་ཚོའི་མེ་ཏོག་གསར་དུ་བཞད་པའི་ན་ཆུང་གཞས་མ་འབའ་ཐང་བ་ཡེ་ཤེས་ལྷ་མོ་ནི་ཆུང་དུས་ནས་གླུ་གར་ལ་དགའ་བ་མ་ཟད་མོ་རང་གི་སྦྱང་སྟོབས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་སློབ་གྲྭ་ནས་སློབ་མཐར་ཕྱིར། མ་ཚད་དེའི་ཡར་སྔོན་གཟི་ཚ་སྡེ་དགུ་དང་མཚོ་སྔོན་བདེ་ལྡན་གླིང་རེབ་སྐོང་གླུ་གར་ཚོགས་པ་སོགས་སུ་ཞུགས་ཏེ་གར་སྟེགས་དང་གར་སྟེགས་ཀྱི་གདངས་དབྱངས་གཤིས་ཕྱིན་པར་སེམས་ཁོང་དུ་ཉར་ཡོད། ད་དུང་ཨ་མདོའི་སྒྲ་བརྙན་གྱི་འགྱུར་ཁུགས་སོགས་ལོ་སར་སྤྲོ་ཚོགས་རབས་དང་རིམ་པ་མང་པོར་ཞུགས། ལྷག་པར་དུ་མོ་རང་གི་ཆེད་གཉེར་དགེ་རྒན་དམ་པ་རྒན་གངས་བཞུགས་ཀྱི་གཙོས་བོད་ཁམས་ན་མིང་དུ་གྲགས་པའི་གླུ་བ་བདེ་སྐྱིད་ཚེ་རིང་དང་གཞས་མ་རྡོ་བ་ཚེ་སྐྱིད་སོགས་མིང་གྲགས་ཅན་གྱི་གླུ་བ་གླུ་མ་སྐོར་ཞིག་དང་མཉམ་བསྒྲུབས་ཀྱིས་མཚོ་སྔོན་གངས་ཏི་སེ་གློག་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་ཕབ་སྐྲུན་བྱས་པའི་༼གསེར་ཆེན་མཛའ་གཞས་ཞེས་པ་བོད་ཁམས་ཡོངས་ལ་སེམས་ཀྱི་ལེགས་སྐྱེས་ཤིག་གི་དོད་དུ་ཕུལ་བ་ལགས།
     རེད་ཡ་རྒྱ་ཆེ་བའི་གཟིགས་མོ་བ་ལྷན་རྒྱས་མཚམས་འདིར་ཁོ་མོས་བཤད་རྒྱུར་ང་རང་ནི་གླུ་གར་སྒྱུ་རྩལ་གྱིས་བསླུས་ཤིང་གཏན་དུ་གླུ་གར་སྒྱུ་རྩལ་ལ་དུང་།  མ་ཚད་རང་གི་ནུས་པ་དང་སྐད་ངག་ལ་བརྟེན་ནས་བོད་མི་རིགས་ལ་ཞབས་ཞུ་བསྒྲུབ་པའི་འདུན་པ་ཧ་ཅང་བརྟན་ཟེར།

ཚིག འབྲུག་ལྷ་རྒྱལ། 

དབྱངས། འཇམ་དབྱངས་ཕུན་ཚོགས།

གཞས་པ། ཡེ་ཤེས་ལྷ་མོ།

འཇིག་རྟེན་ཡང་རྩེ་ན་འཁྱིལ་བའི་ལྷ་ཡི་མཆོད་ཆབ་དྭངས་མོ།

ང་ཡི་བསོད་ནམས་སུ་སྨིན་པའི་ཨ་མའི་མངལ་ཆུ་དྲོན་མོ།

ངས་ཁྱེད་ཀྱི་བྲང་ཁོག་ལས་གསེར་གྱི་གཏམ་རྒྱུད་སྒྲིག་དུས།

ང་ཡི་རྨི་ལམ་གྱི་གཤོག་པ་ཁྱེད་ཀྱི་རླབས་རྩེ་ནས་བསྐྱངས་ཏེ།

ཁྱེད་ཀྱི་འདས་མ་ད་གསུམ་གྱི་གཏམ་རྒྱུད་འགྲིམ་མྱོང་།

ཨ། མ་ཡུམ་ཡ། མཚོ་སྔོན་པོ།

ངས་ཁྱེད་ཀྱི་དགའ་སྡུག་སྐྱོ་གསུམ་གྱི་གཏམ་རྒྱུད་རེ་རེ།

དབྱངས་གསལ་སོ་བཞིའི་ངག་རྟ་ལ་དྲངས་ནས།

སྲིད་པའི་སྤྱི་གཙུག་ནས་དལ་གྱིས་གྱེར་ངེས།

ཨོ། མཚོ་སྔོན་པོ། ང་ནི་ཁྱེད་ཀྱི་དུས་གསུམ་གྱི་བུ་མོ་ཡིན།



མཚོ་སྔོན་གངས་ཏི་སེ་གློག་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་མཁོ་སྤྲོད་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
libp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/4/20
བོད་ཀྱི་གཞོན་སྐྱེས་གླུ་མ་འབའ་ཐང་བ་ཡེ་ཤེས་ལྷ་མོའི་གླུ་སྐད་གོ་ཐེངས་རེར་ཁོ་མོའི་རང་ལོ་བཅུ་གསུམ་སྟེང་བླངས་བའི་༼བུ་མོ་ཚེ་རིང་མཚོ་མོ་༽དང་༼དུས་བཞི་༽ཞེས་བའི་སྙན་འཇེབས་སྙིང་རྗེ་ཡི་སྐད་ངག་དེ་གངས་དཀར་དྲན་ངོས་སུ་ཝ་ལེར་འཆར་ཡོང་ལ། ད་རེས་ཡང་ཁོ་མོའི་བླངས་བའི་༼མཚོ་སྔོན་པོའི་བུ་མོ་༽ཞེས་པའི་གླུ་གཞས་འདིའི་ངག་གི་འགུག་སྟངས་དང་བོད་མི་རྣལ་མ་ཞིག་གི་སྤྱོད་ཚུལ་དེར་མང་ཚོགས་ཁྲི་སྟོང་མང་པོའི་སྟོད་བསྔགས་ཀྱི་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད་པས། ད་དུང་མུ་མཐུད་དུ་གླུ་གཞས་སྒྱུ་རྩལ་ཕྱོགས་ལ་སྦྱོང་བ་ལྷོད་མེད་བྱས་ཏེ་རྒྱ་ཆེ་བའི་བོད་མི་ཡོངས་ཀྱི་སྙན་དབང་གསོ་བའི་བདུད་རྩི་དང་མིག་དབང་འཕྲོག་པའི་ལྟད་མོར་འོད་སྡེར་གང་མང་ཞིག་འབུལ་རྒྱུ་གལ། འབའ࿇མེ་ལྕེ་ནས། ༢༠༡༤.༤.༢༢
 སྤེལ་མཁན:  སྤེལ་དུས:2014/4/15
༼མཚོ་སྔོན་པོའི་བུ་མོ།༽ཞེས་པའི་གཞས་འདིས་ཚིག་དང་དབྱངས་རྟ་གང་ཡིན་ཡང་ཁྱེད་ལ་བག་ཆགས་ཟབ་མོ་ཞིག་སྟེར་ཐུབ་པར་མ་ཟད།ལ་རྒྱ་ཅན་གྱི་བུ་མོ་འབའ་ཐང་བ་ཡེ་ཤེས་ལྷ་མོའི་ལྷན་སྐྱེས་ཀྱི་སྐད་ངག་ལས་ཐོན་པའི་གླུ་སྐད་དེས་ཁྱེད་རང་རྨི་ལམ་ལྟ་བའི་གནས་ཡུལ་གཞན་ཞིག་ཏུ་འཁྲིད་ངེས་ཡིན། —— འབའ་འོད་ཏོག ༢༠༡༤、༤、༡༥ཉིན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41276442
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1