མདོ་སྨད༼རྩེ་དབུས༽ཚོ་གསུམ་ངོ་སྤྲོད་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 17 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་རྒྱུད་སྣ་ཚོགས་བྱུང་རིམ། »མདོ་སྨད༼རྩེ་དབུས༽ཚོ་གསུམ་ངོ་སྤྲོད་མདོར་བསྡུས།
མདོ་སྨད༼རྩེ་དབུས༽ཚོ་གསུམ་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/4ལྟ་ཀློག (5752)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

         དེ་ཡང་མདོ་སྨད་རྩེ་དབུས་ཚོ་གསུམ་ཞེས་པ་འདི་ནི་སྔོན་ཆད་བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡུལ་དབུས་གཙང་ཕྱོགས་སུ་མཁན་སློབ་ཆོས་གསུམ་གཙོ་བྱས་ནས་ཡུལ་དེ་ལ་ས་དར་རྡོ་དར་ལ་སོང་ཡོད་པའི་ནང་བ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་བསྣུབས་བཞིན་པའི་སྐབས་སུ་གཙང་མྱང་སྟོད་རྒྱང་རྩེ་ས་ཁུལ་གཙོའི་བོན་སྡེའི་དུད་ཁག་སྐོར་ཞིག།རང་ཉིད་ཀྱི་ཆོས་ལུགས་དད་མོས་དང་གཉའ་གནོན་བཙན་རྒོལ་ལས་གཡོལ་ཆེད་བྲོས་ཞོལ་གྱི་རྣམ་པའི་ཐོག་ཡུལ་མདོ་ཁམས་སྨད་ཀྱི་རྨ་ཀླུང་དལ་འབབ་རིང་མོའི་རྒྱུད་དུ་འོང་ནས་འབྲོག་རུ་རྐྱང་བའི་རྣམ་པར་གནས་ཤིང་འཚོ་བས།རྗེས་སུ་ཡུལ་དེའི་མི་རྣམས་ཀྱིས་དུད་ཁྱིམ་དེ་དག་ལ་རྩེ་དབུས་ཞེས་ཡུལ་མིང་སྡེ་ལ་བཏགས་ཤིང་ཚོ་ཁག་ཆིག་སྒྲིལ་གྱི་རྣམ་པར་གྱུར་བ་ལ་ཡུལ་དེའི་མི་རྣམས་ཀྱི་རྩེ་དབུས་རུ་བ་ཞེས་འབོད་པའོ།

     རྗེས་སུ་དུས་རབས་ཀྱི་འགྱུར་བ་དང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་དབང་ལྡན་ཞུ་ཡས་གནམ་གདུང་དཀར་བོའི་གདུང་རྒྱུད་འཁྲུལ་མེད་མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཀྱི་དྲིན་ཅན་རྩ་བའི་བླ་མ་ཞུ་སྒོམ་འཁྲུལ་མཆོག་རང་གི་ཕ་དམ་པ་སངས་རྒྱས་ཞུ་ཆེན་གྱི་བཀའ་བཞིན་སྐུ་དངོས་སུ་མདོ་ཁམས་སྨད་ཀྱི་གནས་འདིར་ཐོར་པའི་བོན་འབངས་ཀྱི་བདག་པོ་ལྟ་བུར་རྨ་རྒྱུད་སྐུ་བླ་བྲག་དཀར་འམ་ཡུལ་སྐད་དུ་སྐུ་བླ་གཡུང་དྲུང་སྤུན་གསུམ་ཞེས་བར་གནས་རི་དེར་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་ཞོར།སླར་ཡང་མདོ་ཁམས་སྨད་ཀྱི་ཕྱོགས་བཞིའི་གཡུང་དྲུང་བོན་གྱི་དད་ལྡན་བོན་འབངས་ཡོངས་ལ་ཟབ་མོ་གསང་སྔགས་ཀྱི་གདམས་པ་མང་པོ་བསྩོལ་བ་ལ།ཡུལ་དེར་གནས་པའི་རྩེ་དབུས་རུ་བ་ནས་མཐུན་རྐྱེན་གང་ལེགས་སྦྱར་དང་བསྟུན།རྨ་རྒྱུད་སྐུ་བླ་བྲག་དཀར་དཀྱིལ་སྙིང་དུ་བྱས་བའི་མདོ་སྨད་གཡུང་དྲུང་བོན་གྱི་འབྱུང་ཁུངས་གལ་ཆེན་ཞིག་ལ་གྱུར་བ་དང་།

    རྗེས་སུ་ལོ་རྒྱུས་ཀྱི་དཀའ་ཉོག་མང་པོ་ཞིག་བརྒྱུད་མཐར་རྩེ་དབུས་རུ་བ་ནི་རྨ་རྒྱུད་སྐུ་བླ་བྲག་དཀར་ལྟེ་བ་བྱས་བའི་ཚོ་ཁག་ཆེན་མོ་གསུམ་ལ་གྱེས་ཤིང་།མདུན་ཕྱོགས་རྨ་ཀླུང་དལ་བབས་རིང་མོའི་རྒྱུད་ན་རྨ་ཆུའི་རྩེ་དབུས་དང་ནུབ་ཕྱོགས་ཁོ་ཚེ་ཁོ་ཡུལ་འབྲོག་ན་ཁོ་ཚེ་རྩེ་དབུས།བྱང་ཕྱོགས་རྒན་གྱའི་རྩྭ་ཐང་དུ་རྒན་གྱའི་རྩེ་དབུས་ཅེས་མདོ་ཁམས་སྨད་ཀྱི་ཕྱོགས་སུ་རྩེ་དབུས་ཚོ་གསུམ་ཞེས་བའི་ཚོ་བ་ཆེན་མོ་གསུམ་དངོས་སུ་གྲུབ་པའོ།

    དེང་དུས་ཀྱི་སྲིད་འཛིན་ས་ཁུལ་བགོ་སྟངས་ཀྱི་དབང་དུ་བྱས་ན་བསང་ཆུ་རྫོང་ཁོ་ཚེ་ཞང་གི་མངའ་ཁོངས་སུ་ཁོ་ཚེ་རྩེ་དབུས་དུད་ཁྱིམ་བཞི་བཅུ་ཞེ་ལྔ་ཡས་མས། བསང་ཆུ་རྫོང་རྒན་གྱ་ཞང་མངའ་ཁོངས་སུ་དུད་ཁྱིམ་བརྒྱ་དང་དྲུག་བཅུ་ཡས་མས། རྨ་ཆུ་རྫོང་ཉིན་མ་གྲོང་རྡལ་དམངས་ཁོངས་སུ་རྨ་ཆུའི་རྩེ་དབུས་དུད་ཁྱི་ལྔ་བཅུ་ཡས་མས་བཅས་སྡོམ་པས་ཀན་ལྷོ་ཁུལ་གྱི་མངའ་ཁོངས་སུ་རྩེ་དབུས་ཚོ་གསུམ་ལ་དུད་ཁྱིམ་གཉིས་བརྒྱ་ལྔ་བཅུ་ལྷག་ཡོད་པ་འདི་ནི་དེང་དུས་ཀྱི་བཤད་བཞིན་པའི་རྩེ་དབུས་ཚོ་གསུམ་མོ། །
                  ཞེས་གཡུང་དྲུང་ལྷུན་གྲུབ་ནས་རྨ་རྒྱུད་སྐུ་བླའི་འདབས་རོལ་ནས་སྦྱར་བ་དགེའོ། །

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15600723
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号