ཁྱོད་ཨ་བུ་རི་ལ་ཨེ་ཐོན།།
གན་ས་གནས་རྒྱ་པོ་ཨེ་རིག།
རྒྱབ་སྐུད་པའི་ལྭ་ཞིག་གྱོན་ནས།།
རྐང་ལྷམ་ཧྲུག་ལྕིཡིས་བརྫངས་ཡོད།།
མགོ་ཕྱིང་བའི་ཞྭ་ཞིག་གོན་ནས།།
འབྲི་ནོར་མོ་ལྔ་བརྒྱ་འཚོས་རུང་།།
ཅིང་མེད་ཀི་སྒྲ་ཞིག་སྒྲོག་གི།
དགྲ་ནག་པོའི་གླ་ཅན་ནང་ལ།།
མར་སྐར་ཆེན་ཙམ་ཞིག་འཕེན་གི།
ཅིང་མེད་ཀི་སྒྲ་ཞིག་སྒྲོག་གི།
འཆི་མི་ཐུབ་ཆེད་ཀི་རྫས་འདི།།
ཁྱོད་འཆི་དུས་འཁྱེར་རྒྱུ་ཨེ་འདོད།།
ཁྱོད་འཆི་དུས་འཁྱེར་དབང་མ་དགོས།།
མིག་ཕྱིར་ལྟས་བྱེད་དབང་མེད་ཀི།
ཕྱི་བདེ་སྙོམས་རི་བོའི་སྟེང་ན།།
ཁྱོད་རྣམ་ཤེས་གར་འགྲོ་མེད་ཀི།།
ལམ་མི་རྙེད་དར་སྐུད་ཕྲ་མོ།།
འགྲོ་མི་ཐུབ་སྦྲང་མ་རྩི་རྒུམ།།
འདུག་མི་ཐུབ་ཨ་ཡེ་སྐུད་འཁེལ།།
འཇིགས་ཤིན་རྗེའི་རྒྱ་མ་ཟེར་བ།།
འདི་ལྕགས་ནག་སྦྲུལ་མགོ་མ་རེད།།
ཕྱི་གཤིན་རྗེའི་རྒྱ་རྡོ་ཟེར་བ།།
འདི་ཁྲོ་ཆུ་རྟ་མགོ་མ་རེད།།
དམྱལ་གཤིན་རྗེའི་རྒྱ་ལོང་ཟེར་བ།།
འདི་གཡག་ལྤགས་དགུ་བརྒྱུས་མ་རེད།།
ཕྱི་དམྱལ་ཁམས་བྲག་ར་བཅོ་བརྒྱད།།
གཤན་ལག་དམར་ལས་མཁན་བཙན་ལྔ།།
ཚེ་འདི་ཕྱིའི་མེ་ལོང་ཀུན་གསལ།།
སྤུ་ཉག་མར་འཆོར་རྒྱུ་མེད་ཀི།།
ཞོ་སྐར་མའི་གྲངས་ཀ་མི་ལེན།།
ཡར་ལྷ་ལ་མཆོད་པ་འབུལ་དང་།།
མར་སྤྲང་བོར་སྦྱིན་པ་བཏང་ནས།།
ཚེ་ཕྱི་མིའི་འགྲོ་རོགས་དེ་ཡིན།།
ཨ་ཤི་རེ་རྒན་པོ་ལོ་ལོ།།
ཁྱོད་ཆོས་ཆད་ངེས་ཆད་བར་གི།།
ཁྱོད་གཡག་ཆད་ཤ་བ་ལྷུང་འདྲ།།
ཆོས་དགེ་བའི་ཕྱོགས་ལ་རེམ་དགོས།།
<<བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཕྱོགས་བསྒྲིགས>>ལས་བཤུས།
|