མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༢༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༢༽
མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༢༽
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/7ལྟ་ཀློག (6962)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                              མཐའ་བ་བཀྲ་ཤིས་དོན་གྲུབ།                               

                               ལྷ་རིགས་སྒོ་ལས་མཆེད་པའི་ཚུལ།

   ལྷ་རིགས་སྒོ་ལས་མཆེད་པར་བརྗོད་པ་ནི་གྲགས་ཆེ་བའི་འདོད་ཚུལ་ཞིག་ཡིན་ལ།  <<སྡེ་དགེ་རྒྱལ་རབས>>སུ།   བོད་ཆེན་ལྗོངས་ཀྱི་འགྲོ་བ་འདི་དག་ཀུན།།སྒ་འབྲུ་སྦྲ་གདོང་བཞི་ལས་ཆད་མོད་ཀྱང་།།དེ་དག་ཀུན་གྱི་ཞང་པོར་འོས་པ་ཡི།།ཚེ་རིང་གནམ་གྱི་མཐོངས་ནས་འོད་གསལ་ལྷ།།བསམ་བཞིན་མི་ཡི་རྗེ་བོར་ཕེབས་པ་ཡི།།ཞང་པོ་ལྷ་སྡེ་དཀར་པོ་སྒོ་རིགས་ལས།།ཆད་དེ་སྟོད་སྨད་ཕྱོགས་སུ་ཡོད་ནང་ནས།།རྔུ་ཆེན་རྒྱལ་མོ་ཚོ་ཆེན་བཅོ་བརྒྱད་ལས།།ཞེས་སོགས་མདོར་བསྟན་བརྗོད་པ་ཡེ་བཟང་པ།།མན་ཆད་རིམ་སྨྲོས་འབུམ་དང་བཀའ་བསྟན་གྱི།།དཀར་ཆག་རྣམས་སུ་གསུང་ཞིང་ཞེ་དྲུང་པས།།ལྷ་བབས་ནས་བརྒྱུད་སྟོང་བཙན་ཡིལ་བཟུང་ནས།།ད་ལྟའི་བར་དུ་རིམ་པར་དྲངས་བ་དང་།།དེ་ལས་རྔུ་ཚོ་ཉེར་གཅིག་གྱེས་ཚུལ་བཤད།།①ཅེས་མགར་སྟོང་བཙན་ཡུལ་བཟུང་སོགས་ཀྱི་རུས་ནི་ལྷ་སྡེ་དཀར་པོ་སྒོ་ཡི་རིགས་ལས་མཆེད་པར་བརྗོད་པ་དང་། <<བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ>>དུ།  རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ་དྷུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་ནི། འགར་ཀེ་འགོལ་གསུམ།  གསུང་གསེར་འབྲོམ་གསུམ།  ཇི་འབུམ་བཞག་གསུམ།  ཤོལ་སྟག་འཕྱང་གསུམ།  གཅེས་སེང་རམ་གསུམ། ཕྱུག་པོ་བུ་གསུམ་སྟེ་བཅོ་བརྒྱད་ཡོད་དོ།②ཞེས་འགར་ནི་སྒོའི་བྱེ་བྲག་ཏུ་དྲངས་ཡོད།  དེ་བས་ཕྱི་རབས་ཀྱི་ཞིབ་འཇུག་པ་ཆབ་འགག་རྟ་མགྲིན་③དང་བློན་ཕྲུག་གནམ་ལྷ་རྒྱལ་④སོགས་ཀྱིས་རུས་མཛོད་འདི་ཚད་མར་བཟུང་ནས་ཞིབ་འཇུག་བྱེད་བཞིན་ཡོད་པ་ལྟ་བུའོ།། དེས་ལྷ་རིགས་སྒོ་ནི་རྩ་བའི་རུས་ཆེན་བཞི་དང་དྲུག་ལ་མ་གཏོགས་པའི་རུས་གཞན་གར་བ་ཞིག་ཡིན་པའི་འབྱུང་ཁུངས་དང་འབྱུང་རྐྱེན་གང་ཡིན་ཞེ་ན།   དེ་ཡང་<<བོད་མི་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ>>དུ། སྤྲེའུ་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་རང་གི་བུ་དང་ཚ་རིགས་རྣམས་ལ་ཟང་ཟིང་གི་སྦྱིན་པའི་སྐབས་སུ་བཞི་བརྒྱ་བོ་རྣམས་ཚན་བཞིར་བཅད་དེ་སོ་སོར།བསེ་དང་།དམུ་དང་།ལྡོང་དང་།སྟོང་སྟེ་མིང་བཞི་བཏགས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ལུང་བསྟན་ལྟར་རིགས་བཟང་ངན་གཉིས་སུ་དབྱེ་བ་ཕྱེས་ནས་བཟུང་སྟེ་རང་ཚན་རང་ཚན་དེ་རྣམས་རང་ཚན་བྱས་ནས་ཕན་ཚུན་མ་འདྲེས་པར་ཡིན་རིང་དུ་གནས་པ་ལ།ཆོས་ཀྱི་སྦྱིན་པའི་སྐབས་སུ་རིགས་བཟང་ངན་ཡང་ཤེས་ཆེ་བར་མངོན་ལ།དེ་ནས་རིགས་བཟང་བོ་རྣམས་ཀྱི་རང་ཤུགས་ཀྱིས་ལས་རྣམས་བསྒྲུབ་ལ་དེའི་བོད་ཀྱི་ཡིལ་ལྷ་རྣམས་དྭངས་བ་ཆེན་པོས་མཆོད་པས།དེ་དག་རྣམས་ཞིང་བོ་ཟེར་ལ།  ཕྱིས་དེ་རྣམས་ཀྱི་རིགས་ལ་ཞིང་བོ་ལྷ་རིགས་རྒོ་ཡང་ཟེར་བར་མངོན་པར་ལྷ་རིགས་སྒོ་དང་།  བསེ་ཡི་ནང་གི་བཟང་པོ་གཙོ་བོ་རྣམས་ལ་བསེ་ཁྱུང་སྦྲ།  དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་དམུ་ཚ་སྒ།  ལྡོང་གི་ནང་གི་རིགས་གཙོ་བོ་བཟང་པོ་རྣམས་ལ་ཨ་སྤོ་ལྡོང་།  སྟོང་གི་ནང་གི་རིགས་བཟང་བོ་གཙོ་བོ་རྣམས་ལ་ཨ་ཐང་འབྲུ་ཞེས་བརྗོད་པ་འདིའོ།།⑤ཞེས་དང་། ཡང་རུས་མཛོད་དེར་ལྷ་རིགས་སྒོའི་སྐོར་བྱེ་བྲག་ཏུ་བརྗོད་པའི་སྐབས་སུ།   ཁ་ཅིག་ཏུ་སྔ་ལྷ་མིའི་བར་གྱི་དམུ་ཐག་ཡོད་དུས་ལྷ་དེ་མི་ཉག་བཞག་བཀྲ་ལྷ་རྩེར་དམུ་ཐག་ལས་བབས་ནས་དེའི་མི་རྒྱུད་དུ་རིམ་པར་མི་བྱུང་བ་ལས།   མི་ཞིག་ས་དམར་མདོར་སླེབས་པ་ལ།   མི་དེ་འཇང་ཡུལ་ཆུ་སྟོད་དུ་སོང་བ་དང་།  སྒྲོལ་མ་ལྗང་ཀུའི་གནས་མཇལ་བྱས་པས་དེའི་ལྷ་མོ་ང་ཤེས་པར།   མི་ཉག་སྐད་དུ་ལྗང་ཀུ་ལ་དྷུ་ཞེས་ཟེར་བས།  ཁོས་ལྷ་དྷུ་ཞིག་མཇལ་ཟེར་བས་མི་དེ་ལ་དྷུ་དྷུ་ཐོག་པའི་སྟེང་།  དེའི་བརྒྱུད་པ་མང་དུ་ས་དེར་མཆེད་པ་ལ་དྷུའི་རིགས་ཟེར་བ་ཡིན་ལ།   སྤྱིར་ནི་སྒང་དྲུག་ཆུ་བཞི་ཟེར་བའི་ས་ཡི་ཆར།   བར་ཁམས་འདིར་སྒོ་ཡི་རིགས་འདི་ཤིན་ཏུ་མང་ཕྱིར་རུས་མིང་ས་ཆར་ཐོགས་པའི་དྷུ་ཁོག་ཟེར་བ་ཡིན།  ⑥ཞེས་སོགས་ལྷ་རིགས་སྒོའི་འབྱུང་ཁུངས་ཐུན་མོང་བ་དང་ཁ་ཅིག་གི་ལྟ་བ་བཅས་གསལ་པོར་བཀོད་ཡོད་པར་མ་ཟད།   ལྷ་རིགས་སྒོ་དང་དྷུའི་རིགས་གཅིག་མཚུངས་སུ་བཞེད་པ་འདི་སོགས་ནི་མགར་རུས་སྒོ་ལས་ཆད་པ་དང་སྒོའི་འབྱུང་ཁུངས་སྐོར་བརྗོད་པ་ཡིག་ཚང་བཞིན་ངོ་སྤྲོད་རགས་ཙམ་ཞུ་བའོ།།

①ཚེ་དབང་རྡོ་རྗེ་རིག་འཛིན། སྡེ་དགེ་རྒྱལ་རབས། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།། ༡༩༨༩.༡  ༦

གྱི་ལུང་བཀྲ་ཤིས་རྒྱ་མཚོ་སོགས།   བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༢.༣  ༩—༡༠


③ཆབ་འགག་རྟ་མགྲིན།  བློན་ཆེན་པོ་མགར་སྟོང་བཙན་གྱི་མཛད་རྗེས་སྐོར་ཅུང་ཟད་དཔྱད་པ། [J]བོད་ལྗོངས་ཞིབ་འཇུག  ༡༩༨༩.༡ ༣༥—༥༠

④བློན་ཕྲུག་གནམ་ལྷ་རྒྱལ། བློན་ཆེན་པོ་མགར་དང་ཁོང་གི་བུ་རབས་ཚ་རྒྱུད་རྣམས་ཀྱི་མཛད་འཕྲིན་ཆ་ལོང་ཙམ་བརྗོད་པ།   [J]བོད་ལྗོངས་ཞིབ་འཇུག ༡༩༩༤ .༡   ༡༨—༣༨

གྱི་ལུང་བཀྲ་ཤིས་མཚོ་སོགས།  བོད་མི་བུ་གདོང་དྲུག་གི་མེ་ཏོག་སྐྱེད་ཚལ།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༢.༣  ༢—༣

⑥གྱི་ལུང་བཀྲ་ཤིས་མཚོ་སོགས།  བོད་མི་བུ་གདོང་དྲུག་གི་མེ་ཏོག་སྐྱེད་ཚལ།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༢.༣  ༩


                                     <<དཔའ་བོའི་བཞུད་ལམ>>ལས་ཚན་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41672844
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1