གནམ་འོག ངའི་སྐད་ཆ་འགའ་ཡང་ནག་ཉེས་དང་སྡིག་སྒྲིབ་ཏུ་འཇོག་རོགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »གནམ་འོག ངའི་སྐད་ཆ་འགའ་ཡང་ནག་ཉེས་དང་སྡིག་སྒྲིབ་ཏུ་འཇོག་རོ
གནམ་འོག ངའི་སྐད་ཆ་འགའ་ཡང་ནག་ཉེས་དང་སྡིག་སྒྲིབ་ཏུ་འཇོག་རོགས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/14ལྟ་ཀློག (1956)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                      རྨ་ཆུའི་བསམ་གཏན།


    ང་རང་གནམ་འོག་ཏུ་སླེབས་ཏེ་ལོ་འགའ་དང་ཉིན་ཁ་ཤས་ལས་མ་འགོར་ནའང་།ས་ཐོག་གི་སྐམ་དམག་དང་། མཚོ་དམག་དང་། མཁའ་དམག་སོགས་ནི་ཆེས་ཡིད་དུ་འོང་བའི་མྱི་ཡི་རུ་དཔུང་ཞིག་རེད།  ཁོ་ཚོའི་གསང་བའི་བཀོད་འདོམས་ཁང་ནས་བཤད་པ་ལྟར་ན་གནས་ཚུལ་དེ་ནི་ཉེན་ཁ་ཡོད་པའི་ལས་འགུལ་ཞིག་རེད་ཅེས་སྨྲ། གཏམ་རྒྱུད་ཀྱང་དེ་འདྲ་བའི་ཛ་དྲག་གི་སྤྱི་ཚོགས་ཤིག་ནས་འགོ་ཚུགས་པ་རེད། དྲང་ གཏམ་གྱི་ཚུལ་དུ་བཤད་དང་ན། རེ་བ་དེ་ནི་ནོར་འཁྲུལ་རིམ་པ་ཞིག་རེད་ཟེར་ཞིང་། དེ་ནི་མི་རྣམས་ཀྱིས་དུས་ལོག་དང་ཆས་ལོག་གི་སྐབས་སུ་བཤད་པའི་སྐད་ཆ་ཞིག་ རེད། གཉིད་དུ་ཞིམ་པོར་ཞུགས་པའི་བུ་མོ་ཆུང་ཆུང་དེའི་རྨི་ལམ་མི་དཀྲུག་པའི་ཆེད་དུ། སུ་ཡིས་སྙན་ངག་བྲི་མྱོང་།དེང་སང་བོད་པའི་བུ་ཕྲུག་རྣམས་ཀྱི་ཡིད་ཁམས་བདེ་ལ་འབབ་པའི་མི་ཚེའི་ལྟ་ཚུལ་ཞིག་དང་།   ཡང་ན་ཆ་མཐུན་ཡང་མཐུན་གྱི་ལྷོད་འཇགས་ལྟ་བ་ཞིག་མེད་སོང་བ་རེད་ཟེར། དེ་ནི་དྲིན་གྱི་ས་བོན་ལ་རྟེན་འབྲེལ་གྱི་དཀར་ཆག་མ་ཡོད་པ་ནང་བཞིན།བཀླགས་བཞིན་པའི་དཔེ་ཆ་དེའི་ས་བཅད་ཡོངས་སུ་འཁྲུགས་ཤིང་། བཟི་སྣང་གི་ངར་གཏམ་འབའ་ཞིག་གསན་མཁན་ལ་འདོད་ཆགས་ཀྱི་བརླ་ཤ་བུབ་གཅིག་རྡོ་སྲེག་བྱེད་པ་ལས་ཐབས་གཞན་མི་འདུག་ཟེར།བཤད་ཚུལ་ཞིག་ལ་བོད་པའི་སྐུ་དྲག་ཚོས་བོད་མི་སེར་ལ་བྲན་གཡོག་གི་ཞལ་ལྕེ་ གང་མང་ཞིག་སྤེལ་བ་དེས་བོད་ཀྱི་རྒྱལ་ཁམས་འདི་སྒེར་གཅོད་པ་རྩེ་གྲས་ཤིག་ཆཊ་པ་དང་། རིམ་ཆར་སྐུ་དྲག་རང་གི་ཉེ་དུ་རྣམས་ཀྱི་ཁྲོད་དུ་བླ་སྤྲུལ་ངོས་འཛིན་བྱས་ཏེ།  སྐུ་དྲག་ཁྱིམ་རྒྱུད་ཀྱི་དབང་ཤུགས་སྲ་བརྟན་དུ་བཏང་བ་རེད་ཟེར།  དགོན་པ་གཅིག་ དང་སྐུ་དྲག་གཅིག་གི་སྡེ་ཚན་དེ་ནི་བྲན་གཞིས་ཀྱི་གཙོ་བོ་ལྟེ་བ་ཡིན་པའི་སྐུ་དྲག་གི་ཁྱིམ་རྒྱུད་དེས་སྡེ་བ་གཅིག་ལ་དབང་བསྒྱུར་བྱས་ཡོད་པ་རེད། ཉེ་རྒྱུད་ཀྱི་དཔོན་ས་ འཛིན་པའི་གོམས་གཤིས་འདི་རྒྱུན་འབྱམས་སུ་འགྲོ་བའི་ཆེད་དུ་བོད་ཁུལ་གྱི་ཆེས་གླེན་ལྐུག་ཏུ་གྱུར་བའི་ཨ་རིག་པ་སྐོར་ཞིག་ལ་དད་པའི་གཤིས་བཟང་གི་ཆོ་ལོ་བསྩལ་ནས་ནམ་ཡང་རྗེས་འབྲངས་པ་ཁོ་ཚོ་ནི་གསེར་ལྟ་བུའི་བྲན་གཡོག་ཡག་ཤོས་སུ་བཀར། འོན་ཀྱང་གསོལ་སྨོན་གྱི་སྐབས་སུ་གདུལ་བྱ་འདི་དག་གི་ཆེད་དུ་སྐུ་དྲག་བླ་དྲག་ལ་སྡུག་བསྔལ་གང་མང་འཁུར་དུ་བཅུག་སོང་བའི་གཏམ་རྒྱུད་ཀྱང་ཡོངས་གྲགས་སུ་ཡོད།

      ཆེས་དགོད་བྲོ་བའི་མི་རིགས་ཤིག་ཡང་བསྐྱར་འཛམ་གླིང་གི་ཆེས་མཐོ་བའི་རི་རྩེ་དེར་བུད་ནས་རང་གི་གདོང་དེ་ཁག་གཉིས་སུ་བཀར་ནས་གཞོགས་ཤིག་ཆོས་ལུགས་ཀྱི་སྡེར་མར་བཤམས་ཤིང་། ཁག་གཅིག་ཕ་མ་བུ་ཕྲུག་གི་སྐུ་གཡོག་ཞབས་ཕྱི་རུ་མིང་ཡིག་བཀོད་པའི་དར་ཆ་དེ་ཁེངས་ཉམས་ཆེན་པོས་ཕྱར་སོང་ཟེར།   ཤེས་མ་སོང་། སྐད་ཆའི་གནས་བབ་ལ་ཞུགས་ན་ལྷ་མེད་པའི་ལུང་བ་གཅིག་ཀྱང་མེད་དེ། མི་རྣམས་ཀྱིས་རང་ལ་ཐོགས་པའི་ཐལ་མོ་དེ་ཡང་གནས་ངེས་མེད་ཀྱི་སྨུག་པའི་ཞལ་གཟིགས་དེའི་ཆེད་དུ་སྦྱར་ཏེ། མིག་ཆུ་ཁྲོམ་ཁྲོམ་དུ་གམ་གྱི་བྱིས་པ་དེར། ལས་ངན་པའི་ཐེའུ་ཁྱོད་ཀྱིས་པུས་ཚུགས་ཟེར། གནས་ཚུལ་ཡག་པོ་མ་རེད་ཟེར་ག་ལ་རུང་། 

                                                                   ༢༠༡༢  ༥   ༤--


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
42t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41981315
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1