ལོ་དགུའི་བུ་མོས་རང་རྣམ་བཙོང་བའི་གསར་འགྱུར་ལས་འཕྲོས་པའི་གཏམ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 7 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་གླེང་བརྗོད། »ལོ་དགུའི་བུ་མོས་རང་རྣམ་བཙོང་བའི་གསར་འགྱུར་ལས་འཕྲོས་པའི་གཏམ།
ལོ་དགུའི་བུ་མོས་རང་རྣམ་བཙོང་བའི་གསར་འགྱུར་ལས་འཕྲོས་པའི་གཏམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/4/18ལྟ་ཀློག (8719)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


  
རྒྱ་གྲོལ། 


   《ཁྲུང་ཆིན་ཚོང་ལས་ཚགས་པརསྟེང་འཁོད་དོན།   ཁྲུན་ཆིན་དཔེ་སྐྲུན་སྡེ་ཚོགས་ཀྱིས་སྒོར་ཁྲི་སུམ་ཅུ་བྱིན་ནས་ལོ་དགུའི་བུ་མོ་ཧྥན་ཅང་གོ་ཡིས་ཡིག་འབྲུ་ཁྲི12ཅན་གྱི་རང་རྣམ་རྣམ་པ་ཅན་གྱི་དངོས་བྲིས་རྩོམ་ཡིགསློབ་ཆུང་དུ་རྩེ་བཞེས་པ་དེ་ཉོས།   དེབ་འདིའི་རྩོམ་སྒྲིག་འགན་འཁུར་བ་ཏུའུ་ཧོང(杜虹)གིས་འདི་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཚོང་གི་ཆེད་དུ་ཡིན།   སློབ་མར་ཇི་ལྟར་སྤྲོ་སྣང་འབྱུང་བ་དང༌།   དགེ་རྒན་དང་ཁྱིམ་བདག་ཇི་ལྟར་ལྷོད་ཡངས་ཀྱིས་སློབ་མས་སྦྱངས་འབྲས་ཕུན་སུམ་ཚོགས་པ་ལོན་ཞིང༌།    སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་ཇི་ལྟར་སྐྱོང་དགོས་པ་ཡིན་ནམ།སློབ་ཆུང་དུ་རྩེ་བཞེས་པ་འདི་ལས་རྩོམ་པ་བོས་མི་ཚང་མར་དྲིས་ལན་དང་བདེན་དཔང་བཟང་བོ་ཞིག་བཏོན་ཡོད།   སྐར་གྲངས་ཀྱིས་ཁུར་བོའི་འོག་ཏུ་ནུར་གྱིན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་དགེ་རྒན།ཁྱིམ་བདག་རྣམས་ཀྱིས་འདི་ལ་བལྟས་ནས་བློ་སྐྱེད་ཅིག་འབྱུང་བའི་རེ་བ་ཡོད་ཟེར།
        ངས་གོང་གི་གསར་འགྱུར་འདི་མཐོང་བས་དབང་མེད་དུ་བསམ་གཞིག་བྱ་དགོས་བྱུང༌།    ངས་བསམ་གཞིག་བྱེད་པ་དང་ཧ་ལས་པ་ནི་སྒོར་ཁྲི་སུམ་ཅུ་ལ་བརྩོན་ནས་ཕྱུག་པོར་གྱུར་པ་དེ་མ་ཡིན་པར་ལོ་དགུའི་བུ་མོ་ཞིག་གིས་རང་རྣམ་འབྲི་བའི་བསམ་བློ་དང་རང་གི་འཚོ་བ་དངོས་ལ་རྟོག་ཞིབ་བྱས་ནས་རང་དང་སློབ་གྲྭ།     དགེ་རྒན་དང་ཁྱིམ་བདག་བར་གྱི་གནད་དོན་མང་བོ་ལ་བསམ་བློ་བཏང་བ་དེ་ཡིན།
        མོས་ལོ་དགུའི་སྟེང་རང་རྣམ་དེ་གྲུབ་པ་ལ་བལྟས་ན་ཕལ་ཆེར་ལོ་གསུམ་བཞིའམ་ལྔ་དྲུག་གི་སྟེང་ནས་གྲ་སྒྲིག་བྱས་ཡོད་རྒྱུ་རེད།     མོས་གྲ་སྒྲིག་དེ་བྱེད་པ་ལ་མོར་བསམ་བློ་དེ་བསྐྱེད་པའི་ཁོར་ཡུག་ཅིག་དང་སྤོབས་པ་སྟེར་བའི་དགེ་རྒན་དང་ཕ་མ།    བསམ་བློ་དང་སྤོབས་པ་འབུས་ཤིང་སྐྱོང་བའི་སློབ་གསོ་བཅས་དགོས་པ་ལས་མོ་རང་གི་ཤེས་རབ་དང་བརྩོན་པ་ཁོ་ནར་ཐུག་པ་ཞིག་ཡིན་མི་སྲིད།   ཡིན་ནའང༌།      ང་ཚོས་ལྟ་བའི་ཚེ་ན་འདི་ལྟ་བུ་ནི་མོ་ཁོ་ན་ཡིན་པས་ཁས་མི་ལེན་ཀ་མེད་ཡིན་ལ་སློབ་གསོའི་ལྟ་བ་ལས་བཤད་ན་བྱིས་པ་སུ་དང་གང་ཡིན་ཡང་མོ་ལྟ་བུར་འགྱུར་ཆོག་པ་ཞིག་ཡིན་མོད་དེ་ལྟར་འགྱུར་ཐུབ་ཀྱིན་མེད་པ་ནི་གོང་དུ་བཤད་པའི་ཁོར་ཡུག་དེ་དང་མཐུན་རྐྱེན་དེ་མ་ཚང་བའི་རྐྱེན་གྱིས་ཡིན།    དེའི་ཕྱིར།    ང་ཚོས་བལྟ་དགོས་པ་ནི་བུ་མོ་དེའི་ངོ་མཚར་གྱི་བྱས་རྗེས་མ་ཡིན་པར་ཅིའི་ཕྱིར་བྱས་རྗེས་དེ་མོའི་སྟེང་དུ་བྱུང་བ་དེ་ཡིན་ལ་དེའི་འབྱུང་རྐྱེན་གྱི་རྒྱུ་རྐྱེན་དེ་དག་ཡིན།    འདིར་ངས་སེམས་ལ་དྲན་འོང་བ་ནི་ཕྱི་གླིང་བའི་སློབ་གསོ་སྨྲ་བ་ཞིག་གིས་མི་བཟང་བའི་དགེ་རྒན་ཡོད་པ་ལས་མི་བཟང་བའི་སློབ་མ་མེད།    ཅེས་པའི་སྐད་ཆ་འདི་ཡིན།    སྐད་ཆ་འདི་ལ་སྐྱོན་ཆ་ཆེན་པོ་ཞིག་ཡོད་ནའང་གོ་རྒྱུའང་ཆེན་པོ་ཞིག་ཡོད་པ་རེད་དེ།     འདིས་ཕྱིའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པ་གནད་དུ་བབས་ཡོད་ནའང་ནང་གི་རྐྱེན་ལ་དབྱེ་ཞིབ་བྱས་པ་ཅུང་འདང་མེད།


       གོང་གི་ལོ་དགུའི་བུ་མོ་དེའི་བྱས་རྗེས་ལས་བལྟས་ན་མོ་ལ་ནང་གི་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཡོད་ལ་ཕྱིའི་རྐྱེན་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད།     གལ་ཏེ་ཕྱི་རྐྱེན་འདི་མེད་ན་ནང་རྐྱེན་དེའང་མག་མོག་དང་རབ་རིབ་ཏུ་འགྱུར་ངེས་རེད།ནུབ་གླིང་བས་སློབ་གསོ་དེ་མིའི་མངལ་ན་གནས་པ་ནས་མགོ་རྩོམ་དགོས་པར་འདོད་ལ་ང་ཚོས་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལྟར་ན་མངལ་ན་གནས་པ་དང་སྐྱེས་མ་ཐག་ནས་བྱིས་པ་དེར་སློབ་གསོ་གཏོང་ཐབས་ཤིག་མེད་ནའང་སློབ་གསོའི་རྨང་གཞི་འདིང་བའི་དུས་རྩོམ་པ་ཡིན་ལ།    ཕྱིའི་མཐུན་རྐྱེན་དེ་གསོ་བའི་ཐབས་སྣ་ཚོགས་ཤིག་འཐེན་བཞིན་ཡོད།     ང་ཚོའི་བོད་མི་རིགས་ཀྱི་དེ་ལྟ་བུའི་སློབ་གསོ་དེ་ལག་ལེན་ལས་མེད་པར་གྱུར་ཅིང་ཕ་མ་རྣམས་ཀྱིས་བྱིས་པའི་སློབ་གསོ་ལ་འཛིན་པའི་རྣམ་འགྱུར་མག་མོག་ཅིག་ཏུ་འགྱུར།      དེ་བས་བུ་མོ་ཧྥན་ཅང་གོ་ཡིས་ལྟ་བུ་གང་མང་ཞིག་མེད་པར་གྱུར།     ངའི་བསམ་པར་ང་ཚོའི་བོད་ལའང་བུ་མོ་ཧྥན་ཅང་གོ་ཡིས་ལྟ་བུའི་ནང་རྐྱེན་ཕུན་སུམ་ཚོགས་པ་གང་མང་ཞིག་ཡོད་མོད།    ད་ལྟའི་བར་དུ་མངོན་མ་ཐུབ།    འདི་ནི་རིག་གནས་ཀྱིས་བསྐྱེད་པའི་གནད་དོན་ཞིག་དང་རིག་གནས་མེད་པ་ལས་བྱུང་བའི་གནད་དོན་ཞིག་རེད་དེ་འདི་ལ་སྲོལ་རྒྱུན་སློབ་གསོ་ཞེས་ལེ་བདའ་གཏན་ནས་བྱེད་ས་མེད་དེ།     འདི་ལྟར་གནད་དོན་འདི་རང་རེའི་ཕ་མ་ཚོའི་སྟེང་དུ་ཡོད་ལ་ང་ཚོ་ཤེས་ཡོན་པའི་སྡེའི་སྟེང་ནའང་ཡོད།      ཡིན་ནའང་ང་ཚོའི་ཕ་མ་དག་གིས་མ་འདང་བ་འདི་ཕ་མ་དག་ལ་འགེལ་མི་ཆོག་སྟེ་ཁོ་ཚོས་མ་ནུས་པ་དང་མ་ཤེས་པ་ཞིག་སྟེ་ཁོ་ཚོས་ཀྱང་དེའི་ཐད་ནས་གྱོང་མྱངས་ཡོད་ལ་ཁོ་ཚོའི་ཕ་མྱེས་ཡང་མྱེས་ཀྱིས་ཀྱང་གྱོང་འདི་མྱངས་ཡོད་པས་ང་ཚོས་སྐྱོན་འདི་དག་ཁོ་ཚོའི་སྟེང་དུ་བཀལ་ན་ཁོ་ཚོས་ཀྱང་ཁོ་ཚོའི་ཕ་མེས་ཀྱི་སྟེང་དུ་འགེལ་ངེས་རེད།    དེ་ལྟར་འགེལ་རེས་བྱེད་པ་ནི་རང་གི་འོས་འགན་ལ་བཤོལ་བ་ཙམ་མོ།  །
       དེ་ལྟར་ཡིན་ཡང་གནད་དོན་ཞིག་ལྷང་ལ་འབུད་དགོས་པ་ནི་ཤེས་ཡོན་པའི་སྡེ་སྟེ་ང་ཚོའི་ནང་བསྟན་རིན་པོ་ཆེའི་བང་མཛོད་དུ་མངལ་གནས་དང་སྐྱེས་མ་ཐག་པའི་བྱིས་པའི་སློབ་གསོའི་མཐུན་རྐྱེན་དང་བྱིས་པའི་སློབ་གསོའི་ཐད་ཀྱི་གཞུང་ལུགས་དེ་དག་གླེགས་བམ་དུ་བསྒྱུར་ནས་ཀུན་དགའ་ར་བའི་ནང་དུ་བཅུག་པ་དེ་རེད།     དེ་ལ་ལེ་ཁག་ཅིག་དཀྲི་དགོས་ཏེ་དེའི་གནད་ཀྱང་སྔོན་གྱི་ཤེས་ཡོན་པའི་སྡེ་རབ་ཏུ་བྱུང་བ་ཡིན་པས་ཁྱིམ་གྱི་སློབ་གསོ་དང་བྱིས་པའི་སློབ་གསོ།    དཔལ་འབྱོར་གྱི་སློབ་གསོ་དེ་རིགས་ལ་དོ་སྣང་མ་བྱས་པ་དེ་ཡིན་ན་བསྟན་པའི་སྦྱིན་བདག་བསྟན་པའི་དར་རྒུད་དང་འབྲལ་ཐབས་མེད་པའི་གནད་དེ་བསམ་ཐུབ་ན་བསྟན་པའི་སྦྱིན་བདག་གི་བུ་རབས་ཚ་རྒྱུད་ལ་འདང་བརྒྱག་དགོས་པ་མིན་ནམ།    དེ་ལྟར་འདང་བརྒྱག་པ་ནི་བསྟན་པའི་སྦྱིན་བདག་གི་རྒྱུ་སྤུས་ཇེ་དག་ཏུ་གཏོང་བའི་ཆེད་དུ་མིན་ནམ།     ངས་འདི་ལྟར་ཁོང་རྣམ་པ་ལ་སྐྱོན་འཛུགས་བྱེད་པ་ནི་རྣམ་པར་དགག་པ་ཞིག་བྱེད་པའི་ཆེད་དུ་མིན་པར་ཁོང་རྣམ་པའི་གདོན་འོས་པའི་ནུས་པ་དེ་གདོན་པའི་ཆེད་དུ་ཡིན།      ནུས་པ་གང་ཞིག་གདོན་དགོས་པ་ཡིན་ནམ།    ཁོང་ཚོའི་འོས་འགན་ནི་ནང་བསྟན་ནམ་སྲོལ་རྒྱུན་རིག་གནས་ཀྱི་བྱིས་པའི་སློབ་གསོའི་གཞུང་ལུགས་དག་གླེགས་བམ་ལས་གཉིད་དུ་མི་འཇུག་པར་གཅིག་བསྡུས་དང་འགྲེལ་བཤད་བཅས་ཀྱི་ཆེད་ལས་རིག་གཞུང་གི་ཚན་ཁག་ཏུ་བསྒྱུར་རྒྱུ་དེ་ཡིན་ན་དེ་ནི་གཞུང་ལུགས་ཐད་ནས་མཛུབ་སྟོན་བྱེད་པའི་ཤེས་ཡོན་ཅན་གྱི་སྡེའི་འོས་འགན་ཡིན་པའི་ཕྱིར་རོ།   །

        དེ་ལྟ་བུའི་ང་ཚོའི་རིག་གཞུང་གི་སློབ་གསོ་དེས་དེ་དང་དེ་ལྟ་བུའི་རྐྱེན་གང་མང་ཞིག་གིས་བོད་ཀྱི་སྤྱི་ཚོགས་ལ་ནུས་པ་འདོན་མ་ཐུབ་ཅིང་དེང་རབས་ནུབ་ཕྱོགས་པའི་སློབ་གསོ་དེ་ཡང་ང་ཚོ་ལ་རྒྱུས་མེད་ཅིང་རྨང་གཞི་མེད་པས་ལག་ལེན་གྱི་སྟེང་ནས་གོ་འཛོལ་ཆེན་པོ་ཞིག་འབྱུང་གིན་འདུག     དེའི་གནད་ཀྱང་མི་རིགས་སློབ་གསོ་དེ་ཨ་མའི་མངལ་དུ་ཆགས་པ་ནས་མགོ་རྩོམ་པའམ་རང་གི་ཁྱིམ་ཚང་ནས་མགོ་རྩོམ་དགོས་ནའང་སློབ་གསོའི་ལག་ལེན་ཡང་དག་པ་ཞིག་མེད་ཕྱིན་སློབ་གསོ་དེ་རྡོ་ཐོག་ལ་ཆུ་བླུགས་པ་ལྟར་འགྱུར་ངེས་ཤིང་མངལ་གྱི་བྱིས་པའམ་སྐྱེས་མ་ཐག་གི་བྱིས་པ་ལ་སློབ་གསོའི་མཐུན་རྐྱེན་ཞིག་བསྐྲུན་པའམ་བྱིས་པ་ནས་སློབ་གསོ་མགོ་རྩོམ་པ་ལ་ཐོག་མར་སློབ་གསོ་དེ་ཕ་མའི་སེམས་ཁམས་དང་མཐུན་དགོས་པས་ངས་གོང་དུ་ནང་བསྟན་གྱི་བྱིས་པའི་སློབ་གསོ་དང་ཕ་མའི་སློབ་གསོ་དེ་དག་དར་སྤེལ་གཏང་དགོས་ཞེས་བཤད་དོན་ཡང་དེ་ཡིན།    ཁོ་བོའི་བསམ་པར་ང་ཚོས་མི་རིགས་སློབ་གསོ་དར་སྤེལ་གཏང་དགོས་ལ་མི་རིགས་རང་གི་སེམས་ཁམས་ཀྱི་རྨང་གཞི་ཡོད་ལ་ཁོར་ཡུག་དང་འཚམ་པ།      སྤྱི་ཚོགས་ཀྱིས་དང་ལེན་བྱ་སླ་བའི་སློབ་གསོའི་གཞུང་ལུགས་ཤིག་དགོས་པ་ལས་ང་ཚོའི་རིག་གཞུང་གི་སློབ་གསོ་རིག་པ་དག་ཕྱོགས་བསྡུས་དང་ཁ་སྐོང་གིས་གཞུང་ལུགས་ཤིག་གྲུབ་ཏུ་འཇུག་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་རེད་དོ།   །


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11749525
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号