ཐྲི་རོ་ཡེ་གློག་བརྙན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» གློག་བརྙན། »ཐྲི་རོ་ཡེ་གློག་བརྙན།
ཐྲི་རོ་ཡེ་གློག་བརྙན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/4/27ལྟ་ཀློག (6948)རྩོམ་ཁུངས: དྲྭ་བཏུས།པར་འདེབ།

༼ཐྲི་རོ་ཡེ།༽

ནང་དོན་མདོར་བསྡུས།
གློག་བརྙན་འདི་ལ་བལྟས་མ་ཐག་འུ་ཅག་གི་ཀླད་པའི་ནང་ཐོག་མར་ཤར་བ་ནི«ཧོར་གླིང་གཡུལ་འགྱེད»ཡིན་པ་ཁོ་ཐག་ཆོད་དེ། དེའི་རྒྱུ་མཚན་ཡང་གློག་བརྙན་འདིའི་ནང་དུའང་མཛེས་མ་གླིང་ལ་གྲགས་པ་ཞིག་སྟེ། མིང་ལ་ཧེ་ལུན(Helen)དུ་འབོད་པའི་བཙུན་མོ་ཞིག་མགྲོན་པོ་རྒྱལ་སྲས་ཤིག་དང་ཞེ་མཐུན་དུ་གྱུར་ནས་གཡུལ་འགྱེད་འདིའི་མགོ་བསླངས་ཡོད་དེ། དེ་ནི་ཧོར་གུར་དཀར་རྒྱལ་པོས་འབྲུག་མོ་འཕྲོག་སྟེ་ཧོར་གླིང་གཡུལ་འགྱེད་བྱུང་བ་དང་ཨ་ན་མ་ན་རེད།

ཐྲི་རོ་ཡེ(Tory)ནི་ཐྲི་རོ་ཡེའི་གཡུལ་འགྱེད་གཞིར་བཟུང་ནས་འཁྲབ་གཞུང་དུ་བཅོས་པ་ཞིག་སྟེ། ལོ་ངོ་སུམ་སྟོང་ཉིས་བརྒྱའི་ཡར་སྔོན་དུ། ཡུལ་ཆེན་པོ་ཀེ་རི་སིའི་རྒྱལ་ཕྲན་མཱ་སེ་ནཱིའི་རྗེ་བོ་ཨ་གྷ་མེམ་ནོན(Agamemnon)གྱིས་དྲག་པོའི་དམག་ཤུགས་ཀྱིས་མཐའ་འཁོར་གྱི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་ཏེ་མནའ་འབྲེལ་རྒྱལ་ཁབ་བཙུགས་མོད། ཁོའི་སྤུན་ཆུང་སྟེ་རྒྱལ་ཕྲན་སི་ཕར་ཐའི་རྗེ་བོ་མེམ་ནོན་ལོའུ་སི(Menelaus)འཐབ་འཁྲུག་ལ་ཞེན་པ་ལོག་སྟེ། ཨེ་རྗེན་རྒྱ་མཚོས་བར་ཆོད་ཅིང་སྟོབས་ཤུགས་ཆེས་ཆེ་བའི་འགྲན་ཡ་ཐྲི་རོ་ཡེ་དང་ཞི་མཐུན་ཡོང་བའི་རེ་བ་བྱས་ནའང་། ཞི་གྲོས་ཀྱི་བར་སྐབས་སུ། ཁོའི་བཙུན་མོ་ཧེ་ལུན་ཐྲི་རོ་ཡེའི་རྒྱལ་སྲས་ཆུང་བ་ཕཱ་རི་སི(Paris)དང་ཞེ་མཐུན་དུ་སོང་ནས་ལྐོག་ཏུ་བྲོས་པས། མེམ་ནོན་ལོའུ་སི་ནི་ཞེ་སྡང་གཏིང་ནས་ལངས་ཏེ། དེ་མ་ཐག་ཀེ་རི་སིའི་དཔུང་ཆེན་ལ་ཁ་ལོ་བསྒྱུར་གྱིན་ཡོད་ཅིང་། སྔ་མོ་ནས་ཐྲི་རོ་ཡེ་ཧབ་ཐོབ་བྱེད་བསམ་ཡོད་པའི་ཁོའི་ཕུ་བོ་ཨ་གྷ་མེམ་ནོན་ལ་དམག་རོགས་ཞུས་ཤིང་། ཨ་གྷ་མོམ་ནོན་ནི་འདོད་ཐོག་ཏུ་རྟ་བརྒྱུགས་པ་ཡིན་པས། དེ་མ་ཐག་གྲུ་ཆེན་སྟོང་གཅིག་ཡོད་པའི་དཔུང་ཆེན་དྲངས་ཤིང་། དེའི་ནང་དུ་ཀེ་རི་སེའི་དཔའ་བོའི་རྩེ་ཕུད་དུ་གྲགས་ཤིང་གློག་བརྙན་འདིའི་མི་སྣ་གཙོ་བོ་ཨ་ཁི་ལི་སི(Achilles)ཡང་ཡོད་ལ། དུས་མཚུངས་སུ། ཐྲི་རོ་ཡེའི་ནང་དུའང་དཔའ་བོའི་ཡང་རྩེ་རྒྱལ་སྲས་ཧེ་ཁུ་ཐོ(Hector)ཡོད་པས། སྟག་སེང་ཁ་སྤྲོད་དུ་གྱུར་བའི་གཏམ་རྒྱུད་ཅིག་འདི་ནས་མགོ་བརྩམས་པ་རེད་ལ། དེའི་འབྲས་བུ་ནི། གློག་བརྙན་གྱི་མཇུག་ཏུ“མི་སྲོག་དགུན་གྱི་གྲོ་འབྲུ་ནང་བཞིན་ཉག་ཕྲ་རུང་ཁོ་ཚོའི་མཚན་སྙན་ལ་ནམ་ཡང་ནུབ་པ་མེད”ཅེས་བཤད་པ་ནང་བཞིན་ནོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
kh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41697887
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1