རིགས་རུས་མཐོ་དམན་གྱི་བརྩི་སྲོལ་ངན་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 16 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་རྒྱུད་སྣ་ཚོགས་བྱུང་རིམ། »རིགས་རུས་མཐོ་དམན་གྱི་བརྩི་སྲོལ་ངན་པ།
རིགས་རུས་མཐོ་དམན་གྱི་བརྩི་སྲོལ་ངན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/5/22ལྟ་ཀློག (6826)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གྲིབ་ནག

གནའ་དེང་རིག་གནས་མེ་ལོང་ལས་བཏུས།

       བོད་རིགས་ཡིན་ཕྱིན་ཆད་ཀྱི་རུས་རྒྱུད་ནི་བསེ་རྨུ་ལྡོང་སྟོང་དབྲ་འབྲུ་བཅས་ལས་གྱེས་པ་ལས་རུས་མཐོ་དམན་གྱི་བརྩི་སྲོལ་མེད་པར་མ་ཟད། ལོ་ངོ་སྟོང་ཕྲག་གོང་བོད་མིས་བཤན་པ་དང་མགར་བ་སོགས་ལ་རིགས་རུས་དམན་པར་བརྩི་སྲོལ་དེ་བས་ཀྱང་མེད་པ་ནི། མགར་བའི་རིགས་རྒྱུད་ཡིན་པར་གྲགས་པའི་མགར་སྟོང་བཙན་སོགས་ལ་དད་གུས་ཆེན་པོ་བྱེད་པ། བཤན་པ་རྨེ་རུ་རྩེ་བཤན་པའི་རྒྱུད་པ་ཡིན་ཡང་དད་གུས་བྱེད་པ་ཡིན། འོན་ཀྱང་། བོད་མིའི་བསམ་བློར་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་ལས་བྱུང་བའི་རྒྱལ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་རིགས་བཅས་རིགས་བཞི་བརྩི་སྲོལ་ཡོད་པ་ལས་གདོལ་རིགས་སྐྱེ་ས་དམན་པར་བརྩི་སྲོལ་ཡོད་པ་ཡིན། བོད་ལ་རིགས་དེ་རྣམས་འགྲེལ་བཤད་རྒྱག་སྐབས་དེའི་ལྟ་བ་རིམ་གྱིས་ཆགས་པ་དེ་བོད་ཡུལ་དུ་རིམ་གྱིས་དར་ནས་བཤན་པ་དང་མགར་བ་སོགས་ལ་སྐྱེ་ས་བཙོག་པར་བརྩིས་ནས་མཐོང་ཆུང་བརྙས་བཅོས་བྱས་པས་སྐྱོན་དང་ནོར་འཁྲུལ། མི་མཐུན་པ་སོགས་མང་པོ་བྱུང་བ་ནི།

༡ ཉེ་འཁོར་གྱི་མིས་མཐོང་ཆུང་ཆེན་པོ་བྱས་པས་སེམས་ལ་སྡུག་བསྔལ་ཆེན་པོ་བཟོས་པས་ནང་ཁུལ་ལ་འཁོན་འཛིང་དང་སྲོལ་རྒྱུན་རིག་གནས་ལ་མི་དགའ་བ་བྱེད།

༢ བོད་རིགས་ནང་ཁུལ་ནས་བཟའ་ཚང་མི་བརྙེད་པས་མི་རིགས་གཞན་ནས་བཟའ་ཟླ་འཚོལ་བ།

༣ མགར་བ་སོགས་ལ་མཐོང་ཆུང་བྱས་པས་ལག་ཤེས་མང་པོ་རྒྱུད་འཛིན་བྱ་མི་ཐུབ་པར་ལག་ཤེས་སྟོང་པ་སོགས་ཀྱི་གནད་དོན་ལ་དགོངས་ནས་པཎ་ཆེན་བཅུ་པ་ཆེན་པོས་མགར་བའི་ཁྱིམ་དུ་ཕེབས་ཏེ་གསོལ་ཇ་མཆོད་པ་དང་ཕྱག་བཏང་བ་སོགས་ཀྱིས་བོད་མི་ཐམས་ཅད་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གཉིས་ལས་བྱུང་ཚུལ་བསྒྲུབས་པ་ཡིན་ནོ། །

   མདོར་ན་ང་ཚོས་རིགས་རྒྱུད་མཐོ་དམན་བརྩིས་ནས་རང་གིས་རང་རིགས་མེད་པར་བཟོ་བའི་ལུགས་སྲོལ་ངན་པ་དེར་ད་ནས་བཟུང་ང་ཚོས་དོར་དགོས་པ་མ་ཟད་བསྒྱུར་བཅོས་བྱས་ཏེ་རིགས་རྒྱུད་མཐོ་དམན་རྩི་མཁན་ལ་འགོག་རྒོལ་བྱ་དགོས་པ་ཡིན་ནོ། །

གནའ་དེང་རིག་གནས་མེ་ལོང་ནི་རྒྱ་ཡིག་འདི་ཡི་ཐོག་ནས་འཛུལ་དགོས།古今文化明镜


དྲི་བ།

༡གྲུབ་ཐོབ་ཐང་སྟོང་རྒྱལ་པོས་མགར་ཆེན་གྱི་ལས་མང་པོ་བྱས་ཀྱང་མགར་བར་མི་བརྩི་བའི་རྒྱུ་མཚན་ཅི།

༢འབྲོག་པས་མི་རབས་ནས་མི་རབས་བཤས་མང་པོ་གཏོང་ཡང་ཤན་པར་བརྩིས་ནས་མཐོང་ཆུང་དང་བརྙས་བཅོས་མི་བྱེད་པ་གང་ཡིན།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 5 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བཟང་དབང་། སྤེལ་དུས:2016/5/20
རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས་སམ་གདོལ་རིགས་བཅས་རིགས་བཞི་ཡིན། ཤ་ཁྲག་ལས་སྒྲུབ་པའི་སེམས་ཅན་ཀུན་ནི་འདྲ་མཉམ་ཡིན་་ལས་རུས་ཀྱི་མཆོག་དམན་དབྱེ་མི་རུང་། པན་ཆེན་བཅུ་པས་ཀྱང་དེ་སྲོལ་མ་དག་པ་ཞིག་ཡིན་པ་མཁྱེན་ནས་མགར་བའི་ཁྱིམ་ལ་འཚམས་འདྲིར་ཕེབས། འོན་ཏེ་མིང་གི་སྔོན་དུ་རུས་མགར་དང་བཤན་པ་ལ་སོགས་ཡོད་ཚད་ཐམས་ཅད་དགེ་ཆོས་ཀྱི་གསུངས་པ་ལྟར་གྱི་ས་སྐྱ་པ་ཡོད་ཚད་ཐམས་ཅད་སྐྱ་བོ་ཞིག་ནང་ཡོད་པ་སྙམ་པ་ཞིག་ཏུ་ངོས་བཟུང་དང་གཅིག་མཚུངས་མ་རེད་དམ། ངས་ཁྱེད་ཀྱིས་བཤད་པ་འགྲིག་མི་འདུག་ཟེར་གྱི་མེད། ཁྱེད་ཀྱིས་གྲོས་འདི་འདྲ་ཞིག་སྟོན་པ་ཧ་ཅང་བཟང་། ཚང་མར་འདང་རྒྱག་གི་སྒོ་སྐབས་སྤྲད་སོང་།
 སྤེལ་མཁན: མགར་ཕྲུག སྤེལ་དུས:2016/4/5
དགོས་པ་ཞན་པའི་རྩོད་གཞི་དེར། སྤྱིར་ན་ཡིིག་འབྲུ་འགའ་སྤེལ་འདང་མེད། ཡིན་ཡང་། རུས་ཀྱི་རྩོད་པ་འདི་རྩོད་མི་དགོས་པའི་རྩོད་པ་ཞིག་རེད། རྒྱུ་མཚན། ཁུངས་གཏུག་ན་བོད་ལ་རུས་གཅིག་ལས་མེད། རུས་འདི་ལས་སྐྱེས་བུ་དམ་པ་དང་མི་སྐད་གྲགས་ཅན་རེ་བྱུང་ན། དེའི་རྒྱུད་པ་ལ་མིང་རེ་བཏགས་ནས་ཕྱིས་སུ་རུས་སུ་བགྲང་བ་རེད། བོད་པ་ཞིག་ཡིན་ཕྱིན་དོན་གྱིས་རུས་གཅིག་ལས་མེད།
 སྤེལ་མཁན: མགར་ཕྲུག སྤེལ་དུས:2016/4/5
དགོས་པ་ཞན་པའི་རྩོད་གཞི་དེར། སྤྱིར་ན་ཡིིག་འབྲུ་འགའ་སྤེལ་འདང་མེད། ཡིན་ཡང་། རུས་ཀྱི་རྩོད་པ་འདི་རྩོད་མི་དགོས་པའི་རྩོད་པ་ཞིག་རེད། རྒྱུ་མཚན། ཁུངས་གཏུག་ན་བོད་ལ་རུས་གཅིག་ལས་མེད། རུས་འདི་ལས་སྐྱེས་བུ་དམ་པ་དང་མི་སྐད་གྲགས་ཅན་རེ་བྱུང་ན། དེའི་རྒྱུད་པ་ལ་མིང་རེ་བཏགས་ནས་ཕྱིས་སུ་རུས་སུ་བགྲང་བ་རེད། བོད་པ་ཞིག་ཡིན་ཕྱིན་དོན་གྱིས་རུས་གཅིག་ལས་མེད།
 སྤེལ་མཁན:  སྤེལ་དུས:2014/5/22
གོང་གི་མྱི་དེས་མགར་རིགས་མགར་བའི་རིགས་མིན་ཞེས་པ་དེ་རེད་ལ་དེས་ན་གང་གི་རྒྱུད་རིགས་རེད། བཤད་རྒྱུ་ཡོད་ལ།
 སྤེལ་མཁན:  སྤེལ་དུས:2014/5/22
མགར་སྟོང་བཙན་མགར་བའི་རིགས་ག་ལ་ཡིན། ཁྱེད་ཀྱིས་འོལ་ཚོད་བཤད་ཀི་མ་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15095546
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号