སྨན་པ་ཚེ་བཀྲའི་སློབ་གྲྭ་འོས་སྦྱོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» བོད་ཀྱི་མཐོ་འབྲིང་ཁག »སྨན་པ་ཚེ་བཀྲའི་སློབ་གྲྭ་འོས་སྦྱོར།
སྨན་པ་ཚེ་བཀྲའི་སློབ་གྲྭ་འོས་སྦྱོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/6/5ལྟ་ཀློག (10076)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐལ་བཟང་སྲོལ་རྒྱུན་གསོ་རིག་ལག་རྩལ་ལས་རིགས་སློབ་གྲྭ་འོས་སྦྱོར།

      དེ་ཡང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སོག་རྫོང་གི་སྐལ་བཟང་སྲོལ་རྒྱུན་གསོ་རིག་ལག་རྩལ་ལས་རིགས་སློབ་གྲྭ་ནི། ལྷག་བསམ་དང་སྙིང་སྟོབས་ཀྱི་གོ་ཆ་བརྟན་པའི་སློབ་དཔོན་དམ་པ་༧ཚེ་རིང་བཀྲ་ཤིས་ལགས་ཀྱིས་གོང་རིམ་གྱི་ཆོག་མཆན་བརྒྱུད།  སྤྱི་ལོ༢༠༠༣ལོའི་བོད་ཟླ་༧ཚེས་༢༥ཉིན་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་མཉམ་འབྲེལ་སྒོས་སྐབས་དང་བོའི་འཛིན་གྲྭ་ཐོག་མ་ཁོང་གི་ཁྱིམ་དུ་བསྒྲུབས།  རབ་གནས་མེ་ཁྱི་ལོ༼སྤྱི་ལོ་༢༠༠༦༽བཙུགས་ཏེ།   ལོ་དེའི་སྟོན་ཟླ་༨པའི་ཡར་ཚེས་ལ་དངོས་སུ་སློབ་མགོ་ཚུགས་པ་ཡིན། སྤྱི་ལོ་༢༠༠༧ལོའི་སྤྱི་ཟླ་༣ཚེས་༢༢ཉིན་གོང་རིམ་གྱི་ཆོག་མཆན་དངོས་སུ་ཐོབ།  སློབ་གྲྭ་འདིའི་ས་གནས་ནི་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་གི་གཡུ་སྒང་ཉིན་གྲོང་རྡལ་དུ་ཆགས་ཡོད།  ཁོར་ཡུག་གི་རྒྱ་ཁྱོན་ལ་རྨིས་གྲྭ་བཞི་མ་༡༤༡༦༠ཡོད་ལ། དེའི་ནང་ནས་ད་ལྟ་ས་མུས་གྲུ་བཞི་མ་༣༥༡༧.༩སྟེང་སློབ་ཁང་དང་དགེ་སློབ་ཀྱི་མལ་ཁང་སོགས་འཛུགས་སྐྲུན་བྱས་དང་བྱེད་མུས་སུ་མཆིས།

 

      དེར་བཞུགས་པའི་དགེ་རྒན་ནི་ཤིང་བཟའ་རིན་པོ་ཆེའི་རྗེས་འཛིན་པར་ཆེད་དུ་བསྔགས་པའི་རྒན་ཚེ་བཀྲ་དང་འཇིགས་མེད་རྡོ་རྗེ།  ཨ་དབུས་བློ་བཟང་འཕྲིན་ལས། རྒན་མ་ཅིག་རྣམས་གཙོ་བྱས་ཏེ་དགེ་རྒན་བཅུ་ལྷག་བཞུགས།  སློབ་མ་ནི་ད་ལྟ་བརྒྱ་ཕྲག་ལྷག་ཟིན།  སློབ་མའི་ཡོང་ཁུངས་ནི་རང་ཞིང་གཙོ་བྱས་ཏེ་དབུས་གཙང་དང་ཁམས་ཕྱོགས། སི་ཁྲོན། ཀན་སུའུ་སོགས་བོད་ཁམས་ཀྱི་ས་གནས་སོ་སོ་ནས་སླེབས་བཞིན་ཡོད། རེ་ཞིག་འཛིན་གྲྭ་གསུམ་དང་སློབ་ཡུན་ལོ་གསུམ་ཡིན།  འཁྲིད་གཞི་ནི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་དང་།  རིག་གནས་ཆུང་བ་ལྔའི་ནང་གསེས་གནམ་རིག་སྐར་རྩིས་རིག་པ་གཉིས་གཙོ་བྱས་ཏེ་ཞོར་ལ་ཐོབ་ཐང་དང་།  བརྡ་དག  སུམ་རྟགས།   འཕགས་ཡུལ་གྱི་སྒྲ་རིག་པའང་གང་འཚམ་ཞིག་དང་བཅས་གནའ་དེང་གི་འཆད་ཉན་བྱེད་ཚུལ་ཟུང་དུ་སྦྲེལ་ཏེ་ཐོས་བསམ་བྱེད་བཞིན་གནས།   གཞན་ཡང་རང་ཞིང་གཙོ་བྱས་ཏེ་དབུས་གཙང་དང་སི་ཁྲོན།   ཀན་སུའུ་སོགས་ས་གནས་སོ་སོ་ནས་མཁས་དབང་རྒན་རབས་པ་དུ་མ་གདན་དྲངས་ཏེ་གསོ་བྱེད་རིག་པའི་དབང་ལུང་ཁྲིད་གསུམ་གྱི་སྐོར་ཉམས་ཆག་ཏུ་སོང་དང་འགྲོ་བཞིན་པ་རྣམས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བའི་ཐབས་ལ་འབད་བཞིན་མཆིས། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
42t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41317037
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1