པདྨ་བོད་ཡིག་བྱམས་སྐྱོང་སློབ་གྲྭ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» བོད་ཀྱི་སློབ་ཆུང་གི་སྐོར། »པདྨ་བོད་ཡིག་བྱམས་སྐྱོང་སློབ་གྲྭ།
པདྨ་བོད་ཡིག་བྱམས་སྐྱོང་སློབ་གྲྭ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/6/21ལྟ་ཀློག (4777)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭ་མཚམས་སྦྱོར་མདོར་བསྡུས།


   ས་ན་མེ་ཏོག་གི་འདབ་མ་བཞད་པའི་རྩྭ་ཐང་ཆེན་མོར།  དབྱིངས་སུ་སྤྲིན་དཀར་གྱི་བང་རིམ་བརྩེགས་པའི་མཛེས་སྡུག་གི་གཞིས་མཁར།  ང་ཚོ་སྐྱེ་སའི་ཕ་ཡུལ།   ང་ཚོ་འདབ་ལག་རྒྱས་སའི་བྲང་གཞུང་།

     སྙིང་ཉེ་བའི་གྲོགས་དང་གྲོགས་མོ།  ང་ཚོ་འུར་ཆ་འཕེན་སའི་ནོར་ལུག་གི་རྡང་མཐའ་ནས་གྱེས་ཏེ།  ང་ཚོ་མེད་མུག་ཆད་གསུམ་དུ་ཡོད་པའི་དབུལ་བོ་ལས་བརྒལ་ནས་པདྨ་བོད་ཡིག་བྱམས་སྐྱོང་སློབ་གྲྭ་རུ་མཆོག་སྤྲུལ་དཀོན་མཆོག་ཚེ་རིང་ལགས་ཀྱིས་འབྱོར་མཐུས་ཞན་ཅིང་དྭ་ཕྲུག་ཏུ་ལུས་པ་ང་ཚོ་གདན་དྲངས་ཤིང་འཚོ་བ་གྱ་ནོམ་པ་བསྩལ་ཡོད། 


    པདྨ་བོད་ཡིག་བྱམས་སྐྱོང་སློབ་གྲྭ་ནི་ཉིས་སྟོང་བཞིའི་ལོར་མགོ་ལོག་པདྨ་རྫོང་དུ་དབུ་བརྙེས་ཤིང་།  སློབ་མའང་བརྒྱད་ཅུ་ཙམ་ལས་མེད།  ལོ་ཡི་འཁོར་ལོ་སྐད་ཅིག་འདས་པ་དང་ལྷན་དུ་མཆོག་སྤྲུལ་ལགས་ཀྱི་བོད་ཡིག་བྱམས་སྐྱོང་སློབ་གྲྭ་ནི་དབྱར་གྱི་ཆུ་གཏེར་བཞིན་རྒྱས་ཤིང་། དགུང་གི་སྐར་ཚོགས་བཞིན་རྣམ་པར་བཀྲ།   དེ་དང་བསྟུན་ནས་བོད་མདོ་དབུས་ཁམས་གསུམ་ནས་དྭ་བུའམ་ཡང་ན་འབྱོར་བ་ཞན་པའི་སློབ་མ་མང་པོ་མ་བོས་མགྲོན་པོ་བཞིན་འདུས་ནས་ད་ལྟ་སློབ་མ་བཞི་བརྒྱ་ལྷག་ཡོད།  བསླབ་བྱའང་རྒྱལ་ཁབ་གཅིག་གྱུར་གྱི་ཁྲིད་གཞི་ལྟར་ཕུན་སུམ་ཚོགས་པོ་ཡོད་ལ་ཁ་སྣོན་གྱི་ཕྱོགས་བསྡུས་རང་བཞིན་ཡང་ཡོད། ལྷག་པར་སྒྱུ་རྩལ་སྡེ་ཁག་ལའང་རི་མོའི་ལམ་ནས་ཐང་ག་བཞེངས་ཤིང་། འདུས་ཐང་ལམ་ནས་ཐང་ག་འཚེམ་སྒྲིག  ཤིང་རྐོས།  སྨན།  སྤོས། མགར།  བོད་ལྭ་བཟོ་བ་སོགས་ཀྱི་འཛིན་གྲྭ་རེ་རེ་བསྒྲུབས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བཅུད་དང་དཔལ་ལ་བརྩོན་བཞིན་ཡོད།  ད་དུང་བོད་ཕྱི་ནང་ན་མཚན་སྙན་རྒྱས་པའི་དྭ་ཕྲུག་གི་རེ་སྨོན་ཟེར་བའི་འོད་སྡེར་དེ་མཐོང་ཨེ་མྱོང་།  ད་ལྟ་ཁྱེད་ཀྱི་མིག་གི་དགའ་སྟོན་དུ་འགྲོ་བཞིན་པ་འདི་ནི་དྭ་ཕྲུག་གི་རེ་སྨོན་ཞེས་པའི་མི་འབྲེལ་འོད་སྡེར་གཉིས་པ་ཡིན། མི་འགྱངས་བར་མུ་འབྲེལ་འོད་སྡེར་གསུམ་པ་ཡང་ཀུན་གྱི་སྤྱན་སྔར་འབུལ་རྒྱུ་ཡིན་པས་རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་མིག་གི་དགའ་སྟོན་དང་རྣ་བའི་དཔྱིད་དུ་འགྱུར་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན་ལ།


    ༢༠༡༢ལོ་དང་༢༠༡༣ལོའི་མཐར་ཕྱིན་རྩོམ་དེབ་པདྨའི་ས་བོན་ཟེར་བ་ལ་མཇལ་ཨེ་མྱོང་། འདི་དག་ཡོད་ཚད་མཆོག་སྤྲུལ་དཀོན་མཆོག་ཚེ་རིང་ལགས་ཀྱི་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་འབྲས་བུ་ཡིན་ལ།  གང་ལྟར་དེ་རིང་གི་པདྨ་བོད་ཡིག་བྱམས་སྐྱོང་སློབ་གྲྭ་འདི་ནི་དྭ་ཕྲུག་གི་བུ་དང་བུ་མོ།  གཞན་ཡང་སློབ་གྲྭར་འགྲོ་བའི་དམིགས་ཡུལ་ཡོད་ཀྱང་འབྱོར་བས་མ་འདང་བ་སོགས་ཡོང་པའི་གནས་ཚང་ཡིན་པ་མ་ཟད།  རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལ་ཞུགས་ཤིང་ལག་རྟགས་ཀྱང་ཚད་ལྡན་ཐོབ་ཀྱིན་ཡོད། འདི་ནི་སློབ་མ་ཞིག་གི་མི་ཚེ་ལ་བྲིས་པའི་གསེར་མདོག་གི་འོད་ཟེར་ཡིན་ལ། འདི་ནི་ལོ་རྒྱུས་ཀྱི་དེབ་ཐེར་ལ་གཏམས་པའི་ནོར་བུ་བསམ་འཕེལ་ཡིན།



དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བྱུ་རུ་དམར་པོ། སྤེལ་དུས:2015/3/19
བྱ་བ་ལམ་འགྲོ་ཡོང་བར་ཤོག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14189333
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号