གངས་ཅན་པ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ཆེད་ཚོགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» དགོང་ཚོགས། འོད་སྡེར་གསར་བ། »གངས་ཅན་པ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ཆེད་ཚོགས།
གངས་ཅན་པ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ཆེད་ཚོགས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/6/29ལྟ་ཀློག (9659)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼གངས་རིའི་སྐར་རྒྱན༽


     སྤྱི་ལོ༢༠༡༤ལོའི་སྤྱི་ཟླ༦ཚེས༢༨ཉིན་གྱི་དགོང་དྲོའི་ཆུ་ཚོད༧:༣༠སྟེང་གངས་ཅན་པ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ཆེད་ཚོགས༼གངས་རིའི་སྐར་རྒྱན༽ཞེས་པ་མཚོ་སྔོན་བརྙན་འཕྲིན་ཁང་ནས་གཟབ་རྒྱས་ངང་འཚོགས།  ཁོ་བོའི་ངག་གི་འགྱུར་ཁུགས་ཟབ་མོ་དེ་དེ་འདྲའི་བརྗིད་ཅིང་དེ་འདྲའི་སྙན་པས།“ཕ་ཡུལ”བཏེགས་སོང་།“བོད་མི”གྱེར་སོང་། ད་དུང“ནམ་མཁའི་ལྷ་མོ”སྒུལ་ཞིང“པོ་ཏཱ་ལ”སེམས་ཀྱི་མཁའ་ལ་བཤམས་སོང་།“རྩམ་པ”འི་དྲི་བསུང་ཐུལ་བའི་ཁོའི་ཕ་སྐད་ཀྱི་གླུ་གཞས་འདི་དག་ནི་བོད་ཀྱི་ཤ་དང་རུས་ལ་ཟུག་པའི་དྭངས་གཙང་གི་ཁྲག་རྒྱུན་བཞུར་བའི་རླབས་སྒྲ་རང་དུ་འཁུམས་པས་ལོ་རྒྱུས་ཀྱི་ཡིག་ཚགས་སུ་འཁོད་འོས་སོ།།   

   ད་དུང་གཞས་གསར“བརྩེ་གཞས”དང“རྨི་ལམ་ནང་གི་རྟ་ཕོ” “གསེར་གྱི་སྐར་ཚོམ” “ཀོ་གྲུ”སོགས་བླངས་པས་ཁོའི་ལ་ཞེན་གྱི་སྤོབས་པའི་དར་ལྕེ་རིང་མོ་དེ་བོད་མི་རིགས་རང་གི་ཚེ་སྲོག་ལྟ་བུའི་གངས་རི་དང་ནམ་མཁར་འཐེན་ཡོད་པ་མངོན་པར་གསལ། རེད་དེ། གངས་ཅན་པ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ནི་གངས་རིའི་སྟེང་དུ་འགྱིང་བའི་གངས་སེང་གི་གད་རྒྱངས། ནམ་མཁའི་མཐོངས་སུ་གྲགས་པའི་གཡུ་འབྲུག་གི་ངར་སྐད། ནགས་མོའི་དཀྱིལ་དུ་འཕུར་བའི་ཁུ་བྱུག་གི་གསུང་དབྱངས་ཏེ། བོད་ཁ་བ་ཅན་གྱི་དུས་གསུམ་ན་མཐོ་བའི་ཕ་སྐད་ཀྱི་དྭངས་མ་དེ་རེད་འདུག ཁྱོད་རང་ཡོད་པས་ང་ཚོས་ཕ་སྐད་ཀྱི་གླུ་གཞས་ལེན་ཆོག   ཁྱོད་རང་ཡོད་པས་ང་ཚོས་ཕ་གཞས་ཀྱི་སྒྱུ་རྩལ་འཚོལ་ཆོག

ཁོ་བོའི་གླུ་གཞས་ཆེད་ཚོགས་སུ་གླུ་བ་ཀུན་དགའ་དང་སྒྲོན་བྷེ། རིག་འཛིན་སྒྲོལ་མ། ས་ནག་གཞས་ཚོགས་སོགས་ཕེབས་ཡོད་ཅིང་ཁོང་ཚོས་ཀྱང་སྙན་མོ་གླུ་ཡི་མཆོད་པ་རེ་གངས་རིའི་ལྗོངས་ལ་ཕུལ་སོང་། ཚང་མ་བཀའ་དྲིན་ཆེ།

ལེ་ཚན་རེའུ་མིག
ཁག་དང་པོ།
༡. ཕ་ཡུལ།
༢. བོད་མི།
༣. ནམ་མཁའི་ལྷ་མོ།
༤. པོ་ཏཱ་ལ།
༥. གླུ་བ་ཀུན་དགའི་གླུ་ལེན།
ཚན་པ་གཉིས་པ།
༡. རྩམ་པ།
༢.དམངས་གཞས་བསྟུད་ལེན།
༣. རྒྱང་རིག་གི་མཛའ་མོ།
༤. བརྩེ་གཞས།
༥. གཅེས་པའི་ས་ཆེན།
༦. སྒྲོན་བྷེའི་གླུ་ལེན།
ཚན་པ་གསུམ་པ།
༡. རྨི་ལམ་ནང་གི་རྟ་ཕོ།
༢. ཁ་བའི་མེ་ཏོག
༣. གསེར་གྱི་སྐར་ཚོམ།
༤. ས་ནག་གཞས་ཚོགས་ཀྱི་གླུ་ལེན།
ཚན་པ་བཞི་བ།
༡. ཀོ་གྲུ
༢. ང་ནི་མཐོ་སྒང་འདི་གཞི་འཛིན་ཡིན།
༣. ཁྲུང་ཁྲུང་དཀར་མོ།
༤. སྨོན་ལམ།
༥. རིག་འཛིན་སྒྲོལ་མའི་གླུ་ལེན།
༦. གངས་ཅན་པ།
ཞེས་གཞས་པ་ཁོང་གི་ཚ་བོ་སྨྱུག་མིང་འཛིན་པ་གངས་གཡུ་མཚོའམ་རྒྱལ་སྲས་ནག་པོས་གནའ་མཁར་ཟི་ལིང་ནས།

2014ལོའི་ཟླ6པའི་ཚེས28ཉིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70d བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/7/15
ཁྱེད་ཚོས་འདི་རུ་གང་འདོད་འདོད་ཀྱི་སྐད་ཆ་རེ་ཤོད་ནས་སྡོད་ད་འགྲིག་གི་ཡ། རྨ་ཆུ་དང་ཀླུ་ཆུ་བརྩད་ནས་ཁ་ཁོམ་སོང་བ་འུ་རེད།
 སྤེལ་མཁན:  སྤེལ་དུས:2014/7/13
རྨ་ཆུ་ལ་ཡིག་རྨོངས་གླུ་བ་དཔལ་མགོན།བདུད་བེ།ལུ་གུ་རྒྱལ།རྒན་པོ་འདི་དག་ནི་འབྲོག་རྒན་ཡིག་རྨོངས་པ་ཏག་ཏག་རེད།ཀླུ་ཆུའི་སྒྲོལ་མ་སྐྱབས་དང་བསྡུར་ཐབས་མེད།v
 སྤེལ་མཁན:  སྤེལ་དུས:2014/7/8
རྨ་ཆུ་དང་ཀླུ་ཆུའི་རྩོད་པ་ཙམ་གྱིས་ཅི་ཕན།
 སྤེལ་མཁན:  སྤེལ་དུས:2014/6/30
ཨ་རོ་མྱིག་གཅོད། རྨ་ཆུའི་གླུ་བ་ཡིག་རྨོངས་པ་ཚོར་རིག་གནས་ཤེས་བྱ་རེ་ཁྲིད་ཐུབ་ན་བཟང་རྒྱུ་རེད། ཡི་གེ་ཡོན་ཏན་ཡོད་ན་བཟང་བ་ཤེས་རུང་མི་ཤེས་ཁུལ་བྱེད་པ་ནི་དོན་བཟང་མ་རེད།
 སྤེལ་མཁན:  སྤེལ་དུས:2014/6/30
རིག་གནས་ཡོན་ཏན་ཡོད་པའི་གླུ་བ་དང་རིག་གནས་མེད་པའི་གླུ་བ་གཉིས་གཏན་ནས་འདྲ་བ་མ་རེད། རྨ་ཆུའི་གླུ་བ་རིག་གནས་མེད་པ་ཚོ་དང་ཀླུ་ཆུའི་གླུ་བ་རིག་གནས་ཡོད་པ་ཚོ་འདྲ་བོ་མེད།ཧ་ཧ་ཧ།
 སྤེལ་མཁན:  སྤེལ་དུས:2014/6/30
ཐོག་མར་གླུ་བ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ཆེད་ཚོགས་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ། གླུ་བ་སྒྲོལ་མ་སྐྱབས་ཀྱི་ཐེངས་འདིའི་ཆེད་ཚོགས་ནི་གསོན་ཤུགས་རྒྱས་པའི་ཆེད་ཚོགས་ཤིག་རེད། ལྟ་མོ་བ་མང་བ་དང་ལྟ་མོ་བ་ཚོའི་རིག་གནས་ཀྱི་སྤུས་ཀ་སོགས་ཀྱང་སྔོན་ལས་བཟང་བས་འཇོན་ཐང་ཕྱི་ལ་འདོན་པར་མཐུན་རྐྱེན་ལེགས་པོ་འཛོམས་ཡོད། དེང་ཕྱིན་ཆད་གསར་གཏོད་ཀྱི་ལམ་བུ་བརྒྱུད་ནས་བང་རིམ་གསར་བ་ཞིག་ཏུ་སྙེག་པའི་རེ་བ་ཞུ། མྱིག་གཅོད་ཀྱིས་རྨ་ཆུ་ནས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41581974
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1