ཨ་རིའི་ཕུལ་བྱུང་དགེ་རྒན་ཞིག་གིས་ཁྱིམ་བདག་ལ་བཏོན་པའི་བསམ་འཆར་བཅུ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »ཨ་རིའི་ཕུལ་བྱུང་དགེ་རྒན་ཞིག་གིས་ཁྱིམ་བདག་ལ་བཏོན་པའི་བསམ་འཆར་
ཨ་རིའི་ཕུལ་བྱུང་དགེ་རྒན་ཞིག་གིས་ཁྱིམ་བདག་ལ་བཏོན་པའི་བསམ་འཆར་བཅུ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/8/5ལྟ་ཀློག (4953)རྩོམ་ཁུངས: དྲྭ་བཏུས།

ཨ་རིའི་ཕུལ་བྱུང་དགེ་རྒན་ཞིག་གིས་ཁྱིམ་བདག་ལ་བཏོན་པའི་བསམ་འཆར་བཅུ།

   ༡རྒྱུན་དུ་བྱིས་པར་རང་གི་སློབ་སྦྱོང་ཡར་ཐོན་གྱི་འབྲས་བུ་ཤེས་སུ་འཇུག་དགོས་པ་མ་ཟད། ཐ་ན་སྐྱོན་ཆ་ལེགས་བཅོས་ཀྱི་རྣམ་འགྱུར་ཙམ་ལའང་བསྟོད་བསྔགས་བྱས་ཏེ་བྱིས་པའི་རང་ལ་ཡིད་རྟོན་གྱི་འདུ་ཤེས་མཐོ་རུ་བཏང་ན་ད་གཟོད་སློབ་སྦྱོང་ལ་སྤྲོ་བ་བསྐྱེད་ངེས།

   ༢རྒྱུན་དུ་བྱིས་པར་འགྲུབ་སླ་བའི་བྱ་བ་བསྒྲུབ་ཏུ་འཇུག་པ་ནི་བྱིས་པར་རང་གིས་བྱ་བ་སྒྲུབ་ནུས་པའི་ཡིད་ཆེས་ཐོབ་པ་མ་ཟད་བྱིས་པའི་མི་མངོན་པའི་ནུས་པའང་ཕྱིར་མངོན་པར་རམ་འདེགས་ཐུབ་ངེས།

   ༣ཁྱིམ་བདག་གི་དུས་རྒྱུན་དུ་བྱིས་པའི་བསླབ་ཚན་གྱི་ནང་དོན་དང་སློབ་སྦྱོང་གི་ཆུ་ཚད་ལ་དོ་སྣང་བྱེད་དགོས་པ་མ་ཟད། ཉིན་རེའི་བསླབ་གཞི་དང་སྦྱང་འབྲས་ཀྱི་གནས་ཚུལ་ལ་བྱིས་པར་དྲི་གཞི་མང་ཙམ་བཏོན་ཏེ་རྒྱུས་ལོན་བྱེད་དགོས།

   ༤འཚོ་བའི་ཁྲོད་ཀྱི་སློབ་སྦྱོང་སྦྱོང་བརྡར་གྱི་གོ་སྐབས་སྣ་ཚོགས་དམ་འཛིན་བྱས་ཏེ་བྱིས་པའི་སློབ་སྦྱོང་གི་འདུན་མར་ངར་ཤུགས་སྤྲོད་དགོས།

    ༥བྱིས་པར་རང་གི་དངོས་རྫས་བདག་སྐྱོང་བྱེད་དུ་བཅུག་སྟེ་འགན་འཁྲིའི་འདུ་ཤེས་ཀྱི་མ་རྐང་འཛུགས་པར་རོགས་རམ་བྱེད་དགོས།

    ༦བྱིས་པར་མིག་དཔེ་སྟོན་དགོས།

    ༧བྱིས་པའི་སྔུན་ནས་དགེ་རྒན་ལ་གཏམ་གླེང་འདྲ་མིན་མི་བྱེད་པ་དང་དགེ་རྒན་ལ་དམའ་འབེབས་དེ་ལས་བྱེད་མི་རུང་།

    ༨ཁྱིམ་གྱི་སློབ་སྦྱོང་གི་འཆར་གཞི་ལག་བསྟར་བྱེད་པ། དེ་ནི་རང་འགུལ་རང་རྟོགས་ཀྱིས་འགྲུབ་པར་བྱས་ཏེ་སློབ་སྦྱོང་དང་ངལ་གསོའི་གོམས་གཤིས་ལེགས་པོ་ཆགས་པར་འབད་བརྩོན་བྱེད་དགོས།

    ༩བྱིས་པས་དྲི་བ་བཏོན་པར་མཛུབ་སྟོན་དང་དོགས་འདྲི་མང་ཙམ་བྱེད་པར་གོམས་སུ་འཇུག་དགོས།

    ༡༠བྱིས་པའི་སློབ་སྦྱོང་གི་འདུ་ཤེས་མཐོ་རུ་བཏེགས་ཏེ་སློབ་མཚམས་མི་ཆད་པར་སྔོན་འགོག་གནང་དགོས།

དགེ་རྒན་བཟང་བོ =དཔེ་ཀློག +བསམ་གཞིག +ལག་བསྟར།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: Gg སྤེལ་དུས:2019/6/26
ཡག་སོང་ཐུགས་རྗེ་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15630518
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号