༄༅། གངས་སེང་བོར་བའི་གཏམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »༄༅། གངས་སེང་བོར་བའི་གཏམ།
༄༅། གངས་སེང་བོར་བའི་གཏམ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/8/29ལྟ་ཀློག (3189)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨ་ཆུའི་བསམ་གཏན།


ཁ་བ་ཅན་ན་ཁ་བའི་གཏམ་རྒྱུད་ཡོད། །

གངས་ཀྱི་རི་ན་གངས་སེང་དཀར་མོ་ཞིག ། 

རང་བྱུང་ཁམས་ན་རང་ཡུལ་ནོར་བུ་རེ། །

ཡོད་ཅེས་བཤད་ན་བདེན་པའི་དཔང་ཞིག་དགོས། །

     བསྐལ་བ་ཡ་ཐོག་ལ་སྲོག་ཆགས་ཀྱི་གཏེར་བརྡོལ་བའི་གཏམ་རྒྱུད་ཅིག་ཨ་མའི་ངག་ལས་ ཐོས་མྱོངས་ཤིང་།  དེ་དུས་རང་ཉིད་ན་ཆུང་བས་བྱིས་སྒྲུང་གི་ཆེད་དུ་དབང་བོ་ཡོད་ཚད་མཐའ་གཅིག་ཏུ་ བསྒྲིམ་པའི་གོམས་གཤིས་ཤིག་ཀྱང་ཆགས་པས་རང་གིས་ད་སོ་མ་ངོ་ཤེས་བཞིན་པའི་འཇིག་ རྟེན་འདི་ལ་ངོ་མཚར་བ་དང་། གསང་བ་ལྐོག་གྱུར།   མཐའ་མེད་པའི་སྣང་བ་ཞིག་ཀྱང་སྨིན།  སྲོག་ཆགས་ཀྱི་གཏེར་སྒོ་དེ་ནས་ཐོག་མར་སྟག་དང་།  སེང་གེ། ཁྱུང་། འབྲུག་བཞི་བྱོན་ཞིང་།    བར་ནས་གླང་ཆེན། རྟ་མཆོག འབྲོང་། མ་ཧེ་སོགས་སྲོག་ཆགས་དགའ་རབས་གང་མང་བྱོན་པར་བཤད། མཐའ་མར་རྔ་མོང་སོགས་སྲོག་ཆགས་ཐན་ལྟས་དགུ་འཛོམ་གང་མང་བྱོན་པས་སྲིད་པའི་ མི་་་་་་རྒན་གྱིས་གཏེར་སྒོ་གཏད་པར་བཤད།   འདི་ནི་བོད་ཀྱི་མ་ཡུམ་ཞིག་གིས་སྦྲ་ནག་གྲུ་བཞི་ལས་གླེང་བའི་གནའ་རབས་ཞིས་ལ་ ཡི་ལྷ་སྒྲུང་ཞིག་རེད་ཅེས་ན།  བོད་ཀྱི་རིག་གནས་འཕེལ་འགྲིབ་ཀྱི་ངང་ཚུལ་འདི་ལ་ང་ཚོས་ལྷག་ཏུ་ཞིབ་འཇུག་བྱེད་ རིན་ཡོད་པ་ཞིག་མ་ཡིན་ནམ།   ཐ་སྙད་ཀྱི་བླ་དྭགས་གང་རུང་ཞིག་ནས་གནའ་བོའི་བོད་ཡུལ་གྱི་སྣང་བ་འཚོལ་རྟོག་བྱ་དགོས་ཤིང་།  ང་ཚོས་གཟབ་ནན་ངང་རང་གི་ལུང་བར་ཞིབ་རྟོག་ཅིག་བྱ་དགོས་པར་སེམས། །    

མི་བརྟན་འགྱུར་ནས་འགྱུར་བྱེད་པའི། །   

འདི་སྣང་འཇིག་རྟེན་ཆོས་ལ་མཐའ་མེད་པ། །    

བརྟག་ནས་དཔྱད་ན་བདེན་པའི་ཆ་ཤས་རེ། །    

ཡོད་ཅེས་སྨྲ་བར་བསྙེངས་པ་ཅི་ཡང་མེད། །         

                        བར་སྐབས་ཀྱི་ཚིགས་སུ་བཅད་པ།

     ངས་བཤད་འདོད་པ་ནི་བསིལ་ལྡན་ཁ་བའི་ལྗོངས་ལ་གངས་སེང་བྱོན་པའི་བསྐལ་བ་ཞིག་ཡོད་ པ་ནི་དེ་བས་ཀྱང་ངོ་མཚར་དགོས་པ་ཞིག་མ་ཡིན་ནམ་ཞེས་ན། ཐོག་མར་མཁས་དབང་དགེ་ཆོས་ལགས་ཀྱི་༼རི་བོ་ཧི་མ་ལའི་བསྟན་བཅོས༽ ལས།    གངས་སེང་ཞེས་པའི་སྲོག་ཆགས་ཤིག་མེད་ཟེར། ངས་དེ་ལ་ལན་གསལ་ཐག་ཆོད་པ་ཞིག་བརྒྱབ་ཆོག་སྟེ།  དཔེ་ཞིག་བཞག་ན་ཕོ་ཁྱུང་འབྲུག  འདི་ནི་རྔམ་འབྲུག་ཅེས་པ་ཡིན་པ་འདྲ།  གཞན་གངས་གཟིག་དང་།  གངས་གླག   གངས་བོང་།   གངས་སྦལ་སོགས་ངོ་མཚར་བའི་སྲོག་ཆགས་ཀྱི་ཐ་སྙད་འདི་དག་ལ་ངོས་འཛིན་ཇི་ལྟར་བྱ་ རྒྱུ་ཡིན།   དེ་བས་རི་བོ་ཧི་མ་ལ་གར་གནས་ན་ཡོད་པས་རྐྱེན་གྱིས་གངས་སེང་བྱ་བ་བྱོན་པ་ཡིན་ ལ།    ད་དུང་ཕྱི་གླིང་བས་དེ་སྔ་ཧི་མ་ལ་ཡའི་ལྗོངས་སུ་གངས་མི་བྱ་བའི་ངག་་་རྒྱུན་ ཞིག་ཀྱང་བཟོས་འདུག་ཅིང་།  དེ་ནི་བོད་ཀྱི་མྱི་དྲེད་ཅེས་པ་རང་ཡིན་འདུག  དགེ་ཆོས་ལྟར་ན་བོད་མི་ལ་གངས་མི་ཞེས་མི་འབོད་པ་ཅི་ཡིན།རྒྱུ་མཚན་ཡོད་ངེས་པ་ ནི། གངས་སེང་ནི་བྱང་མདོའི་འཁྱག་གླིང་གི་དོམ་དཀར་ལྟ་བུའི་སྲོག་ཆགས་ཤིག་ཡིན། དོམ་དཀར་ནི་བྱང་མདོའི་འཁྱག་གླིང་དུ་དེང་ཡང་འཚོ་བཞིན་ཡོད།  རི་བོ་གངས་ཅན་པའི་གངས་སེང་ནི་དེ་ལ་ལྟོས་འཇོག་ཙམ་ཡིན་པ་ལས་དེ་དང་ཡོངས་སུ་འདྲ་བའི་ངེས་པ་ནི་མེད།  གནས་ལུགས་ནི་འཁྱག་གླིང་དུ་འཚོ་གཞིས་ནས་དེ་ལ་ཕྱོགས་ཙམ་གོ་བ་ལེན་དགོས་ཏེ། དེ་ནི་ཚན་རིག་དང་ཆེས་མཐུན་པའི་བདེན་དབང་ཡང་ཡིན། བོད་མིའི་ངག་རྒྱུན་དུ་ཁྱི་དོམ་བུ་ཞེས་པའི་འབོད་སྟངས་ཤིག་ཡོད།  གངས་སེང་གི་སོན་འབྲས་ནི་བོད་ཀྱི་ཁྱི་དོམ་བུ་ཡིན་ལ། ཁྱི་དོམ་བུ་ནི་གངས་སེང་གི་སྐྱེད་འཕེལ་སོན་འབྲས་ཀྱི་བདེན་དཔང་གཅིག་ཡིན། གཞན་གངས་སེང་ནི་ཁ་དོག་ནས་ཐོགས་པ་དང་འཚོ་གནས་ནས་བཏགས་པར་དོགས་པ་ཅི་ཡང་མི་ དགོས། སྤུ་མདོག་དཀར་པོ་གངས་ལྟ་བུ་ཡིན་པ།  མིག་འབྲུ་ལྗང་སེར་ཆུ་ཤེལ་བཞིན་དྭངས་པ།   དེ་ནི་དཀར་འོད་འགོགས་པའི་མིག་གི་རྒྱལ་མོ་ཞིག་ཐོགས་ཡོད་པར་གོ་བ་ལེན་དགོས། མཐོ་ཚད་ལ་རྨིད་གཉིས་ལྷག་དང་། ཡན་ལག་བཞི་ནི་གངས་ཀྱི་དྲེད་མོང་དང་འདྲ་བ། སྡེར་ཁྱིམ་འབབ་སྟངས་ནོར་བུའི་དབྱིབས་དང་འདྲ་བ། ཟས་སུ་འོ་མ་མཆོད་ཅིང་།   སྔོ་རིགས་ཟ་བར་གོམས་ཏེ་ནང་ལོག་གི་དོམ་ཁྲའི་གཤིས་བཞིན་དང་ཅུང་འདྲ།   རི་བོ་གངས་ཅན་པའི་ཡུལ་དུ་འཚོ་བའི་བསྐལ་བ་ཡ་ཐོག་གི་འོ་འཐུང་སྲོག་ཆགས་དེའི་ མཛེས་སྡུག་ནི་བསམ་ཚོད་ལས་འགོངས་པ་ཞིག་རེད།  དེ་བཞིན་འདམ་སེང་ཡང་ཁ་དོག་གིས་བཏགས་པ་རེད་ཅེས་ཞེས་འཁྲུན་ཐག་གཅོད་པར་ངོ་ཚ་ ཅི་ཡང་མི་དགོས།  དེ་ནི་ཤེས་དཔྱོད་དུ་བསྟར་བའི་བདེན་གྲུབ་ཀྱི་རྐང་རྗེས་རེད།      རྐང་རྗེས་དེ་ནི་་་གླེགས་བམ་དུ་བཅུག་དང་མ་བཅུག་གང་ཡང་རུང་པ་དང་།  བདེན་པའི་ངོ་བསྟན་པའི་ལག་རིས་ལྟར་གསལ་ལེར་མཐོང་མི་་འོང་ངམ། །             

ཡ་ཐོག་ཆ་མེད་ཆ་ལུགས་སོས་ལོག་པས། །             

སྒང་བ་བོད་ཀྱི་མི་གཤིས་སྦངས་པ་དེ། །

དོན་ལ་བསམས་ན་དུས་ཀྱི་ཡན་པ་རེད། ། 

མ་རྙེད་སྒྱུ་མའི་ཟས་དག་གང་ནས་རེག །

         བར་སྐབས་ཀྱི་ཚིགས་སུ་བཅད།

         བོད་ཀྱི་གསེར་སྒྲམ་དེ་འདྲ་བ་རྡུལ་དུ་བཏུམས་ནས་ཡུན་རིང་འགོར་སོང་བ་སུ་ཡིས་ རྙེད་པ་ཡིན།  སྐད་དང་ཡི་གེའི་དྲིན་རེད། ས་རྡོ་རི་བྲག་གི་དྲིན་རེད། དེ་བཞིན་གངས་སེང་ཡང་དེ་འདྲའི་རྟེན་འབྲེལ་ལ་ཞུགས་ནས་རྙེད་སྲིད་ལ། རྙེད་ཀྱང་དགོས་པ་རེད། དུས་རབས་འདིར་མིའི་རིགས་ཀྱིས་ས་བརྟག་གནམ་བརྟག་བྱས་ནས་བསྐལ་བ་ཡ་ཐོག་གི་སྲོག་ ཆགས་ཁྱད་མཚར་བ་སྐོར་ཞིག་ཡོད་པར་བདེན་དཔང་བྱས་དང་བྱེད་མུས་་ཡིན་པ་དེ་ནི་ཡིད་ བཟོས་དང་བརྡ་འགྱུར་ཙམ་ཁོ་ན་ག་ལ་ཡིན།  གངས་སེང་མེད་ཅེས་པ་དེ་ནི་རིག་པའི་ནོར་འཁྲུལ་ཞིག་རེད། དོན་ལ་ཡོད་དང་མེད་ཅེས་པའང་མཐར་དེད་ན་མེད་དང་ཡོད་ཅེས་པ་རང་རེད། ཁ་སང་གི་ཁྱོད་དེ་རིང་མེད་འགྲོ་བ་ཆོས་ཉིད་ཡིན་པས་དེ་ལ་ངོ་མཚར་དགོས་པ་ཅི་ཡང་ མེད། ས་སྒང་ཆགས་པ་ནས་མི་ལོ་དུང་ཕྱུར་བཞི་འབུམ་ལྷག་འདས་་་་་ཡོད་ཅེས་གྲངས་ཀྱིས་ མཛུབ་མོ་རི་སྟོན་ཞིག་བྱས་པའི་ཉིན་དེ་ནས་གྲངས་ཀྱི་རིག་པ་དར་བ་བདེན་དབང་བྱ་ ཆོག་པ་ལས་ས་་་་སྒང་གི་ལོ་ཚོད་ངེས་འབེབ་འཁྲུལ་མེད་ཅིག་ཡོང་ཐབས་བྲལ། དེ་ཡང་ས་སྐྱ་བས༼སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །  མིག་ལྡན་གཞན་ལས་ལྷག་པར་མགྱོགས། །༽ ཞེས་པ་བཞིན་གྲོག་མ་ལ་མིག་མེད་ཅེས་ཚན་རིག་པས་གསལ་བཤད་བཀྱིས་ཡོད་དེ་བོད་ཀྱི་ མི་ལ་རབ་ཏུ་རྣོ་བའི་ཤེས་རབ་ཅིག་ཡོད་པ་ཡང་ཁས་ལེན་དགོས་ཤིང་།  ཡང་ན་བོད་ཀྱི་ཐ་སྙད་མཁན་པོར་རིག་པའི་ནོར་འཁྲུལ་བྱུང་བའི་ཉིན་ནས་བཟུང་ཁ་བ་ རི་བའི་གཏམ་རྒྱུད་སྐོར་ཞིག་ལ་རྩ་བ་ནས་བསྒྱུར་བཅོས་བྱས་ཡོད།   དེ་ནས་ཕྱི་རབས་པའི་སྣང་བ་ལ་གངས་སེང་མེད་ཅེས་བྱ་བའི་ལྟ་བ་ཞིག་ཆགས་པ་རེད།  དེ་ནི་གཉན་ཆེན་ཐང་ལྷའི་སྐོར་གྱི་ལྷ་སྒྲུང་དག་གི་ངོ་མཚར་མཛེས་སྡུག་ལས་མི་ རིགས་ཤིག་གི་བདེ་ཐང་གི་ཞལ་ཁྱིམ་ངོ་མ་མཐོང་ཐུབ་ལ།  ༼པད་མ་བཀའ་ཐང་༽གི་བསྟན་གཉིས་འབྱུང་བའི་ལེའུ་བརྒྱད་པ་རུ། སྤྲུལ་སྐུའི་བསྟན་པའི་བདག་པོ་སངས་རྒྱས་གཅིགཿ ལོངས་སྐུའི་བསྟན་པ་འཛིན་པའི་རྫུས་སྐྱེས་གཅིགཿ གཅན་གཟན་རྒྱལ་བོ་གངས་ཀྱི་སེང་གེ་གཅིགཿ  འདབ་ཆགས་རྒྱལ་པོ་མཁའ་ལྡིང་ཁྱུང་ཆེན་གཅིགཿ མེ་ཏོག་རྒྱལ་པོ་ཨུ་དུམ་ཝ་ར་གཅིགཿ འདི་དག་དུས་མཚུངས་གཅིག་ཏུ་བྱུང་བ་ལཿཞེས་པ་ལ་ཞུགས་ན་གོང་གི་ནོར་བུ་རྣམ་བཞི་ བྱོན་པའི་བསྐལ་བ་ནི་རྫོགས་ལྡན་གྱི་དུས་ཤིག་མིན་ནམ་སྙམས་ཤིང་།  ད་ལྟ་མེད་འགྲོ་བ་ཡང་ཆོས་ཉིད་དང་མཐུན་པ་རེད། ཆོས་སྐྱོང་གནས་ཆུང་འཕྲིན་ལས་རྒྱལ་བོའི་བྱུང་བ་བརྗོད་པའི་སྐབས་སུ་རི་བོ་གངས་ ཅན་པ་ནས་གངས་སེང་བཅིབས་པ།     བོད་ལུགས་ཀྱི་རྒྱལ་ཆེན་རིགས་བཞི་ལས་བྱང་གི་རྣམ་ཐོས་ནོར་བདག་གིས་གངས་སེང་ དཀར་མོ་བཅིབས་པ། དེ་ལ་ཡུལ་བྱང་གི་ཕྱོགས་སུ་གནས་པའི་རྒྱལ་ཆེན་ལ་གངས་སེང་གི་ཅིབ་པ་ཡོད་པ་ཡང་ གནས་ལུགས་ཤིག་མིན་ནམ། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། འཛམ་གླིང་གི་བྱང་སྣེ་ཡང་འཁྱག་གླིང་ཡིན་པ་སོགས་རྒྱུ་མཚན་དུ་མ་ལྡན།  དེ་བཞིན་ཡུལ་འཁོར་སྲུང་གིས་གླང་བོ་བཅིབས་པ། དེ་བཞིན་དམ་ཅན་སྐྱེས་བུ་ཆེན་པོས་གངས་སེང་དཀར་མོ་བཅིབས་པ།    གཞན་ཡང་གངས་སེང་དང་ཁྱུང་འདུས་པ་ལས་སེང་གེ་ཁྱུང་གཤོག་རྭ་མཆུ་ཅན་འཁྲུངས་པའི་ དཔེ་དོན་དེ༼མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན༽དུ་གསལ་བ། སེམས་ཅན་ལས་ནི་བསམ་མི་ཁྱབ་པའི་  དོན་ཡང་དགོས་པ་དོན་དུ་ཤེས་ན་མི་བཟང་ངམ།

མཁས་པས་བཤད་ན་གང་ཡང་བདེན། །

ལྟོ་འཛིན་ཅན་ལ་གང་ཡང་ཟས། །

སྙན་ངག་མཁན་ལ་གང་ཡང་བརྒྱན། །

འདོད་སྲེད་ཅན་ལ་གང་ཡང་རྒྱུ། །

     ངལ་གསོ་བའི་ཚིགས་བཅད་དུ་དྲངས།

     ངས་ཀྱང་གངས་སེང་བོར་བའི་གཏམ་རྒྱུད་ཅིག་རྙེད་བྱུང་།སེང་། སྤྲ། དགོ དམུ།   ཁྱུང་སོགས་བོད་ཀྱི་རིགས་རུས་ཆོ་འབྲང་གི་རྩ་བ་ཡང་སྲོག་ཆགས་དང་འབྲེལ་བ་དམ་པོ་ ཡོད་ཅིང་། དེ་ལས་སེང་ཞེས་བྱ་བ་ནི་ཡ་ཐོག་ཞང་ཞུང་གི་སྐད་དོན་དུ་སེང་གེ་་ཞེས་པའི་དོན་ཡང་ ཡིན་པ། བོད་ཡུལ་གཡག་གི་སྡེ་ཚན་བཀར་བ་ལས་བོད་མིས་ཡ་ཐོག་འབྲོང་བཏུལ་བས་གནས་ལུགས་ཤེས་ ཐུབ་ལ།  འབྲོང་ནས་ནོར་དང་། དེ་ནས་ཟོག་ལ་འགྱུར་བའི་གོ་རིམ་ནི་ཐ་སྙད་ཀྱིས་ངེད་ཅག་ལ་སྤྲད་པའི་ལོ་རྒྱུས་ ཤིག་རེད།  གངས་སེང་ནས་དོམ་བུ་རུ་འགྱུར་ཞིང་། དོམ་བུ་ནས་ལ་བོ་རུ་འགྱུར། ལ་བོ་ནས་སྒོ་ཁྱི་རུ་བསྒྱུར་བར་གདོན་མི་ཟ། ལ་ནི་རི་བོའི་བརྡ་རྙིང་ཡིན་པས།  སྐབས་དེར་རི་ཁྱི་རུ་གོ་བ་ལེན་དགོས།  མི་ཡིས་མ་བཏུལ་བར་གོ་དགོས།   ལྷག་པར་དུ་གོས་ཁྱིག་ཅེས་པ་ནི་བྱ་རྒོད་གོས་བོ་དང་གངས་སེང་འདུས་པ་ལས་སྐྱེས་ པར་བཤད་ཀྱང་་་་་་ཆོག་ལ།  སུས་ཀྱང་ད་སྔ་ཕྲ་མོ་ཕྲ་མོའི་ལོ་རྒྱུས་དེ་འདྲ་བའི་མཛེས་སྡུག་མ་རྙེད་པ་རེད།    གཞན་ཡང་བོད་ཡ་ཐོག་གི་ཀླུང་རྟ་སྡེ་བཞིའི་བཤད་པར། ༼རྒྱ་སྟག་ཁྲ་བོ་ནགས་ནས་མཆོངས་པ་དང་། ། སེང་གེ་དཀར་མོ་གངས་ནས་འགྱིང་བ་སྟེ། །༽ ཞེས་པ་བཞིན་སྟག་གི་གནས་ས་རྒྱ་རྫོང་ནགས།  སེང་གི་གནས་ས་དཀར་བོ་གངས་ཞེས་གསལ་བོ་བསྟན་ཡོད་ལ། སྟག་གི་བདེ་རྩལ་མཚོན་ལ།   སེང་གི་སྟོབས་ཤུགས་མཚོན་པ་དང་འབྱུང་བ་བཞི་ལས་ས་ཁམས་མཚོན་པ་སོགས་རྒྱས་པར་ བཤད་འདུག །  ང་ཚོས་གནས་ལུགས་དེ་ཙམ་གྱི་སྟེང་ནས་རི་མཐོ་ས་གཙང་ན་འཚོ་ཞིང་གཞིས་ཆགས་པའི་མི་ རིགས་ཤིག་གི་གཡའ་དག་པའི་སོན་འབྲས་མཐོང་ཐུབ་ཅིང་། དེ་རིང་གི་དུས་སུ་སྔར་བཞིན་རིགས་ཀྱི་སོན་འབྲས་གར་ཡོད་གང་ལ་ཁྱབ་པར་དོ་སྣང་ བྱ་མཁན་མཆིས་ཤིང་།  བཤད་ཚུལ་ལ་དེ་ནི་རིན་པོ་ཆེ་ཞིག་རེད་ཟེར་ཆོག་མོད།   དེ་ཉིད་བདེན་པ་ཡིན་ནམ།  ཀློག་མཁན་གྱི་ཚབ་ཏུ་འཕང་པའི་དྲི་བ་ཞིག་ཡིན།ཉེ་ལམ་ཚན་རིག་པས་བྱང་ཁུལ་འཁྱག་ གླིང་ལ་སྒོ་ཁྱི་སྐོར་ཞིག་ཁྲིད་ནས་འཁྱག་གླིང་གི་དོམ་དཀར་དང་ངོ་གཏུགས་པ་ན་ བསམ་ཡུལ་ལས་འདས་པ་ལ། དོམ་དཀར་དང་ཁྱི་གཉིས་ཀྱིས་ཕན་ཚུན་ལ་དགའ་ཞེན་བྱེད་པ་ལས་གདུག་རྩུབ་ཀྱི་རྣམ་ འགྱུར་ཅི་ཡང་མི་སྟོན་ཞིང་།   ཕན་ཚུན་ལ་རྩེན་མོ་རྩེ་བར་བྱེད།  གང་ལྟར་བོར་གཏོར་ཐེབས་པའི་བདེན་ངེས་ཀྱི་ཚོར་སྣང་སྐོར་ཞིག་ད་ལྟ་ཕྱིར་རྙེད་ པར་འདོད་ཅིང་།    དོན་དག་གཞན་ཞིག་ཡོད་པ་ནི་བོད་མི་ན་རེ། བོད་ཀྱི་ལ་བོ༼ཁྱི༽ ནི་གངས་སེང་གི་སོན་འབྲས་དང་འབྲེལ་བ་ཡོད་ལ།   དོམ་བུ་ཞེས་པའི་ལ་བོ་ནི་གངས་སེང་གི་སོན་འབྲས་ཡིན།   གང་ཞིག་ལ་རི་ཡི་ཞི་མི་ཟེར ། དེ་དང་འདྲ་བར་ཁྱིམ་གྱི་ཞི་མི་དང་ཁྱད་པར་ག་འདྲ་ཡོད། དེ་གཉིས་ཀྱི་བར་བདོ་ན་གོ་རིམ་ཞིག་དང་འགྱུར་ལྡོག་ཅིག་ཡོད་པ་ནི་ཚན་རིག་རེད།  ཚན་རིག་གིས་སླར་ཡང་ང་ཚོ་རྙེད་སྲིད།ཡང་ན་དོམ་བུ༼ཁྱི༽ནི་དོམ་དཀར་གྱི་མིང་ཡིན། གངས་སེང་གི་རང་མཚན་ལའང་དེ་ལྟར་འགྱུར་ལྡོག་ཚབས་ཆེན་ཐེབས་པ་རེད། ཡང་དཔེ་དེབ་ཅིག་ཏུ་གནམ་འབྲུག་གི་ཤ་ནི་ཁྱིམ་བྱ་དེ་ཕོའི་ཤའམ་ཉ་ཤ་དང་འདྲ་བའི་ རྟགས་མཚན་ཞིག་བཀོད་ཡོད་པ་ནང་བཞིན། ང་ཚོས་ཡང་གངས་སེང་གི་ཤ་ནི་ཉ་ཤ་དང་ཅུང་འདྲ་བར་འདུག་ཅེས་བཤད་ནའང་མི་ཆོག་པ་ མེད། གངས་སེང་ནི་ངག་བཟོ་ཙམ་དང་ཡིད་བཟོ་ཙམ་མ་ཡིན་པར་ངེས་པ་དོན་དུ་བསིལ་ལྗོངས་ཀྱི་ གནས་སུ་བྱོན་མྱོང་བ་གདོན་མི་ཟ། ཡང་ནུབ་ཕྱོགས་པས་ཕབ་སྐྲུན་བྱས་པའི་གློག་བརྙན་༼ཁྱེའུ་སྤུ་རིང་༽ ཞེས་པའི་རྟོགས་བཏགས་ལའང་ཆ་ཕྲན་བུ་རེ་བདེན་རྩ་མེད་མི་སྲིད་པ་འདྲ།   ང་ཚོས་གངས་རི་ཆེན་པོ་ཞིག་སྔོགས་པའི་དབང་དུ་བཏང་ན་གངས་སེང་སོགས་གངས་ལ་འཚོ་བའི་ཡ་ཐོག་གི་སྲོག་ཆགས་སྐོར་ཞིག་གི་རུས་པ་རྙེད་ཀྱང་སྲིད།ངས་འདིར་རུས་པ་མ་ རྙེད་པའི་ཡར་སྔོན་ལ་གངས་སེང་ཡོད་པའི་བདེན་དཔང་སྟོན་ཐུབ། དགེ་ཆོས་ལགས་ཀྱིས་ཞིབ་བཤད་ཀྱི་རྩ་བ་ནི་དཔེ་ཆ་དང་ཡི་གེ་ཡིན་པ་ལས་དེ་ལས་དངོས་ ཡོད་ཀྱི་རྒྱུ་ཆ་ལ་དོ་སྣང་བྱས་མི་འདུག གཞན་ཡང་ལེགས་སྦྱར་སྐད་དུ༼སིངཿ༽ ཞེས་པ་དང་། བོད་ཀྱི་བརྡ་རྙིང་གི༼སེང་འགེ༽ཞེས་པ་གཉིས་སྒྲ་དོན་འགྱུར་བ་རེད་ཅེས་ན་བཤད་དཀའ་སྟེ། དེ་ནི་སྐད་བརྡ་ཟུར་ཆགས་ཀྱི་ཆོ་འཕྲུལ་རེད་མ་གཏོགས་ང་ཚོས་བཤད་ཀྱིན་སྲོག་ཆགས་གངས་སེང་ལ་འབྲེལ་བ་མེད་ཅེས་བཤད་ཀྱང་ཆོག རྒྱ་གར་བས་རང་གི་ཚ་ཁུལ་གྱི་སིངཿབཤད་ཀྱིན་ཡོད་པ་ལས་བོད་ཀྱི་གངས་སེང་ལ་སེམས་ཁུར་ཆེར་མ་བྱས་པ་བདེན་པ་རེད།  ལྷག་ཏུ་གངས་སེང་ཞེས་པ་དེ་འདམ་སེང་ངམ།  ནགས་སེང་ལྟ་བུའི་མིང་དུ་བལྟ་ན་ནོར་འདུག་སྟེ།  གངས་ཞེས་པ་ལེགས་སྦྱར་གྱི་སྐད་མ་ཡིན་པ།  སེང་ཞེས་པ་ལེགས་སྦྱར་གྱི་སྐད་དུ་བཞེད་དམ།   སམ་བོད་མཉམ་འབྲེལ་གྱི་ཐ་སྙད་དེ་ཐོག་མར་ཡུལ་གང་ནས་བྱོན་པ་ཡིན་ནམ།  རྒྱ་གར་རམ་བོད་ཡིན།  དེ་ལའང་རིག་པ་ཕྲན་ཚེག་རེ་འགུལ་རྒྱུ་མེད་དམ།   ངས་ནི་ཡི་གེའི་སྒྲུབ་བྱེད་འགོད་པ་ལ་ཚད་བཟུང་བ་ཡིན་ལགས།    རྒྱུ་མཚན་ནི་གངས་སེང་གི་ཐ་སྙད་དེ་བོད་ཀྱི་གདོད་མའི་རིག་གཞུང་གི་ཁྱབ་ཁོངས་ན་ གོ་གནས་ངེས་ཅན་ཞིག་ཟིན་ཡོད་པས་གངས་སེང་གི་ཐ་སྙད་དེ་ཡང་བོད་མི་རང་གི་ཐ་སྙད་ དུ་ངོས་འཛིན་རྒྱུ་ཡིན་ལགས།དེ་ལྟར་རྒྱུ་མཚན་གང་མང་ཞིག་ལ་བལྟས་ནས་གངས་སེང་ མེད་ཅེས་བྱ་བ་ནི་ངས་ནོར་འཁྲུལ་ཞིག་ཏུ་ལྟ་ལ་ཡང་ན་དོགས་སློང་ཞིག་ཏུ་ལྟ་རྒྱུ་ཡིན། བོད་མིའི་ཁྲོད་དུ་གངས་སེང་གི་བག་ཆགས་རྒྱ་ཁྱབ་ཏུ་བཞག་ཡོད་དེ།  ང་ཚོས་དེ་ལ་གངས་སེང་གི་རིག་གནས་ཞེས་འབོད་ཆོག་པ་རེད།

གངས་སེང་ངེས་པར་དུ་བོད་མི་རང་གིས་རྙེད་དགོས། ། 

རང་མི་ཚེ་རང་ཡུལ་ཕྲ་མོ་ནས། །

ལོ་ཟླ་བ་རྩེག་མའི་མཁར་ཞིག་བཟོས། །

ལུས་སྣང་བ་ཆོལ་གསུམ་ལུང་བ་ནས། །

གཏམ་ཨ་མཚར་མ་ཞིག་བྲིས་པ་ཡིན། །

ཆུང་རང་ཡུལ་རྫ་ཆུ་འཐུང་འཐུང་ནས། །  

འབྲོང་བྲེ་ལོ་འདྲ་མའི་ཤན་ཞིག་ཆགས། །

དེ་མི་བཟང་ཟེར་ན་ཆོག་ཆོག་ཡིན། །

སྟན་མི་ཟུག་རི་དྭགས་འདྲོགས་མགོ་ཞིག།

རྒྱ་གར་ནག་གཉིས་ལ་ཉུལ་ཉུལ་ནས། །

ཟས་འབའ་འབུ་རིག་པ་བརྒུམ་བརྒུམ་ནས། །

སྤུ་སེར་རོའི་སྐྱ་ཡ་དྲུད་པ་རྣམས། །

ང་གོ་ཁའི་བུ་ལ་ཉན་རྒྱུ་མེད། །

ང་ཕ་གཞིས་བསྲུང་བའི་ལ་བོ་ཡིན། །

        ༢༠༠༧ལོའི་ཟླ༨པར་རྫོགས་པར་བྲིས་སོ།། 



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མར་མེ། སྤེལ་དུས:2018/4/16
《གངས་སེང་ཡོད་མེད་ཀྱི་དཔྱད་པ》ཞེས་པའི་རྩོམ་ཡིག་འདིར་བསྒྲུབ་བྱ་གཙོ་བོ་བསྒྲུབ་པར་གོ་རིམ་ཇི་འདྲ་ཞིག་བརྒྱུད་ཡོད། དྲི་བ་འདོན་མཁན་གྱིས་དང་དུ་བླངས། རྩོམ་ཡིག་ཏུ་ཐོག་མར་རི་བོ་གངས་ཅན་ཞེས་པ་ནི་ཁ་བ་རི་ཁོ་ན་ལ་མི་བྱེད་པར་རྒྱ་གར་བྱང་ཕྱོགས་ཀྱི་རི་རྒྱུད། གངས་རི། ནགས་རི། སྤང་རི་ ལ་སོགས་པའི་རི་སྟོང་ཕྲག་དུ་མ་ཚོགས་པའི་སྤྱི་མིང་དུ་གྲགས་པ་ཡིན་ཞེས་གངས་ཅན་ཞེས་པ་གནས་ཅི་འདྲ་ཞིག་ཡིན་པ་ང་ཚོར་ངོས་འཛིན་དུ་བཅུག་པ་དང་། གནས་ངོས་བཟུང་རྗེས་གངས་སེང་ཞེས་པ་དེ་ཡང་རི་བོ་གངས་ཅན་གྱི་གངས་རིའི་ངོས་ན་ཡོད་པའི་སྲོག་ཆགས་ཤིག་མ་ཡིན་པར། རི་བོ་གངས་ཅན་གྱི་ནགས་དང་སྤང་ལ་ཡོད་པའི་སྲོག་ཆགས་ཤིག་ཡིན་པར་བསྒྲུབས་པ་དང་། དེ་ནས་རྒྱ་བོད་ཀྱི་གཞུང་དང་རྟོགས་བརྗོད་སོགས་ཀྱི་ལུང་དང་རིགས་པ་སྣ་ཚོགས་དྲངས་ཏེ། སེང་གེ་ཞེས་པ་ནི་ནགས་ན་གནས་པའི་སྲོག་ཆགས་ཤིག་ཡིན་པར་བསྒྲུབ་པ། མཇུག་མཐར་་ངས་སེང་ཞེས་པ་ནི་གངས་ཅན་ནགས་ན་གནས་པའི་སེང་གེ་བྱ་བའི་ཚིག་སྡུད་ཡིན་པར་བསྒྲུབས་ནས། གངས་སེང་ཞེས་གངས་རིའི་ཐོག་ཏུ་འཚོ་བའི་སྲོག་ཆགས་ཤིག་གཏན་ནས་མེད་པ་དང་། དེ་ནི་གངས་ཅན་རིའི་ནགས་ཚལ་དང་སྤང་དུ་འཚོ་བའི་སྲོག་ཆགས་སེང་གེ་ཡིན་པ་བརྗོད་ཡོད་དོ།
 སྤེལ་མཁན: རྣལ་འབྱོར། སྤེལ་དུས:2014/8/30
ཡག་པོ་རེད་ཤ
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41714174
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1