ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས།
སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་དང་དྲུང་ཡིག་གཞོན་པ།
སི་ཁྲོན་ཞིང་ཆེན་སྤྲུལ་སྐུ་ངོས་འཛིན་ཚོགས་ཆུང་གི་བློ་འདྲི་ཡུལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་གི་དམངས་ཆེན་རྒྱུན་ལས་ཀྲོའུ་རིན།
ལི་ཐང་རྫོང་གི་རྫོང་དཔོན་གཞོན་པ།
དཀར་མཛེས་ཁུལ་ལི་ཐང་རྫོང་མ་ཐང་དགོན་པའི་མཆོག་སྤྲུལ་བཞག་པ་མཁན་ཟུར་རིན་པོ་ཆེས་མི་འགྱང་བར་ཁོང་གིས་བསྒྱུར་བསྒྲིགས་ཞུས་པའི་བྱང་ཆུབ་ལམ་རིམ་ཆེན་མོ་བོད་རྒྱ་དབྱིན་གསུམ་ཤན་སྦྱར་རྒྱལ་ཡོངས་སུ་རིན་མེད་གཟིགས་འབུལ་ཞུ་བ་དང་སྐབས་ཐོག་ཏུ་འཆད་ཁྲིད་གནང་རྒྱུའི་ལས་རིམ་ཁག་མཚམས་སྦྱར།
མཆོག་སྤྲུལ་བཞག་པ་མཁན་ཟུར་རིན་པོ་ཆེ་ཁོང་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་བོད་བརྒྱུད་ནང་བསྟན་ཤེས་ཡོན་པ་དང་བླ་མ་སྤྲུལ་སྐུ་ཞེས་པའི་མཚན་གནས་ཅན་ཀྲུང་གོའི་སློབ་གྲྭ་ཆེན་མོ་བཞི་སོགས་ཀྱིས་གཞུང་ནས་འཆད་ཁྲིད་གདན་ཞུས་པ་ཐོག་མ་རུ་གྱུར་ཡོད་པ་མ་ཟད་མཁས་བཙུན་བཟང་གསུམ་འཛོམས་པའི་དེང་རབས་བོད་ཀྱི་བླ་མ་ཞེས་པའི་ཚད་གཞི་འཛིན་ས་ཞིག་ཀྱང་ཡིན་ནོ། །
|