སེམས་ཀྱི་དབྱངས་སྐྱ་བོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། » སེམས་ཀྱི་དབྱངས་སྐྱ་བོ།
སེམས་ཀྱི་དབྱངས་སྐྱ་བོ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/9/1ལྟ་ཀློག (1372)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                    རྨ་ཁེར་ཉལ།

དྲན་པའི་རླབས་རས་ཁྱོད་ཉིད་ལ་ཕྱོགས་དུས།།

འདུས་པའི་འཁོར་ཚོགས་རྡོ་བ་རུ་གྱུར་འདུག།

སྲིད་པའི་བརྩེ་རར་འགྲིམ་འདོད་ཀྱི་གོམ་སྟབས།།

འདི་ལྟར་བསྒྱུར་བ་ནོར་འཛོལ་དེ་རེད་དམ།།

མ་བོའི་མགྲོན་པོ་རྒྱུ་རིང་ནས་སླེབས་པ།།

དགོས་པ་བརྒྱ་ཡི་སྣ་ཐག་གིས་ཁྲིད་དེ།།

ལེ་དབར་སྟོང་ཕྲག་བཀའ་སྡུག་གིས་བགྲོད་ཚུལ།།

མདོ་མེད་འཁྱམ་པོའི་རུ་ཉུལ་དུ་མ་སྒྲོགས།།

རྟོགས་པའི་གུར་ཁྱིམ་སྟོང་སྟོང་ཞིག་ཡིན་དུས།།

རང་རང་སེམས་ཀྱི་ལྷ་འདྲེ་དེ་མཐོང་དཀའ།།

ཟང་ཟིང་གཏམ་ལ་རྒོལ་ཚོད་རང་མེད་ལ།།

སྙན་སྙན་གཏམ་ལ་ཉན་ཚོད་ཡང་མི་འདུག།

དེ་བས་རང་རང་སེམས་ཀྱི་ཁ་དོག་དེར།།

མུ་ཁྱུད་བཞིན་དུ་དམ་པོར་འཇུས་རང་སྟེ།།

མུ་ནས་མུ་རུ་སེམས་དབྱངས་འདི་གྱེར་བཞིན།།

ཆེ་ཆེ་འཇིག་རྟེན་སྲིད་པའི་བྲང་གཞོང་དུ།།

ཆུང་ཆུང་མི་ངའི་རྐང་ཆུང་གི་རྗེས་ཤིག།

མ་ཞོག་རླུང་ལ་འཐིམ་ན་ཞེ་རེ་སྡུག། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
31s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བདེན་མིག སྤེལ་དུས:2014/9/2
ཡིག་ནོར་མང་གི རྩོམ་སྒྲིག་པས་དག་བཅོས་བྱས་ན་ཡག་ས་རེད། དེ་མིན་ངོ་ཚ་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
42008443
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1