གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པ་ངོ་སྤྲོད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» ཚོགས་པ་ངོ་སྤྲོད། »གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པ་ངོ་སྤྲོད།
གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པ་ངོ་སྤྲོད།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/29ལྟ་ཀློག (6190)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པ་ངོ་སྤྲོད།
༡ ཚོགས་པ་འདི་ནི་སྤྱི་ལོ་ཉིས་སྟོང་གསུམ་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་བཀའ་དྲིན་རྣམས་ཀྱི་མཛུབ་སྟོན་འོག་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་བན་ཤུལ་འཇམ་དབྱངས་ཀྱིས་རྩ་འཛུགས་བྱས་ཤིང་ཉིས་སྟོང་ལྔ་ལོར་ས་གནས་ཡུལ་ཚོ་དང་རྫོང་མི་དམངས་སྲིད་གཞུང་གིས་ཡིད་འཐད་ཆོག་མཆན་ཐོབ་ཡོད་པའི་དམངས་ཁྲོད་ཀྱི་སྒེར་གཉེར་ཚོགས་པ་ཞིག་ཡིན།
ཚོགས་པའི་དམིགས་ཡུལ།
     ཚོགས་པའི་དམིགས་ཡུལ་ནི་འཛམ་གླིང་གི་ཁ་ཕྱོགས་དང་མཐུན་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཕེལ་རྒྱས།   ཡ་རབས་སྤྱོད་བཟང་གི་མི་གཤིས་བཟང་བོ་གསོ་སྐྱོང་།  ཤེས་ལྡན་མི་སྣ་བསྐྱེད་བསྲིངས་བྱ་རྒྱུ་བཅས་ལ་དམིགས་ཏེ་དགེ་རྒན་ལྷག་བསམ་ཅན་དང་།  ཕུལ་བྱུང་སློབ་མ་སོགས་སྤྱི་ཚོགས་སྟེང་མི་བཟང་དོན་བཟང་གི་བྱ་བ་སྒྲུབ་མཁན་དག་ལ་བྱ་དགའ་གནང་སྟེ་འབོད་སྐུལ་ཞུ་རྒྱུ་དེ་ཡིན།
ཚོགས་པའི་ངོ་བོ།
     ཚོགས་པ་འདི་ནི་མི་ཁ་ཤས་ཀྱིས་གང་དྲན་དུ་རྩ་འཛུགས་བྱས་པ་ཞིག་མ་ཡིན་པར་རང་རེའི་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱིས་ལྷག་བསམ་དཀར་ཞིང་མཛད་རྫེས་མཐོ་བའི་མཁས་དབང་དམ་པ་ཨ་ལགས་དོར་ཞི་ཚང་དང་། བོད་ཀྱི་སློབ་གསོ་བ་ཆེན་པོ། གངས་ལྗོངས་ཤེས་རིིག་ནོར་བུའི་སློབ་གླིང་གི་སློབ་གཙོ་དགེ་རྒན་འཇིགས་མེད་རྒྱལ་མཚན་ཚང་དང་། སློབ་དཔོན་ཆེན་མོ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་། ལྡོང་ཡོན་ཏན་རྒྱ་མཚོ་ཚང་།  དགེ་རྒན་གཅོད་པ་ཚེ་རིང་སོགས་དང་།  མདོ་སྨད་ཀླུ་ཚང་དགོན་ཆེན་གྱི་རྙེ་མཆོག་སྤྲུལ་རིན་པོ་ཆེ་དང་ཨ་ལགས་ཀླུ་རྩེ་ཚང་། དགེ་རྒན་དམ་པ་ཨ་ཁུ་རྒྱ་གྲོལ་ཚང་སོགས་རླབས་ཆེན་གྱི་ཤེས་ལྡན་མི་སྣ་ཁག་གི་མཛུབ་སྟོན་དང་རང་སྡེ་བན་ཤུལ་ཚོ་དྲུག་གླིང་གི་དགོན་པའི་བླ་གྲྭ་ཡོངས་དང་སྡེ་བའི་སྡེ་གཙོ་ཐུགས་རྗེ་རྒྱལ་དང་སྡེ་དཔོན་ཨོ་རྒྱལ་སོགས་ཀྱིས་མཛུབ་སྟོན་འོག་རྩ་འཛུགས་བྱས་ཤིང་སྐྱ་སེར་རིས་མེད་ཀྱི་མི་སྣ་དུ་མས་གྲུབ་པའི་ཚོགས་པ་ཞིག་ཡིན།
༤ ཚོགས་པའི་བྱ་འགུལ་ངོ་སྤྲོད།
ཚོགས་པ་འདི་ཉིས་སྟོང་གསུམ་ལོར་རྩ་འཛུགས་བྱས་པ་ནས་ད་ལྟའི་བར་དགོན་སྡེ་དང་སློབ་གྲྭ་ཆུང་འབྲིང་། ཚོགས་པ་དང་མི་སྒེར། གཞི་རིམ་དམངས་ཁྲོད་བཅས་སུ་བྱ་འགུལ་རབ་དང་རིམ་པ་མང་བོ་སྤེལ་ཏེ་སྤྱི་ཚོགས་ཁྲོད་མི་བཟང་དོན་བཟང་གི་བྱ་བ་སྒྲུབ་མཁན་གྱི་ཕུལ་བྱུང་དགེ་རྒན་དང་སློབ་མ། ལས་བྱེད་དང་གྲྭ་བཙུན་སོགས་ལ་བྱ་དགའ་གནང་སྟེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་།
     ད་ལྟའི་བར་མཚོ་ལྷོ་ཁུལ་མངའ་ཁོངས་ཀྱི་བན་ཤུལ་དགོན་གསར་དང་བན་ཤུལ་སྡེ་བ། བན་ཤུལ་སློབ་གྲྭ།  ཁ་རྒྱ་སྡེ་བ་དང་སློབ་གྲྭ། མང་རྫོང་སུམ་མདོ་སློབ་གྲྭ་དང་མགོ་མང་སློབ་གྲྭ།  སྨྲ་ཁམས་དགོན་པ་དང་མང་རྫོང་མི་རིགས་སློབ་འབྲིང་།  མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཐར་ཤུལ་སྡེ་བ་དང་འབའ་རྫོང་ཞོལ་མ་ཡུལ་ཚོ། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རོང་བོ་སྡེ་བ། ཞོན་ཧྭ་རྫོང་བིས་མདོ་བོད་ཡིག་སློབ་འབྲིང་། མཚོ་ཤར་ཁུལ་བ་ཡན་རྫོང་མུན་སེལ་སྣང་བྱིན་སློབ་གྲྭ་སོགས་ས་གནས་མི་འདྲ་བ་དུ་མར་སྔ་ཕྱིར་བྱ་འགུལ་ཐེངས་བརྒྱད་ཅུ་ལྷག་སྤེལ་ཏེ་མི་གྲངས་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་ལྷག་ལ་བྱ་དགའ་གནང་སྟེ་སྐུ་འདེད་བྱས་མྱོང་།
༥ གནང་སྤྱིན་རོགས་སྐྱོར་དང་ཚེ་སྲོག་སྲུང་སྐྱོབ་སྐོར།

      ཉིས་སྟོང་གསུམ་ལོ་ནས་ད་ལྟའི་བར་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། མཚོ་ཤར་ཁུལ་སོགས་སུ་དཀའ་ཁག་ཅན་གྱི་སློབ་ཆེན་སློབ་མ་བདུན་དང་དྭ་ཕྲུག་སློབ་མ་དྲུག   ནད་པ་ཉམ་ཐག་གསུམ། དབུལ་ཕོངས་ཁྱིམ་ཚང་བཅུ་གཉིས་བཅས་ལ་སྔ་ཕྱིར་དམངས་སྒོར་བཞི་ཁྲི་བདུན་བརྒྱ་༤༠༧༠༠ལྷག་གི་རོགས་སྐྱོར་ཞལ་འདེབས་ཕུལ་བ་དང་།
ལོ་རེར་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གྱིས་མཚོན་ཚེ་སྲོག་སྲུང་སྐྱོབ་ཀྱི་བྱ་འགུལ་ཐེངས་བཅུ་གསུམ་ལྷག་སྤེལ་བ་དང་། དམངས་སྒོར་བདུན་ཁྲི་དྲུག་སྟོང་༧༦༠༠༠ལྷག་བཏང་སྟེ།  སྲོག་ཉེན་ལ་ཐུག་པའི་རྟ་ནོར་ལུག་གསུམ་གྱི་རིགས་བདུན་བརྒྱ་ལྷག་དང་། ཆུར་གནས་སྲོག་ཆགས་འབུམ་ཕྲག་ཁ་ཤས་ཚེ་ཐར་དུ་བཏང་མྱོང་བ་ཡིན།
༦ མཇུག་བསྡུ་གསལ་བཤད

     ཚོགས་པ་འདི་འཛུགས་བྱས་པའི་དམིགས་ཡུལ་དང་ད་ལྟའི་ལས་དོན་ཆེ་ཕྲ་གང་ཡིན་ཐམས་ཅད་རང་ཉིད་ཀྱི་ཁེ་ཕན་དང་སྙན་གྲགས་སྐམ་པོ་ཞིག་གི་ཆེད་དུ་རྩ་བ་ཉིད་ནས་མ་ཡིན་པར་མཁས་དབང་དགེ་ཆོས་ལགས་ཀྱིས།

རང་སྡེ་རིགས་ལ་ཞེན་པ་དཀར་བོའི་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།

རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།

རང་གི་ནུས་པས་སྲ྄ིད་ཞུ་ཅུང་ཟད་སྒྲུབ།། 
     ཅེས་གསུངས་པ་ལྟར་རང་རིགས་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུ་ཅུང་ཟད་ཙམ་སྒྲུབ་པའི་ཁུལ་བྱས་པ་ཡིན་ལ།
ཚོགས་པ་འདིའི་ལས་འཛིན་ཚོགས་གཙོ་བན་ཤུལ་འཇམ་དབྱངས་དང་། ཚོགས་གཙོ་གཞོན་པ་རིག་ལྡན་བཀྲ་ཤིས།  དྲུང་ཡིག་པ་ལྷུན་འགྲུབ་རྒྱ་མཚོ་བཅས་ཡིན་ནོ།།


    གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་ཉིས་སྟོང་གསུམ་ལོ་ནས་ད་ལྟའི་བར་བྱ་འགུལ་རབ་དང་རིམ་པ་མང་བོ་སྤེལ་མྱོང་ཡང་རེ་རེ་བཞིན་ངོ་སྤྲོད་ཞིབ་མོ་གནང་མ་ཐུབ་པས་འདིར་ད་ལོའི་བྱ་འགུལ་སྔ་ཕྱི་གཉིས་ཀྱི་དཔེ་མཚོན་འདྲ་པར་དང་བཅས་གསལ་བཤད་ཉུང་ཙམ་ཞུ་རྒྱུ་ཡིན།  
སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ༦ པའི་ཚེས་ ཉིན།
     གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་གཙོ་བསྒྲུབས་བྱས་ཏེ་གནའ་མཁར་ཟི་ལིང་གི་བོད་མི་གནས་སྡོད་པ་ཡོངས་དང་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གཟིགས་མོ་བ་ཡོངས་ལྷན་འཛོམས་ཀྱི་དགྱེས་སྟོན་ཆེན་མོ་བོད་འཚོགས་ཐེངས་ཉེར་བརྒྱད་པའི་གོ་སྐབས་དང་ བསྟུན།    བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་གོང་འཕེལ་དུ་གཏོང་བར་ཆེད་དུ་དམིགས་ཏེ་ཟི་ལིང་ལྷོ་རིའི་སྤྱི་གླིང་དམངས་སྲོལ་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་མེ་ལོང་དུས་དེབ་ནང་བཀོད་ཟིན་པའི་ཚབ་མཚོན་བརྩམས་ཆོས་རི་མོ་སྐོར་ཞིག་འགྲེམ་སྟོན་བྱས།   ལོ་སྔོན་མའི་འགྲེམས་སྟོན་དང་ད་ལོའི་འགྲེམས་སྟེང་བོད་ཀྱི་ལྷ་རིས་པ་གྲགས་ཅན་རྒན་བསྟན་པ་རབ་བསྟན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན།   ཀྲུང་དབྱངས་ནས་ཕེབས་པའི་རིག་རྩལ་དཔྱད་འཇོག་པ་ཝུན་ཕུའུ་ལེན་དང་།  cctvདངོས་བྲིས་འཁྲབ་འཁྲིད་པ་ཝུན་ཕུའུ་ཆིན།  མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགོ་གཙོ་རྡོ་རྗེ་རབ་བརྟན་དང་ཁུལ་དང་རྫོང་སོ་སོའི་འགོ་ཁྲིད་ཁག་ཅིག ཁ་ན་ཏའི་རི་མོ་བ་གྲགས་ཅན་བསྟན་འཛིན་སྒྲོལ་མ།   cctvབརྙན་འཕྲིན་ཁང་གི་ལས་ཞུགས་མི་སྣ་དང་བོད་ལྗོངས་བརྙན་འཕྲིན་ཁང་གི་ལས་ཞུགས་མི་སྣ། མཚོ་སྔོན་བརྙན་འཕྲིན་ཁང་ལས་ཞུགས་མི་སྣ་བཅས་བོད་རིག་པའི་མཁས་པ།  འབུམ་རིམ་པ།  སློབ་གྲྭ་ཆེན་མོ་བ་སོགས་མེ་ལོང་བརྩམས་ཆོས་འགྲེམས་སྟོན་ཁང་དུ་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་བར་མ་ཟད་བོད་རི་མོའི་སྒྱུ་རྩལ་གྱི་རྣམ་པ་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་གནང་བ།

ཟི་ལིང་ལྷོ་རིའི་སྤྱི་གླིང་དམངས་སྲོལ་རིག་གནས་དངོས་མང་བཤམས་སྟོན་ཁང་

    མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགོ་གཙོ་རྡོ་རྗེ་རབ་བརྟན་དང་ཁུལ་དང་རྫོང་སོ་སོའི་འགོ་ཁྲིད་ཁག་ཅིག་གིས་གཟིགས་ཞིབ་བྱས་པ།

     ཟི་ལིང་བོད་ཚོགས་ཐེངས་ཉེར་བརྒྱད་པའི་སྐབས་ཀྱི་རྒྱལ་ཕྱི་ནང་གི་སྐུ་མགྲོན་དང་བོད་རིག་པའི་མཁས་པ།  འབུམ་རིམ་པ།  སློབ་གྲྭ་ཆེན་མོ་བ་སོགས་མེ་ལོང་བརྩམས་ཆོས་འགྲེམས་སྟོན་ཁང་དུ་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་བཞིན་པ།

      བོད་ཀྱི་ལྷ་རིས་པ་གྲགས་ཅན་རྒན་བསྟན་པ་རབ་བསྟན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་ཀྲུང་དབྱངས་ནས་ཕེབས་པའི་རིག་རྩལ་དཔྱད་འཇོག་པ་ཝུན་ཕུའུ་ལེན་དང་།  cctvདངོས་བྲིས་འཁྲབ་འཁྲིད་པ་ཝུན་ཕུའུ་ཆིན་སོགས།

   ༢༠༡༤ལོའི་སྤྱི་ཟླ་དགུ་བའི་ཚེས་༢༤ཉིན། གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་༧ ཀུན་གཟིིགས་པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོའི་ཐུགས་བསྐྱེད་སྨོན་ལམ་ལས་འཁྲུངས་པའི་མདོ་སྨད་ཞོན་ཧྭ་རྫོང་བིས་མདོ་བོད་ཡིག་སློབ་འབྲིང་དུ་༼ ཞོན་ཧྭ་རྫོང་སྐབས་བཞི་བའི་བྱམས་སྐྱོང་རྟགས་ཅན་གྱི་དམའ་འབྲིང་སྐད་ཡིག་རྨང་གཞིའི་ཤེས་བྱ་དང་མཐོ་འབྲིང་སྐད་ཡིག་རྩོམ་ཡིག་འགྲན་ཚོགས་ཀྱི་བྱ་དགའི་མཛད་སྒོ་ ༽དངོས་སུ་སྤེལ་བར་མ་ཟད། ཚོགས་ཐོག་ཏུ་པད་དཀར་བྱ་དགའ་ཚོགས་པས་སྔོན་ཐོན་མི་སྣར་པདྨ་དཀར་བོའི་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒན་ལྕགས་བྷེ་ལགས་ཀྱིས་མི་རིགས་རང་གི་སྐད་ཡིག་གི་དགེ་མཚན་དང་དེ་རྒྱུན་འཛིན་སྐོར་གྱི་གཏམ་བཤད་གལ་ཆེན་གནང་བ་དང་། དཀྱིལ་འཁོར་བྱམས་སྐྱོང་སློབ་གྲྭའི་སློབ་གཙོ་ཐུབ་བསྟན་དངོས་གྲུབ་གྱིས་བྱ་དགའ་གནང་ཡུལ་གྱིས་མུ་མཐུད་སློབ་གསོའི་ཐད་ནུས་པ་གལ་ཆེན་འཇོག་དགོས་པ་དང་སློབ་སྦྱོང་ལ་ཧུར་བརྩོན་བྱ་དགོས་པའི་རེ་འདུན་གཏམ་བཤད་ཀྱང་གནང་བ་ཡིན་ནོ།།

གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པའི་ལས་འཛིན་ཚོགས་གཙོ་བན་ཤུལ་འཇམ་དབྱངས་ཀྱིས་མདོ་འཛིན་བྱེད་བཞིན་པ།

     ཞོན་ཧྭ་རྫོང་སྐབས་བཞི་བའི་བྱམས་སྐྱོང་རྟགས་ཅན་གྱི་དམའ་འབྲིང་སྐད་ཡིག་རྨང་གཞིའི་ཤེས་བྱ་དང་མཐོ་འབྲིང་སྐད་ཡིག་རྩོམ་ཡིག་འགྲན་ཚོགས་ཀྱི་བྱ་དགའི་ཁྲོད་བདམས་ཐོན་བྱུང་བའི་སྔོན་ཐོན་དགེ་རྒན་དང་ལས་བཟོ་བ་ཁག་ཅིག

    ཞོན་ཧྭ་རྫོང་སྐབས་བཞི་བའི་བྱམས་སྐྱོང་རྟགས་ཅན་གྱི་དམའ་འབྲིང་སྐད་ཡིག་རྨང་གཞིའི་ཤེས་བྱ་དང་མཐོ་འབྲིང་སྐད་ཡིག་རྩོམ་ཡིག་འགྲན་ཚོགས་ཀྱི་བྱ་དགའི་ཁྲོད་བདམས་ཐོན་བྱུང་བའི་སྔོན་ཐོན་སློབ་མ་ཁག་ཅིག

    དཀྱིལ་འཁོར་བྱམས་སྐྱོང་སློབ་གྲྭའི་སློབ་གཙོ་ཐུབ་བསྟན་དངོས་གྲུབ་ཀྱིས་བྱ་དགའ་གནང་ཡུལ་གྱིས་མུ་མཐུད་སློབ་གསོའི་ཐད་ནུས་པ་གལ་ཆེན་འཇོག་དགོས་པ་དང་སློབ་སྦྱོང་ལ་ཧུར་བརྩོན་བྱ་དགོས་པའི་རེ་འདུན་གཏམ་བཤད་གནང་བཞིན་པ།

      ཞོན་ཧྭ་རྫོང་སྐབས་བཞི་བའི་བྱམས་སྐྱོང་རྟགས་ཅན་གྱི་དམའ་འབྲིང་སྐད་ཡིག་རྨང་གཞིའི་ཤེས་བྱ་དང་མཐོ་འབྲིང་སྐད་ཡིག་རྩོམ་ཡིག་འགྲན་ཚོགས་ཀྱི་བྱ་དགའི་མཛད་སྒོའི་རྣམ་པ།

    ཞོན་ཧྭ་རྫོང་སྐབས་བཞི་བའི་བྱམས་སྐྱོང་རྟགས་ཅན་གྱི་དམའ་འབྲིང་སྐད་ཡིག་རྨང་གཞིའི་ཤེས་བྱ་དང་མཐོ་འབྲིང་སྐད་ཡིག་རྩོམ་ཡིག་འགྲན་ཚོགས་ཀྱི་བྱ་དགའི་མཛད་སྒོ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་མཇུག་བསྡུས


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/17
རྗེས་སུ་ཡི་རང་ངོ་།།
 སྤེལ་མཁན:  སྤེལ་དུས:2014/10/3
ད་ལྟ་ང་ཚོ་ལ་དགོས་པ་ནི་གཅིག་གྱུར་གྱི་སྟོབས་ཤུགས་དང་མཐུན་སྒྲིལ་གྱི་དཔུང་བརྡང་། ལྷག་བསམ་དང་སྙིང་སྟོབས། བྱམས་རྩེ་དང་རོགས་རམ། ཡིད་ཆེས་དང་རྒྱུན་འཁྱོངས་བཅས་ཡོད་ན་མ་འོང་བའི་རྒྱལ་ཁ་ཡིན་པ་བཤད་ག་ལ་དགོས། ངོ་མའི་བྱ་གཞག་ཡག་པོ་འདུག ངོ་སོ་བསྟོད་རྒྱུན་འཁྱོངས་བྱོས། ཁྱེད་ཅག་གི་བྱ་བ་ལམ་འགྲོ་ཡོང་བར་བསླུ་མེད་རིན་ཆེན་གསུམ་ལ་སྐྱབས་འཇུག་ནན་མོ་ཞུ་ངེས།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14598184
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号