༼ ག ༽
གངས་སེང་དཀར་མོའི་གཡུ་རལ།
བཙུགས་ནི་མ་རེད་སྐྱེས་ནི་རེད།
གངས་རི་གཅིག་གཉིས་གསུམ།
སེམས་ཤུགས་ཡོད་ན་རི་མགོར་སླེབས།
གུར་དཀར་པོ་ལ་དུ་བ་གཏོང་མི་ཕོད་དེ།
དོ་གལ་ན་མི་གཏོང་ཀ་མེད་ཡིན།
གོ་གོ་བའི་རྣ་རྩ།
རིག་རིག་གི་མིག་རྩ།
གོ་བའི་བུ་ལ་ཚིག་གསུམ་ཆོག
མགྱོགས་པའི་རྟ་ལ་ལྕག་གསུམ་ཆོག
གོམ་པ་མ་སྤོས་གླིང་བཞི་སྐོར་མི་ཐུབ།
ཆུ་ཐིགས་མ་བསགས་རྒྱ་མཚོ་ཆགས་མི་སྲིད།
གོམ་གསུམ་འགྲོ་དབང་མེད་ཀྱང་།
ཚིག་གསུམ་བཤད་དབང་ལོས་ཡོད།
གོམ་གསུམ་སོང་ན་དོན་གསུམ་འགྲུབ།
ཙོག་གིས་བསྡད་ན་མུག་གིས་ཤི
གོས་ཁ་གང་ཡོད་ན་མཉམ་གོན།
ཟས་ཁམ་གང་ཡོད་ན་མཉམ་ཟ།
གོས་ཆེན་རྙིང་ཡང་རི་མོ་མི་ཡལ།
དཔའ་བོ་ཤི་ཡང་སྙན་གྲགས་མི་ཉམས།
གོས་བཏང་ནས་ཡོད་ན་མི་གྲང་གི
ཟ་སྣོམ་ནས་ཡོད་ན་མི་ལྟོགས་ཀི
གོས་ལུས་དང་བསྟུན།
གཏམ་གྲོགས་དང་བསྟུན།
གྱང་མགོའི་རྩྭ་འདྲ་འདྲ་མིན་ནོ།
གྱང་འགྱེལ་བ་ཡོག་ཤིང་གིས་མི་བཏེག
གྱོད་ཁ་མཆུ་གཏམ་གྱིས་འདུམ།
གོས་རལ་བ་སྐུད་པས་བཙེམ།
གྲི་རིང་མིན་ཐུང་མིན་བང་བཀང་།
དགྲ་ཁང་འོག་འོང་ནས་སྐྱོགས་གཡུག།
གྲི་བརྒྱབ་པས་མི་ཚད་ཡུ་བ་འགུལ་འགུལ།
འབྲོང་བསད་པས་མི་ཚད་རྔ་མ་འཕྱར་འཕྱར།
གྲི་ལ་རྣོ་མེད་པར་ལྟག་པ་ངོམས་པར་ཡོང་།
ཡང་ན། གྲི་ལ་རྣོ་མེད་གྲི་ལྟག་ངོམས།
གྲི་ཤུབས་མཛེས་ཀྱང་ཤ་མི་ཆོད།
ཡང་ན། གྲི་ཤུབས་ཀྱིས་ཤ་མི་ཆོད།
གྲིས་མ་ཆོད་པ་མི་བཤད་པར།
ཤ་མ་འཚོས་པས་ལན་ནོ་ཟེར།
གྲོ་མ་གཏིང་ལ་མེད་ན།
གྲོ་ལོ་ཁ་ལ་མི་ཐོན།
གྲོག་མ་རྟ་ཐོག་ནས་མི་མངོན།
གྲོགས་བརྒྱ་ཡོད་ནའང་ཉུང་ཚད་ཡིན།
དགྲ་གཅིག་ཡོད་ནའང་མང་ཚད་ཡིན།
གྲོགས་ངན་པ་དུག་གི་སྡོང་བོ་རེད།
གྲོགས་བཟང་བོ་སྨན་གྱི་ལྗོན་ཤིང་རེད།
གྲོགས་པོར་ཉེ་འདོད་ན།
སྐྱོན་ལ་མཛུབ་མོ་ཚུགས།
གྲོགས་པོ་མང་ན་རྩྭ་ཐང་བཞིན་དུ་བསམ་རྒྱ་ཆེ།
གྲོགས་པོ་ཉུང་ན་ལག་མཐིལ་བཞིན་དུ་སེམས་གུ་དོག
གྲོགས་པོས་གྲོགས་པོ་སླུ་དུས།
བགད་བཞིན་བགད་བཞིན་སླུ་བ་ཡིན།
ཁྲམ་པས་ཁྲམ་པ་སླུ་དུས།
ངུ་བཞིན་ངུ་བཞིན་སླུ་བ་ཡིན།
གྲོང་བའི་བ་ཤི་ནའང་མྱ་ངན་ཞག་གསུམ།
གྲོས་དང་བློ་ཁ་སྤྱི་ཚོགས་གསུམ།
གཙོ་བོ་རྣམས་ལ་དགོས་པ་ཡིན།
གྲོས་མགོ་ཆུ་ཆེན་འབབ་འབབ་གྱིས།
གྲོག་ཐག་སྟར་ཁ་གཅོག་གཅོག་གྱིས།
གྲོས་གཞུག་གྲུ་གུ་སྒྲིལ་སྒྲིལ་གྱིས།
གྲོས་མི་ལ་དྲིས།
ཐག་རིང་གིས་གཅོད།
གློ་བའི་སྨན་ལ་མི་ཕན།
མཆིན་པའི་དུག་ལ་ཕྱིན་སོང་།
དགའ་བའི་རྗེས་སུ་སྡུག་གཅིག་ཡོད།
དགེ་རྒན་མེད་པའི་སློབ་ཕྲུག་ལ་རིག་གནས་ཡོད་པ་ངས་མི་ཤེས།
ཕ་མ་མེད་པའི་ཕྲུ་གུར་སྐྱིད་པོ་ཡོད་པ་ངས་མི་ཤེས།
དགུང་ཨ་སྔོན་ཡངས་རུང་འཕུར་ས་མེད།
ས་དོག་མོ་ཆེ་རུང་འགྲོ་ས་མེད།
དགོ་བ་འགྲོ་ས་སྤང་རེད།
ངང་དཀར་འགྲོ་ས་མཚོ་རེད།
དགོས་མེད་ཀླན་ཀ་བྱེད་པ་ཕུང་ཀྲོལ་རྒྱུ།
དགྲ་འཁྲུག་པ་ལྷ་ཡི་ཡུལ་ནའང་ཡོད།
འགྲིག་འདུམ་པ་སྲིན་པོའི་ཡུལ་ནའང་ཡོད།
དགྲ་སྟག་ལྤགས་གཉིས་པོ་མགོ་ནས་མཉེས།
དགྲ་དང་གྲོགས་པོ་གང་ཐུག་མི་ཤེས།
གྲི་དང་ཕོར་བ་བཅོམ་ནས་ཁྱེར་འགྲོ།
དགྲ་བོ་བསད་ན་དྲག་ཆས་དགོས།
རྐུན་མ་འཛིན་ན་ཐབས་བཀོད་དགོས།
དགྲ་བྱུང་ན་གྲི་གུ་མཉམ་བཏོན།
གྲོགས་བྱུང་ན་ཕོར་བ་མཉམ་བཏོན།
དགྲ་མ་ཡོང་དུ་དོགས།
ཆུ་མ་ཤོར་གོང་དུ་རགས།
དགྲ་མེ་སྟག་གཉིས་དེ་ཆུང་ནས་གསོད།
དགྲ་ཡ་ཆུང་ཡང་སེམས་མ་ལྷོད།
དགྲ་ཆ་བཙན་ཡང་སྐྲག་མི་དགོས།
དགྲ་ལེན་པོ་མེད་ན་ཝ་མོ་ཡིན།
གཏམ་ལེན་པོ་མེད་ན་ལྐུགས་པ་ཡིན།
མགར་བས་མར་བརྩིས་བརྫིས་ལས་སླ་མཐོང་།
རྫི་བས་ལྕགས་བཟོ་ལས་སླ་མཐོང་།
ལས་མ་ཤེས་གཉིས་ཀ་དཀའ་མོ་ཡིན།
མགོ་བཀྲུས་ན་མཇིང་བ་དག་པ་བྱེད་དགོས།
མགོ་མགོ་ཞེང་ཆེ་ལ་ཀླད་པ་མེད།
བྲང་བྲང་ཞེང་ཆེ་ལ་སྙིང་སྟོབས་མེད།
མགོ་སྤུ་བྱ་སྒྲོ་ཐོགས་ཐོགས།
ལུས་པོ་འཁར་རྔ་རྡུང་རྡུང་།
མགོ་སྤུ་མེད་ལ་རལ་པའི་ཁྲལ།
མགོ་མ་འཚོས་པར་ཀླད་པའི་བལྡགས།
མགོ་རྨོག་གིས་བརྡུངས།
ལྷ་དཀོན་གཉེར་གྱིས་བརྡུངས།
མགོ་ལ་འཇུས་ན་སྐྲ་ལོ་སྦར་ར་གང་།
རྐུབ་ནས་འཇུས་ན་ལྷན་པ་སྦར་ར་གང་།
མགོ་ལ་དཔག་པའི་ཞྭ་མོ་དང་རྐང་ལ་དཔའ་པའི་ལྷམ།
མགོ་ལ་མེ་ཤོར་ནའང་འཕུར་ལོང་མི་འདུག
མགྱོགས་མགྱོགས་བྱས་ཀྱང་འགོར་འགོར།
མགྱོགས་པོ་དགོས་ན་དལ་དུ་བཅུག
འགྱེལ་བའི་སྟེང་ལ་རྡོག་བརྫིས།
མུ་གེའི་སྟེང་ལ་ཟླ་ལྷག
འགྲངས་ན་ལྟོགས་དུས་སྡུག་མ་བརྗེད།
དྲོད་ན་གྲང་དུས་སྡུག་མ་བརྗེད།
འགྲིགས་པའི་ཚ་ལ་མ་གཏོགས།
མི་འགྲིགས་པའི་དཀྲུགས་ཤིང་མ་བྱེད།
འགྲོ་མ་ཤེས་རྐང་མགོ་རྡོ་ཡིས་བརྡུབས།
བཤད་མ་ཤེས་རྒྱ་གྲོང་མི་ཡིས་བརྙས།
འགྲོ་འདོད་ན་རྟ་ཆས་ཀྱིས་གསོས།
མཁས་འདོད་ན་རིག་པའི་གནས་ལ་སྦྱོངས།
འགྲོ་ཝ་མོ་ལས་མཁས་ཀྱང་མཇུག་མ་རིང་སྐྱོན་དང་།
སྡོད་རི་བོང་ལས་བཙོག་ཀྱང་རྣམ་བ་རིང་སྐྱོན།
འགྲོ་ལ་མ་འགྲོའི་རྟ་ཕོ་ལས།
བློ་ཐག་ཆོད་པའི་རྐང་ཐང་སྐྱིད།
རྒས་མི་བདེན་ཐོད་པའི་གཉེར་མར་ལྟོས།
ངུ་མི་བདེན་ངོ་ཡི་མིག་ཆུར་ལྟོས།
རྒོད་པོ་མཁའ་ལ་འཕུར་ཡང་།
གྲིབ་མ་ས་ལ་ཕོག་ཡོད།
རྒོད་པོ་བཙན་རུང་ས་ནག་སྟེང་ན་ཡོད།
རི་རབ་མཐོ་རུང་ཉི་ཟླའི་འོག་ལ་ཡོད།
རྒྱ་མཚོ་བཏུང་ནས་མི་ངོམས།
རི་བོ་ཟོས་ནས་མི་འགྲངས།
རྒྱ་མཚོ་འགྲམ་དུ་བཞག
ཀོ་སྐམ་མཆིལ་མས་སྦང་།
རྒྱ་མཚོ་ཆུ་ཡུར་ཆགས་ཀྱི་མ་རེད།
རྒྱ་མཚོར་མེ་འབར་ན་གསོད་པའི་ཆུ་མི་རག
རྡོ་ལ་སྤུ་སྐྱེས་ན་བཞར་བའི་གྲི་མི་རག
རྒྱ་མཚོའི་གླིང་དུ་མ་ཕྱིན་ན།
ཡིད་བཞིན་ནོར་བུ་ག་ལ་རྙེད།
རྒྱབ་ཏུ་རི་འགུལ་བ་མ་ཤེས།
མདུན་དུ་སྤུ་འགུལ་བ་མ་མཐོང་།
རྒྱབ་པའི་ཁ་ལ་མ་ཕོག
མ་རྒྱབ་སྣ་ལ་ཕོག་སོང་།
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་།
ཆོས་ཁྲིམས་དར་གྱི་མདུད་པ།
རྒྱུ་སྐར་ཕྲ་མོ་མ་རྫོགས་པར།
མཐོ་རེངས་སྐར་ཆེན་ཤར་ཐབས་མེད།
རྒྱུ་མ་ཆད་ནས་གསོན་རེ།
རྒྱུ་མེད་མི་ཡི་བསམ་རྒྱ་ཆེ།
སྤྲིན་མེད་གནམ་གྱི་ཁ་རྒྱ་ཆེ།
རྒྱུ་ཡོད་ན་བུ་མོ་སྤུན་ཉེ་རེད།
རྒྱུ་མེད་ན་བུ་མོ་དཔོག་གཡོག་རེད།
རྒྱུ་ཡོད་ན་ཨ་ཁུའི་ཚ་བོ་རེད།
རྒྱུ་མེད་ན་ཨ་ཁུའི་གཡོག་པོ་རེད།
རྒྱུ་ཡོད་ན་ཨ་རྒྱ་རྒད་པོ་རེད།
རྒྱུ་མེད་ན་རྒད་པོ་སྨྱོན་པ་རེད།
རྒྱུས་མེད་ཀྱིས་རྒྱུས་གཏམ་བཤད་ན།
རྒྱུས་ཡོད་གད་པོ་རེད།
རྒྱུས་མེད་ལམ་ལ་མི་འགྲོ།
སྒལ་པས་འདྲོངས་ཀྱང་རྩིབ་མས་མ་འདྲོངས།
སྒོ་ངའི་ནང་གི་སེར་ཐིག་ཡིན།
མིག་གི་ནང་གི་འབྲས་བུ་ཡིན།
ཁོག་པའི་ནང་གི་སྙིང་ཐིག་ཡིན།
སྒོག་པ་ལྐོག་ཏུ་བཟས་ཀྱང་།
སྒོ་དྲི་ངོ་ལ་ཁ་བྱུང་།
བརྒྱ་ཁ་གཅིག་གཅོད་བྱེད་མི་ཉན།
བརྒྱ་བལྟས་ཀུན་གསལ།
བརྒྱ་ཐམ་པའི་ཁ་ཁེབས་ཀྱང་།
སྟོང་ཐམ་པའི་མིག་མི་ཁེབས།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྡུད་སྒྲིག་མཁན། སྐལ་བཟང་དོན་འགྲུབ།
|