༅༅ཡར་ཀླུང་གི་ཤེས་རིག་སྐྱེས་ཚལ་ལྡུམ་རྭར་འཚར་ལོངས་བྱུང་བའི་མཁན་པོ་(པདྨ་ཚེ་རིང་)ལགས་ནས་དུས་རབས་ཉེར་གཅིག་པའི་འགྲོ་བ་སེམས་ཅན་ཡོངས་ཀྱི་འཚོ་ལམ་ལ་ཐུགས་ཁུར་ཟབ་བཞེས་མཛད་དེ། བྱམས་པ་དང་སྙིང་རྗེའི་ལྟ་སྤྱོད་ལས་བྱུང་བའི་ཞི་བདེ། ཞེས་བརྗོད་བྱའི་ནང་དོན་རྒྱ་ཆེ་ལ། རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ། འགྲོ་བ་མིའི་སེམས་ཁམས་དང་ཐད་ཀར་འབྲེལ་བ་ཟབ་པ། དེང་རབས་ཕུལ་བྱུང་རྩོམ་ལུགས་ཀྱི་རྣམ་པའི་ཐོག་ནས། རྩོམ་པ་པོ་ཁོང་གི་ལྷད་མེད་ཀྱི་ལྷག་བསམ་དང་། ཟོལ་མེད་ཀྱི་སྙིང་གཏམ། དྲང་བདེན་དང་འཚེ་མེད་ཞི་བདེ་ཡི་ལྟ་བ།ད་དུང་། སའི་གོ་ལའི་རང་བྱུངགི་ཁོར་ཡུག་དང་། ཉམས་ཐག་དུད་འགྲོའི་ཚེ་སྲོག་སྲུང་སྐྱོབ་སོགས་བརྗོད་བྱར་བྱས་ཏེ་ལེའུ་སུམ་ཅུ་ལྷག་ཙམ་ཡོད་པའི་རྩོམ་ཡིག་འདི་སྤེལ་འདུག ན་གཞོན་རྩོམ་པ་པོ་ཁོང་གི་རྨད་དུ་བྱུང་བའི་རྣམ་དཔྱོད་ལས་འཁྲུངས་པའི་རྩོམ་རིག་གི་སྒྱུ་རྩལ་འདིས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཡིད་དབང་འཕྲོག་ཐུབ་པའི་ཡིད་ཆེས་དང་། རྩོམ་པ་པོའི་ཁྱད་དུ་འཕགས་པའི་རྩོམ་རྩལ་དང་། རྣམ་དཔྱོད་ལ་རྗེས་སུ་ཡིད་རངས་ཞུ་བཞིན་ཡོད།
མཁན་པོ་ལུང་རྟོགས་ཉི་མས་ཟི་ལིང་ནས།
|